༄༅༎ དྲན་པའི་ཚེ་སྒྲུབ།

文摘   文学   2024-07-21 22:24   青海  

  རང་ཉིད་ཁོད་སྤུངས་ཚེ་ཡི་ལྷ། །ཐུགས་ཀར་སྔགས་ཀྱི་འཁོར་ལོ་ལས། །འོད་ཟེར་གྲངས་མེད་འཕྲོ་པ་ཡིས། །སྣང་སྲིད་ཚེ་གཡང་མ་ལུས་པ༑ ༑ཐིག་ལེ་དཀར་དམར་སྣུམ་ལ་དྲིལ། །གྲངས་མེད་བསྡུས་ནས་བདག་ལ་བསྟིམ། །བསོ་ཁོད་དོ་རམ་མོ་རཌྞ་ཡེ་བྷྲུཾ་བྷྲུཾ་ཚེ་ཡི་གཡུང་དྲུང་གའུ་ཚེ་རྣྲི་ཛ༔ སྐྱེ་མེད་དོན་གྱི་ཞིང་ཁམས་སུ། །འགག་མེད་རིག་པའི་ལྷ་ཚོགས་ལ༑ ༑གཉིས་མེད་རྩལ་གྱིས་འཛབ་མཆོད་འབུལ། །སྒྲིབ་སྦྱོང་ཚོགས་གཉིས་རྫོགས་པར་ཤོག །

  ༧འགྱུར་མེད་རིག་འཛིན་ཚེའི་རྒྱལ་པོའི་སྒྲུབ་ཐབས་འཆི་མེད་རིག་འཛིན་དངོས་གྲུབ་ཀུན་འབྱུང་གི་ནང་ནས་འཛབ་ཀྱི་འཕྲོ་འདུ་ནི། བདག་ཉིད་རིག་འཛིན་ཚེའི་རྒྱལ་པོ་རུ་གསལ་བའི་ཐུགས་ཀར་པདྨ་ཉི་ཟླའི་གདན་སྟེང་དུ་གསེར་གྱི་གཡུང་དྲུང་འཁྱིལ་བའི་སྟེང་དུ་ཨ་དཀར་པོ་གཅིག་ལ་སྔགས་ཀྱི་འཕྲེང་བས་བསྐོར་བར་བསམ། བསྭོ་བྲུཾ་ཨ་དཀར་མུ་ལ་ཏིང་ནམ་འོད་འདུ་མུ་ཡེ་ཚེ་རྣྲི་ཛཿ སྔགས་ཀྱི་འོད་ཟེར་ཕར་འཕྲོས། བུམ་པ་ལྷ་ཡི་ཐུགས་ཀར་ཕོག་པའི་བུམ་པའི་ཐུགས་ཀར་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་གཡུང་དྲུང་སེམས་དཔའ་ཕྱོགས་བཅུའི་བདེར་གཤེགས། བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་ཐམས་ཅད་ཀྱི། དབུའི་གཙུག་ཏོར། ཐུགས་ཀྱི་དཔལ་བེའུ། ལྟེ་བའི་འཁོར་ལོ། གསང་བའི་སྦྱོར་མཚམས་ནས། དབང་དང་བྱིན་རླབས་གང་ཡོད་རྟོགས་པའི་རྟོགས་ཚད། མཁྱེན་པའི་མཁྱེན་ཚད། ཡོན་ཏན་ཁྱད་པར་ཅི་མངའ་བ་ཐམས་ཅད་ཚེའི་རང་བཞིན་དཀར་ལ་འཚེར་བ། དམར་ལ་གདེངས་པ། སྣུམ་ལ་འདྲིལ་བ། ཨ་དཀར་པོ་གྲངས་མེད་པར་གྱུར་ནས་སྤྱན་དྲངས། བདག་དང་བུམ་པ་ཚེ་རྫས་རྣམས་ལ་ཐིམ་ནས། སྐུ་འགྱུར་བ་མེད་པ། གསུང་འགགས་པ་མེད་པ། ཐུགས་འཁྲུལ་བ་མེད་པ། སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ་ཐོར་པར་བསམ། བསྭོ་བྲུཾ་ཨ་དཀར་མུ་ལ་ཏིང་ནམ་འོད་འདུ་མུ་ཡེ་ཚེ་རྣྲི་ཛཿ ཐུན་མཚམས་སུ་གསལ་གདབས། དེ་ནས་འཛབ་བསྟོད་སྔགས་ཀྱི་སྒྲ་བཏང་ལ་འདི་སྐད་དོ། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས། །བྲུཾ་ནི་ལྷ་ཡི་གཞལ་ཡས་ཁང་། །་དཀར་སྐྱེ་མེད་ཡེ་ཤེས་ངང་། །མུ་ལ་རང་བཞིན་ས་བོན་སྟེ། །ཏིང་ནམ་རང་བྱུང་བདུད་རྩིའི་ཆུ། །འོད་འདུ་ཚེ་ཡི་དངོས་གྲུབ་བསྡུས། །མུ་ཡེ་ཕྱྭ་དང་གཡང་གི་འཛབ། །ཚེ་རྣྲི་མི་ཡི་སྙིང་པོ་ལ༑ ༑་ནི་འོད་ཟེར་ལྕགས་ཀྱུ་ཡིས། །ཚེ་དང་དངོས་གྲུབ་གནས་ནས་འདྲེན། །གནས་འདིར་ཚེ་ཡི་དོངས་གྲུབ་སྩོལ། །དེ་ནས་ཚེ་གཟུངས་ནི།  ཨེ་མ་ཧོ༑ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡུལ་བྱ་རི་གཙུག་ལྡན་གྱི་གནས་མཆོག་ན༑ ཚེ་དབང་རིག་འཛིན་ཆེན་པོ་ལ། འཁོར་རིག་འཛིན་མཁའ་འགོྲ་སྟོང་གིས་བསྐོར་ནས་བཞུགས་སོ། །དེའི་ཚེ་དེའི་དུས་ན། ཡུམ་ཆེན་ཐུགས་རྗེ་ཀུན་གྲོལ་གྱིས་འགྲོ་བ་ཚེ་ཟད་པ་དང་། ཚེ་ཉམས་པ་རྣམས་ལ་ཐུགས་ཀྱིས་དགོངས་ནས། དེ་དག་ལ་ཕན་གདག་པའི་ཕྱིར། ཐུགས་རྗེས་མུན་སེལ་ཡིད་བཞིན་ཀུན་འབྱུང་གསང་བའི་ཚེ་གཟུངས་འདི་གསུངས་སོ། །བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་མུ་ཡེ་ཤེ་ཐུན་ཧ་ར་སད་གྱེར་ཨ་ཧྲི་ཚེ་བྲུཾ་འདུ། བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་མུ་ཁྱུང་པྲ་ཕུད་ཧ་ར་སད་གྱེར་ཨཱོཾ་ནི་ཚེ་བྲུཾ་འདུ། བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་མུ་ནེ་གླང་ཆེན་ཧ་ར་སད་གྱེར་ཧཱུཾ་ཛ་བྲུཾ་འདུ། བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་རཾ་ཛ་བིང་ང་ཧ་ར་སད་གྱེར་ཨ་མ་ཚེ་བྲུཾ་འདུ། བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་མ་མ་མུ་ཡེ་ཧ་ར་སད་གྱེར་སྤུངས་སོ་ཚེ་བྲུཾ་འདུ། བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་བ་མ་ནེ་རྒྱུང་ཧ་ར་སད་གྱེར་ཉེ་ལོ་ཡོ་ཚེ་བྲུཾ་འདུ། བསྭོ་ཨཱོྃ་སལ་ལེ་ལྷན་ནེ་འདུ་འདུ་མ་ཧི་དྲུང་མུ་ཧ་ར་སད་གྱེར་ཝེར་ཞི་ཚེ་བྲུཾ་འདུ། གང་ཞིག་ཐུགས་རྗེས་མུན་སེལ་གསང་བའི་སྙིང་པོ་འདི། །ཚེ་ཡི་བུམ་པ་བཅོས་ནས་བསྒྲུབ་གྱུར་ན༑ ༑རིག་འཛིན་མཁའ་འགྲོ་འི་དངོས་གྲུབ་ལས་འབྱུང་། །ཡང་ན་དམ་ཚིག་ལྡན་པའི་སྐྱེས་བུ་ཡིས། །མ་བརྗེད་རྒྱུན་དུ་ཡི་དམ་བྱས་གྱུར་ན༑ ༑འཆི་མེད་ཚེ་ཡི་དངོས་གྲུབ་འཐོབ་པར་འགྱུར། །འགྲོ་བ་སེམས་ཅན་ཚེ་ཟད་པ་དང་ཚེ་ཉམས་པ་རྣམས་ཀྱིས། ནང་སྔ་མོ་ནམ་ལངས་བའི་དུས་སུ། ཁ་ཤར་དུ་བལྟས་ནས་གཟུངས་འདི་བརྗོད་ནས་སུ། སྲུང་སྐུད་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ན། དབུ་ཡི་གཙུག་ཏུ་བཏག་ན། ཕོ་རོལ་གྱི་ཚེ་ཟད་པ་དང་ཉམས་པ་ཐམས་ཅད་བསྲེངས་ནས། ཚེ་ལོ་བརྒྱ་དང་རྩ་བརྒྱད་ཐུབ་པར་འགྱུར་རོ། །ཕྱི་མ་ལའང་གཡུང་དྲུང་ཚེ་ཡི་རྒྱལ་པོའི་ཞལ་མཐོང་ཞིང་། བོན་ཉིད་འོད་གསལ་གྱི་ངང་དུ་མངོན་པར་བྱང་ཆུབ་ཐོབ་པར་འགྱུར་རོ། །གྱེར་ཞི་སྤུངས་སོ་མུ་ཙུག་སྨར་རོ།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章