དིང་རིའི་ས་ཡོམ་གྱི་རོགས་སྐྱོབ་ལས་དོན་སྤེལ་ཚུལ་ཐད་ཀྱི་བརྡ་ཁྱབ།

时事   2025-01-07 18:15   西藏  


ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། སྤྱི་ཟླ་༡ཚེས་༧ཉིན་གྱི་ཆུ་ཚོད་༩དང་སྐར་མ་༥ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་ཉེ་འཁོར་དུ་༼ བྱང་གི་འཕྲེད་ཐིག་ཏུའུ་༢༨.༥༠དང་། ཤར་གྱི་གཞུང་ཐིག་ཏུའུ་༨༧.༤༥ ༽ས་ཡོམ་རིམ་པ་༦.༨བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་༡༠ཟིན་ཡོད།


据中国地震台网正式测定,2025年1月7日09时05分,在西藏日喀则市定日县措果乡附近(东经87.45度,北纬28.50度)发生6.8级地震,震源深度10千米。

ཕྱི་དྲོའི་ཆུ་ཚོད་༤པར། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་དིང་རི་རྫོང་གི་༡.༠༧གྱི་ས་ཡོམ་གྱི་རོགས་སྐྱོབ་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ས་ཡོམ་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཕྱི་དྲོའི་ཆུ་ཚོད་༣པའི་བར། ས་ཡོམ་ཁྲོད་ཁྱོན་མི་༩༥རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་༡༣༠ལ་རྨས་སྐྱོན་ཕོག་ཡོད་པ་རེད། སྡོད་ཁང་ལ་གཏོར་སྐྱོན་ཕོག་པའི་གྲངས་གཞི་བསྡོམས་རྩིས་བྱེད་བཞིན་ཡོད། དིང་རི་རྫོང་རོང་ཤར་ཤང་གི་གློག་ཆད་ཡོད་པར་མ་ཟད། མཚོ་ལ་རི་བོ་དང་རྒྱ་མཚོ་ལ་རི་བོར་ས་རྡིབ་བྱུང་ཡོད་པ་དང་། མྱུར་སྐྱོབ་རླངས་འཁོར་འགྲོ་འོང་ཐུབ་ཀྱི་ཡོད།


下午16时,日喀则市人民政府新闻办公室召开定日县“1·07”地震受灾救援工作新闻发布会,通报震情。截至15时,地震共造成95人遇难,130人受伤,房屋损毁正在统计中。定日县绒辖乡电力中断,措拉山口和加措拉山口出现塌方,救援车辆能够通行。


ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་བཀའ་བཀོད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་མཆན་འགོད་གནང་བ་རེད། ལྗོངས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་འཕྲལ་དུ་བྱ་སྤྱོད་སྤེལ་ཡོད་ལ། རང་སྐྱོང་ལྗོངས་ཀྱིས་འཕྲལ་དུ་གནོད་འགོག་གེགས་སེལ་གྱི་རིམ་པ་གཉིས་པའི་བྱ་ཐབས་སྤེལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དུས་ཚོད་ཨང་དང་པོར་གནོད་འཚེ་ཕོག་ཁུལ་དུ་གནོད་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།


地震发生后,中共中央总书记、国家主席、中央军委主席习近平高度重视并作出重要批示,中共中央政治局常委、国务院总理李强做出批示,区、市、县三级党委、政府高度重视、迅速行动,自治区立即启动抗震救灾二级响应,自治区党委书记王君正第一时间赶赴灾区,指挥抗震救灾工作。


གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀྱང་འཕྲལ་དུ་གནོད་འགོག་གེགས་སེལ་གྱི་རིམ་པ་དང་པོའི་བྱ་ཐབས་སྤེལ་ཏེ། དུས་ཚོད་ཨང་དང་པོར་མྱུར་སྐྱོབ་དང་། དངོས་ཟོག་འགན་སྲུང་། སྒྲིག་ཆས་མྱུར་བཟོ་སོགས་ལས་དོན་ཚོ་ཆུང་བཙུགས་པ་དང་། འབྲེལ་ཡོད་ཚན་པ་དང་རོགས་སྐྱོབ་སྟོབས་ཤུགས་གཅིག་མཇུག་གཉིས་མཐུད་ངང་ས་ཡོམ་རྒྱག་ཁུལ་དུ་འབྱོར་ནས། གནོད་འཚེའི་གནས་ཚུལ་ལེབ་བཤེར་དང་། མི་སྣ་འཚོལ་སྐྱོབ། དངོས་ཟོག་གྲབས་གསོག་དང་བཀོད་གཏོང་སོགས་ཀྱི་ལས་དོན་དང་། ཞོར་ཐོན་གནོད་འཚེ་ཐོན་རྒྱུར་སྔོན་འགོག་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་ཁག་སྤེལ་བཞིན་ཡོད་ལ། ནགས་ཚལ་མེ་ཟོན་དང་། དྲག་ཆས་ཉེན་རྟོག སྤྱི་བདེ། དམག་དཔུང་སོགས་ཕྱོགས་ཁག་གི་མི་༣༤༠༠ལྷག་དང་། རླངས་འཁོར་སོགས་རོགས་སྐྱོབ་འཕྲུལ་ཆས་༡༥༠ལྷག་སྒྲིག་འཛུགས་བྱས་ཏེ། གནོད་འཚེ་ཕོག་ཁུལ་དུ་མི་སྣ་འཚོལ་སྐྱོབ་བྱེད་པར་བསྐྱོད་ཅིང་། སྨན་དོན་མི་སྣ་༣༤༠ལྷག་ཀྱང་ས་ཡོམ་རྒྱག་ཁུལ་དུ་སྨན་བཅོས་བྱེད་པར་བསྐྱོད་ཡོད། དུས་མཚུངས་སུ། ས་ཡོམ་རྒྱག་ཁུལ་དུ་སྟབས་བདེའི་ཟས་རིགས་དང་། གཏེར་ཆུ། སྟབས་བདེའི་ཐུག་པ། གྱོན་གོས། ལྷམ། ཉལ་ཆས། ཉལ་ཁྲི། གུར་སོགས་གེགས་སྐྱོབ་དངོས་ཟོག་ཁག་ཅིག་དབོར་ཡོད།


日喀则市立即启动抗震救灾一级响应,第一时间派出工作组前往震中,成立人员救治、物资保障、设施抢修等工作专项组,相关部门和救援力量已陆续抵达震区,开展灾情摸排、应急处置、人员搜救转移避险、物资筹集调配等工作,最大限度减少人员伤亡,防止发生次生灾害,妥善安置受灾群众,做好善后等工作,并迅速调集森林消防、武警、公安、部队等各方力量3400余人、车辆器械150余辆,前往一线开展人员搜救工作,调派医务人员340余人赶赴震区救治伤员和被困人员。同时,向震区紧急调拨了一批自发热米饭、矿泉水、方便面、防寒大衣、防寒鞋、被褥、床、帐篷等救灾物资。


ད་ལྟའི་བར། ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་པ་དང་། ཡོམ་ཁུལ་དུ་མངོན་མེད་ཉེན་ཁ་ལེབ་བཤེར་དང་། མང་ཚོགས་བདེ་འཇགས་ཁུལ་དུ་བཀོད་སྒྲིག་བྱེད་པ། གཏོར་སྐྱོན་ཐེབས་པའི་སྒྲིག་ཆས་ཉམས་བཟོ་བྱེད་པ་སོགས་ཀྱི་ལས་དོན་ཡང་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། གོམ་སྟབས་རྗེས་མར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་བཀོད་གལ་ཆེན་གྱི་དགོངས་པ་དང་སྲིད་བློན་ལི་ཆང་གིས་བཏོན་པའི་བླང་བྱ་ལག་བསྟར་ནན་པོ་བྱས་ནས། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། མི་སྣ་འཚོལ་སྐྱོབ་ཧུར་ཐག་དང་། རྨས་སྐྱོན་ཕོག་པའི་མི་སྣར་སྨན་བཅོས་ཧུར་ཐག འཚོ་བའི་ཐད་རོགས་སྐྱོབ་ཧུར་ཐག དེ་བཞིན་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཧུར་ཐག་བཅས་བྱས་ཐོག རྗེས་མཇུག་ལས་དོན་སོགས་ཡག་པོ་བསྒྲུབ་རྒྱུ་རེད།


截至目前,抢险救援各项工作正在加紧进行,震区隐患排查、群众避险安置、受损设施修复工作已全面展开。下一步,日喀则市将认真贯彻习近平总书记重要批示精神和李强总理要求,加强震情监测预警,全力排查搜救被困人员,全力救治受伤人员,全力开展生活救助,全力保障受灾群众基本生活,做好善后等工作。



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ། 


主编 | 吾见才让

副主编 | 平多 桑布

编辑 | 格丹 先巴

来源 | 日喀则市人民政府新闻办公室

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章