༄༅།།ཀླུ་གཏོར་བསྐྱེད་ཆོག་བཞུགས།

文摘   文学   2024-07-22 07:41   青海  

༄༅།།ཀླུ་གཏོར་བསྐྱེད་ཆོག་བཞུགས།

  ཡེ་ཤེས་ལྷ་ཡི་སྐུ་ལ་སྐྱབས་སུ་མཆིའོ། །གཡུང་དྲུང་བོན་གྱི་སྐུ་ལ་སྐྱབས་སུ་མཆིའོ། །གཤེན་རབ་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཀླུ་ལས་གྲུབ་པའི་ཀླུ་གྲུབ་ཡེ་ཤེས་སྙིང་བོའི་སྐུ་ལ་སྐྱབས་སུ་མཆིའོ། །ཀླུ་གཏོར་བརྒྱུད་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །བདག་ཉིད་སྟོན་པ་གཤེན་རབ་གསལ་བའི་མདུན་དུ།  གཡུ་མཚོ་མེར་བའི་ནང་དུ་ན་བུན་སྦྲང་ཆར་འཐིབ་པའི་དབུས་སུ། ཀླུ་ཆེན་བརྒྱད་ལ་ཀླུ་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པར་གསལ་གདབ་ལ། བདག་གི་ཐུགས་ཀའི་ཡིག་འབྲུ་ལས་འོད་ཟེར་ཕར་འཕྲོས། ཀླུ་རྣམས་ལ་ཕོག་པས་ཀླུ་རྣམས་གདུག་རྩུབ་ཞི་ནས་སླར་འདུས་པས། མཐེབ་སྲིན་ནོར་བུས་མཚན་པའི་བདུད་རྩི་ནི། །སེར་མོ་གསུམ་གྱི་བྲེ་ཁ་ནས། །ཀླུ་རྣམས་གསོ་བའི་སྨན་དུ་གྱུར། །དེ་ཡིས་ནད་རྣམས་གསོ་བ་དང་། དུག་དང་གདུག་རྩུབ་ཞི་བ་དང་། །བསམ་སྦྱོར་ངན་པ་རྒྱུན་ཆད་ནས། །བདག་གི་མདུན་དུ་བཀའ་ཉན་བསམ། །མཇུག་སྔ་མ་ལྟར་རོ། །ཀླུ་གཏོར་བསྡུས་པ་ནི། རང་ཉིད་གཤེན་རབ་ཕྱག་གཡས་མཉམ་བཞག་ལ། །གཡོན་པས་མཆོད་སྦྱིན་བསྐྱང་མཐིལ་ཨ་ལས་ཟླ། །འོད་འཕྲོས་རིགས་ལྔ་ཀླུ་ཡི་སྡེ་ཚོགས་རྣམས། །སྤྱན་དྲངས་གདུག་སེམས་ཞི་ནས་བཞུགས་པར་དམིགས། །སླར་འདུས་ཟླ་ཟེར་བདུད་རྩི་དཀར་པོའི་རྒྱུན། །གཏོར་མ་ཀླུ་སྨན་ཆུ་ལ་ཐིམ་པ་ཡིས། །བདུད་རྩི་རྒྱ་མཚོ་ན་གསོ་ཤི་སློང་དང་། །ལྡན་པས་མི་ཟད་ནམ་མཁའ་མཛོད་དུ་གྱུར། ། ཨཱོྃ་ཨ་ཧཱུཾ། ལན་གསུམ་དང་དུ་ཏྲི་སུ་ལན་གསུམ་གྱི་མཐར། ཨཱོྃ་ན་ག་ཨུ་ད་ཧཱུཾ།  ན་ག་ར་ཙ་ཧྲིང་། མུར་ཟངས་ཝེར་རོ་ཁ་ཁ་ཁ་ཧི།  བརྒྱ་རྩ་བརྒྱད་བཟླས་མཐར་ཚིག་བཤད་ནི།  ཨཱོྃ།  ཏིང་འཛིན་སྔགས་ཚིག་ཕྱག་རྒྱས་བྱིན་རླབས་པའི། །མི་ཟད་གཏོར་མ་ཀླུ་སྨན་འོ་མའི་མཚོ། །གང་ལ་གང་འདོད་སྦྱིན་པའི་ཆར་ཆེན་འདི། །ཀླུ་རྒྱལ་རིགས་ལྔ་ཉི་ཤུ་རྩ་ལྔའི་སྡེ། །གཙོ་འཁོར་སྤྲུལ་བ་ཡང་སྤྲུལ་བཅས་པ་ལ། །མོས་པས་འབུལ་ལོ་དགྱེས་ཤིང་ཚིམ་ནས་ཀྱང་། །བསྟན་འགྲོ་སྐྱོང་བའི་སེམས་དང་ལྡན་གྱུར་ཅིག །མཆོད་ཡོན་མ་རིག་དབང་གིས་ཁྱེད་རྣམས་ལ། །ཐབ་གཞོབ་མཁོན་འགྲས་ཕོག་ཐུག་ཅི་ཤོར་བ། །མཐོལ་བཤགས་བགྱིའོ་གདུག་སེམས་ཞི་བར་མཛོད། །བྱམས་དང་སྙིང་རྗེ་ངང་ལ་གནས་ནས་ཀྱང་། །མཐུན་པའི་དངོས་གྲུབ་ཚེ་རིང་ནད་མེད་དང་། །ལོ་ལེགས་ཕྱུགས་འཕེལ་དགེ་བཅུའི་བཅས་ཁྲིམས་ཀྱིས། །འཇིག་རྟེན་ཁམས་རྣམས་འཚོ་བའི་བཀྲ་ཤིས་སྩོལ། །སྒོ་གསུམ་དག་པ་དང་བཅས་ཅི་ལྕོགས་བརྗོད་མཐར།  ཡིག་བརྒྱ་བརྗོད། གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ     ན་ག་ར་ཙ་སང་སང་ཕྱོད་ཕྱོད་ཡེ་སྭཱཧཱ།  ཀླུ་རྣམས་མོས་གུས་དང་བཅས་རང་གནས་གཤེགས། །བདག་ཉིད་ཨཱོྃ་གྱུར་སྟོང་ཉིད་ངང་ལ་བཞག  །ཅེས་བརྗོད་ལ་སྨོན་ལམ་འདི་བཏབ་བརྗོད། ཅེས་པའང་རང་སློབ་ལས་འཕྲོ་ཅན་བོན་པོ་འབུམ་པ་རྒྱལ་གྱི་མོས་ངོར།  སྟོན་པས་གསུངས་པའི་ཀླུ་གཏོར་ལས་བསྡུས་ཏེ་སྦྱར་བ་བོ་ནི།  གཡུང་དྲུང་ཕུན་ཚོགས་འཇིགས་མེད་དོ། །བཀྲ་ཤིས།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章