མོ་ཊའི་ནང་མི་འདི་འདྲ་བླུགས་ན་རང་མེད་མི་མེད་བཟོ་བ་མ་ཡིན་ནམ།

时事   2024-10-30 12:27   西藏  

ལྷ་ས་ནས་ནག་ཆུའི་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ཉེ་ཆར་མི་གྲངས་ཚད་ལས་བརྒལ་བའི་རླངས་འཁོར་ཞིག་རྩད་ཆོད་པ་རེད།

近期,拉那高速大队查获一起超员交通违法行为一起来看看

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཟླ་༡༠ཚེས་༢༦ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡དང་སྐར་མ་༤༠ཐོག ལྷ་ས་ནས་ནག་ཆུའི་བར་གྱི་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་སྟོད་ལུང་ཁུལ་དུ་ཞིབ་བཤེར་བྱེད་སྐབས་མི་གྲངས་ཚད་ལས་བརྒལ་བའི་རླངས་འཁོར་ཞིག་ཞིབ་བཤེར་ཐུབ་པ་རེད།

10月26日11时40分许,拉萨市公安局交警支队拉那高速大队在堆龙波玛互通高速入口执勤检查时,发现车牌号为藏A*****的一辆小型轿车存在超员嫌疑

རླངས་འཁོར་དེའི་ནང་གཏན་འབེབས་ལྟར་ན་མི་༥ལས་བླུགས་མི་ཆོག་ཀྱང་ཁ་ལོ་བ་དེས་མི་༨བླུགས་ཡོད་པས། ཁ་ལོ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་དེར་ལྷ་སའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁ་ལོ་བ་ནོར་ཆེ་གེ་མོར་ཆད་པ་བཅད་ཡོད།

经现场核查,该车核载5人,实载8人涉嫌超员60%的交通违法行为,依据《中华人民共和国道路交通安全法》,公安机关交通管理部门对司机罗某作出相应处罚。

འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ།

法律链接

《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དོན་ཚན་༤༩པའི་ནང་གཏན་འབེབས་བྱས་དོན། འཕྲུལ་སྒུལ་འཁོར་རིགས་ནང་མི་བླུགས་སྐབས་གཏན་ཁེལ་བྱས་པའི་མི་གྲངས་ལས་བརྒལ་མི་ཆོག་པ་དང་། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་གཏན་འབེབས་དང་འགལ་ནས་དེའི་ནང་དོ་པོ་ཕོན་ཆེན་བླུགས་མི་ཆོག་ཅེས་དང་།

དོན་ཚན་དགུ་བཅུ་པའི་ནང་གཏན་འབེབས་བྱས་དོན། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའམ་གཞུང་ལམ་ཤར་སྐྱོད་སྐོར་གྱི་གཏན་འབེབས་དང་འགལ་ཚེ། དེར་ཐ་ཚིག་བསྒྲག་རྒྱུའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་བར་གྱི་དངུལ་ཆད་གཅད་རྒྱུ། བཅའ་ཁྲིམས་འདིའི་ནང་གཏན་འབེབས་གཞན་དག་ཡོད་ཚེ། གཏན་འབེབས་ལྟར་ཆད་པ་གཅད་རྒྱུ། 


《中华人民共和国道路交通安全法第四十九条 机动车载人不得超过核定的人数,客运机动车不得违反规定载货。

《中华人民共和国道路交通安全法第九十条 机动车驾驶人违反道路交通安全法律、法规关于道路通行规定的,处警告或者二十元以上二百元以下罚款。本法另有规定的,依照规定处罚。

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས། ཁ་ལོ་བ་ཚོས་རང་འགུལ་ངང་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱེད་པ་ལས་ཕུགས་ཀྱི་བདེ་ཐབས་ལ་བསམ་བློ་མི་གཏོང་བར་འཕྲལ་གྱི་ཁེ་ཕན་ལ་རྔམ་ཚེ་རང་གཞན་གཉིས་ཀ་སྡུག་ལ་སྦྱོར་ངེས་རེད་ཅེས་བརྗོད་འདུག


主动拒绝驾驶或乘坐超员车辆

不要图一时方便

将自己与他人的人身安全置于险境

遵守道路交通法律法规

安全文明出行
















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 平安拉萨

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章