གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དིང་རི་རྫོང་གི་ས་ཡོམ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
日喀则市召开定日县地震新闻发布会
སྤྱི་ཚེས་༩ཉིན་གྱི་ཕྱི་དྲོ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དིང་རི་རྫོང་གི་ས་ཡོམ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཐིང་གི་འགན་འཁུར་བས་ཡོམ་འགོག་གེགས་སེལ་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་རེད། སྤྱི་ཚེས་༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༦པའི་བར། ས་ཡོམ་ཁྲོད་ཁྱོན་མི་༡༢༦རྐྱེན་ལམ་དུ་ཤོར་ཡོད་པ་དང་། སྡོད་ཁང་༢༧༢༤༨ལ་གཏོར་སྐྱོན་ཕོག་ཡོད་པའི་ནང་། དུད་ཚང་༣༦༡༢ཀྱི་ཁང་པ་ལོག་ནས་མང་ཚོགས་ཁྲི་༦.༡༥ལྷག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་རེད། ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོམ་འགོག་གེགས་སེལ་ལས་དོན་ཐད་གནང་བའི་བཀའ་བཀོད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། འཕྲལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ད་ལྟ་རེས་འཁོར་དང་པོའི་ཕྱོགས་ཡོངས་ནས་འཚོལ་སྐྱོབ་བྱེད་པའི་ལས་དོན་མཇུག་བསྒྲིལ་བ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་བཀོད་སྒྲིག་ཁུལ་༢༢༤བཙུགས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཚོར་གྱོན་གོས་དྲོན་པོ་གོན་རྒྱུ་ཡོད་པ་དང་། ཁ་ལག་ཚ་པོ་བཟའ་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། ཚ་སོབ་སོབ་ཀྱི་སྡོད་ས་ཡོད་པ་བཅས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་འདི་བསྐྱལ་ཐུབ་པར་བྱས་ཡོད།
ཚོགས་འདུའི་ཐོག གཞིས་ཀ་རྩེ་གྲོང་ཁྱེར་དང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
9日下午,日喀则市召开定日县地震新闻发布会,自治区应急管理厅负责人通报抗震救灾最新情况。截至9号上午6点,地震已造成126人遇难,27248户房屋受损,其中倒塌房屋3612户,约6.15万名群众不同程度受灾。地震发生以来,自治区党委政府坚决贯彻落实习近平总书记对抗震救灾工作的重要指示精神,迅速对抗震救灾工作作出全面部署,目前第一轮全范围搜救工作已告一段落,同时采取有力措施,设置224个安置点,确保受灾群众有棉衣穿、有热饭吃、有干净水喝、有温暖的住所,确保受灾群众能够安全温暖过冬。
会上,日喀则市、自治区住建厅、区卫健委、国网西藏电力有限公司相关负责人就有关情况回答了记者提问。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴
来源 | 西藏卫视+
译文 | 阳光西藏