ཁ་པར་དང་ངོས་ལེབ་གློག་ཀླད་སོགས་ཉོ་བར་ཁ་གསབ་སྤྲད་རྒྱུ་རེད།

时事   2025-01-04 17:31   西藏  

  ཟླ་༡པོའི་ཚེས་༣ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་བྱུང་བའི་གྲུབ་འབྲས་ཞེས་པའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ༢༠༢༥ལོར་གསར་པ་གཉིས་ཀྱི་སྲིད་ཇུས་རྒྱ་བསྐྱེད་ནས་ལག་བསྟར་བྱེད་པར་ཤུགས་སྣོན་བྱ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་གལ་ཆེན་གཉིས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

 འབྲེལ་ཡོད་འགན་འཁུར་མི་སྣས་༢༠༢༥ལོར་སྔར་ལས་ལྷག་པའི་སྒོ་ནས་གལ་ཆེན་གཉིས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཏེ།

༡  ཆུ་བེད་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་དེ་རྒྱལ་ཡོངས་ཀྱི་ཞིང་ཆུ་གཏོང་ཡུལ་ཆེ་འབྲིང་རིགས་དང་། ཆུ་འདྲེན་ལས་གྲྭ་ཆེ་འབྲིང་རིགས་བར་རྒྱ་བསྐྱེད་རྒྱུ།

༢ གཙོ་གནད་གྲོང་ཁྱེར་ཚོགས་སྤྱིའི་གྲོང་ཁྱེར་དང་གྲོང་ཁྱེར་བར་གྱི་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་དེ་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇུག་རྒྱུ།

༣ རྒྱལ་ཡོངས་ཁྱབ་ཁོངས་སུ་སྤྱི་ཚོགས་ཧྲིལ་པོའི་ཟོང་སྐྱེལ་མ་རྩ་ནུས་ལྡན་གྱིས་དམའ་རུ་གཏོང་བའི་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་རྒྱུ་བཅས་རེད།


1月3日上午,国务院新闻办公室举行“中国经济高质量发展成效”系列新闻发布会,国家发展改革委有关负责人表示,2025年,要加力扩围实施“两新”政策,更大力度支持“两重”项目。

有关负责人表示,2025年,将更大力度支持“两重”项目——

  • 要将水利支持范围拓展至全国大中型灌区、大中型引调水工程;
  • 将重点都市圈城际铁路建设等项目纳入支持范围;
  • 在全国范围全面实施有效降低全社会物流成本行动。

 ན་ནིང་སྔོན་ལ་གཤམ་དུ་སྤྲད་པའི་ད་ལོའི་ཧ་ལམ་སྒོར་དུང་ཕྱུར་༡༠༠༠གི་རྣམ་གྲངས་གསལ་ཐོའི་རྨང་གཞིའི་སྟེང་། ཉེ་དུས་ཡང་བསྐྱར་རྣམ་གྲངས་གསལ་ཐོ་ཁག་ཅིག་གཤམ་དུ་སྤྲད་ནས། དངོས་གཟུགས་ལས་ཀའི་འབོར་ཚད་མགྱོགས་མྱུར་འགྲུབ་པར་སྐུལ་འདེད་གཏང་རྒྱུ་རེད།

གཞན་ད་དུང་གསར་བ་གཉིས་ཀྱི་སྲིད་ཇུས་རྒྱ་བསྐྱེད་ནས་ལག་བསྟར་བྱེད་པར་ཤུགས་སྣོན་བྱ་རྒྱུ་ཡིན་ཏེ།

གཅིག་ནི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ། 

སྒྲིག་ཆས་གསར་བརྗེར་རྒྱབ་སྐྱོར་གཏོང་བའི་ཁྱབ་ཁོངས་དེ་གློག་རྡུལ་ཆ་འཕྲིན་དང་བདེ་འཇགས་ཐོན་སྐྱེད། སྒྲིག་བཀོད་ཞིང་ལས་སོགས་ཀྱི་ཁྱབ་ཁོངས་བར་རྒྱ་བསྐྱེད་རྒྱུ་ཡིན་ལ། ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་བའི་ཁ་གསབ་ལག་བསྟར་བྱས་ནས། འཛད་སྤྱོད་པ་མི་སྒེར་གྱིས་ཁ་པར་དང་ངོས་ལེབ་གློག་ཀླད། རིག་ནུས་ལག་གདུབ་ཆུ་ཚོད་སོགས་རིགས་གསུམ་པོ་དེའི་གྲངས་འཛིན་ཐོན་རྫས་ཉོ་སྐབས་ཁ་གསབ་སྤྲད་རྒྱུ་རེད།

གཉིས་ནི་ཚད་གཞི་མཐོ་རུ་གཏང་རྒྱུ། 

ནུས་ཁུངས་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་སྒུལ་ཤུགས་གློག་རྫས་ཀྱི་གསར་བརྗེ་དང་། ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་བཞག་གི་གསར་བརྗེའི་ཁ་གསབ་སྤྲོད་པའི་ཚད་གཞི་སྔར་ལས་མཐོ་རུ་གཏང་རྒྱུ་དང་། ཁྱིམ་ཆས་སྒྲིག་བཟོའི་འཛད་སྤྱོད་ཐོན་རྫས་ཀྱི་གསར་བརྗེར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད།


在去年提前下达今年约1000亿元项目清单的基础上,近期将再下达一批项目清单,推动尽快形成实物工作量。此外,要加力扩围实施“两新”政策。


一是扩大范围。

将设备更新支持范围扩大至电子信息、安全生产、设施农业等领域。实施手机等数码产品购新补贴,对个人消费者购买手机、平板、智能手表手环等3类数码产品给予补贴。


二是提升标准。

进一步提高新能源城市公交车及动力电池更新、农机报废更新补贴标准。加大家装消费品换新支持力度。





ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་།


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 央视新闻

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章