གལ་སྲིད་དུས་རྒྱུན་ཁྱེད་རང་ལ་མཆིན་ནད་ཁ་པ་དང་མཆིན་ཚིལ་རྒྱས་པ་བཅས་ཀྱི་ནད་ཡོད་པ་མ་ཟད་ཁྱིམ་རྒྱུད་ལ་མཆིན་པའི་འབྲས་སྐྲན་ནད་ཕོག་མྱོང་ཡོད་པ། དེ་བཞིན་ཆང་རག་མང་པོ་འཐུང་བའི་གོམས་གཤིས་ཡོད་པ་བཅས་ཡིན་ཚེ་ཁྱེད་རང་ལ་མཆིན་པའི་འབྲས་སྐྲན་ཕོག་པའི་ཉེན་ཁ་མི་གཞན་ལས་ཆེ་བ་ཡོད་པས་ངེས་པར་དུ་ལོ་གཅིག་ནང་གཟུགས་པོ་བརྟག་དཔྱད་ཐེངས་གཉིས་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ།
如果你身患乙肝、脂肪肝、或家族有肝癌史,并且有过度饮酒习惯,那么你是属于肝癌高危人群,务必一年进行两次体检。
ཐེངས་འདིའི་ལེ་ཚན་ནང་ལྗོངས་མི་དམངས་སྨན་ཁང་འཇུ་བྱེད་མ་ལག་ཀྱི་སྨན་པ་མཁས་དབང་དབང་རྒྱལ་ལགས་གདན་འདྲེན་ཞུས་ནས་མཆིན་པའི་འབྲས་སྐྲན་ནད་ཀྱི་ནད་རྟགས་དང་ནད་རྐྱེན། སྔོན་འགོག དེ་བཞིན་ནད་དེ་ཕོག་པའི་ནད་པས་ཡང་དག་པའི་སྒོ་ནས་སྨན་བཅོས་གང་འདྲ་བྱེད་དགོས་མིན་ཐད་མཛུབ་སྟོན་གནང་ཡོད།
本期节目邀请西藏自治区人民医院消化科专家旺杰 为大家讲解怎样预防各种肝病
རང་ལྗོངས་མང་ཚོགས་ཀྱི་ནད་རིམས་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་བདེ་ཐང་སློབ་གསོའི་ཆེད་སྒྲིག་ལེ་ཚན་༼ བདེ་ཐང་བོད་ལྗོངས ༽ཞེས་པ་གཉེར་བ་དང་། ལེ་ཚན་འདི་གཉེར་བའི་དམིགས་ཡུལ་ནི་བདེ་ཐང་སྐོར་གྱི་ཤེས་བྱ་དང་བྱ་ཐབས་ཁག་ཁྱབ་གདལ་གཏོང་བ་དང་། སྤྱི་དམངས་ནི་སོ་སོའི་བདེ་ཐང་གི་འགན་འཁུར་མཁན་གཙོ་བོ་དེ་ཡིན་པའི་ལྟ་བ་འཛུགས་པ། མི་རྣམས་ཀྱིས་རང་འགུལ་ངང་ལུས་ཁམས་བདེ་ཐང་ལ་ཕན་པའི་སྤྱོད་ལམ་བསྟེན་པ་བཅས་དམངས་ཡོངས་ཀྱི་གཟུགས་པོ་བདེ་ཞིང་ཐང་བ་ཡོང་བའི་ཆེད་དུ་ཡིན།
为进一步提升我区群众疾病防控意识和健康技能,自治区卫生健康委员会与西藏广播电视台联合制作播出健康教育专题栏目《健康西藏》,栏目旨在普及健康科普知识和健康技能,倡导公民是自己健康的第一责任人理念,使人们自觉选择有益于健康的行为和生活方式,提高健康素养水平。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 晋美 先巴
来源 | 阳光工作室
主创人员 | 尼玛 益加 达桑 次旺 边次