གོས་རྒྱན་འཇའ་རིས་ཤིག་ཤིག མཛངས་མ་གོམ་སྟབས་ལིང་ལིང་།

政务   2024-11-22 19:16   西藏  





རིག

གནས།

    ཡུལ་ལུང་གང་འདྲ་ཞིག་ཡིན་ཡང་རང་རང་ལ་སྣེ་མང་ཕུན་སུམ་ཚོགས་པའི་གྱོན་གོས་རིག་གནས་རེ་ཡོད་ལ། དེ་ལ་ཐུན་མོང་མ་ཡིན་པའི་བཟོ་ལྟ་དང་། ཚོན་མདོག སྒྱུ་རྩལ་ལ་སོགས་པའི་ཁྱད་ཆོས་སྣ་ཚོགས་ཤིག་ཡོད་པ་ལས། ཡུལ་དེའི་མི་ཚོའི་གཤིས་ལུགས་དང་། ལྟ་བ། རིག་གནས་བཅས་མངོན་གྱི་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་ལགས། 

    དེ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཤུགས་ཆེན་བྱས་ནས། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་རྒྱན་གོས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད།  ཟླ་11ཚེས་20ཉིན། སྐྲ་རིང་རྒྱལ་མོའི་ཚོང་དོན་ཚད་ཡོད་ཀུང་སིས་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་སྐབས་དང་པོའི་བོད་རིགས་བུད་མེད་ཀྱི་སྲོལ་རྒྱུན་མགོ་རྒྱན་རིག་གནས་ཀྱི་འགྲན་བསྡུར་ཆེ་མོའི་བྱ་དགའ་སྤྲོད་པའི་བྱེད་སྒོ་ཞིག་སྤེལ་བ་རེད། 
    ད་རེས་བྱེད་སྒོ་འདི་གཉེར་བའི་དམིགས་ཡུལ་ནི་བོད་རིགས་བུད་མེད་ཀྱི་སྲོལ་རྒྱུན་གྱི་གོས་རྒྱན་དང་མགོ་རྒྱན་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དང་གསར་གཏོད་སོགས་ཀྱི་ཆེད་དུ་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་གྱི་མི་སྒེར་དང་ཚན་པར་གཟེངས་བསྟོད་སྤྲད་དེ་རིག་གནས་ཐོན་ལས་དང་བུད་མེད་ཀྱི་བྱ་གཞག་གསར་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་འདུག 

    བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་སློབ་ཆེན་རིགས་མཐུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་འབུམས་རམས་པ་ཨོ་རྒྱན་རྒྱལ་མཚན་གྱིས་སྟོད་མངའ་རིས་སྤུ་ཧྲེང་ཡུལ་གྱི་བུད་མེད་ཀྱི་དམིགས་བསལ་གྱོན་ཆས་ཡིན་པའི་ཤོན་ཆས་གཙོ་བོར་བཟུང་སྟེ་བོད་རིགས་བུད་མེད་ཀྱི་གོས་རྒྱན་གྱི་རིན་ཐང་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་སོགས་འགྲེལ་བཤད་ཞིབ་ཅིང་ཕྲ་བ་བརྒྱབ་པས། བྱེད་སྒོར་ཞུགས་མཁན་མི་སྣ་མང་པོའི་དགའ་བསུ་ཚད་མེད་ཐོབ་སོང་།  

    སྔ་མོའི་གཏམ་དཔེར་རྟ་སྒ་ཡིས་བཀྱག མི་གོས་ཀྱིས་བརྒྱན་ཞེས་ཟེར་སྲོལ་ཡོད། གོས་རྒྱན་ནི་མིའི་འཚོ་བའི་ནང་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཚང་མས་དེ་ལ་དང་དོད་ཧ་ཅང་ཆེན་པོ་བྱེད་པ་དེ་ལས་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་ཕྱིན་པ་གང་ལེགས་མཚོན་གྱི་ཡོད། མི་རིགས་ཀྱི་ལག་ཤེས་བཟོ་ལས་མ་ཉམས་རྒྱུན་འཛིན་དང་དེ་བཞིན་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་འཚོལ་ཞིབ་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་རིང་ཡུལ་ལུང་མི་འདྲ་བའི་གོས་རྒྱན་མཐོང་བ་དང་རྒན་ལགས་ཁོང་གི་འགྲེལ་བཤད་ཉན་པ་བརྒྱུད་བློ་སྒོ་ཆེན་པོ་ཕྱེ་བྱུང་། ཕྱིས་སུ་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བྱེད་སྒོར་ཕེབས་པའི་སྐུ་མགྲོན་མང་པོས་དགའ་སྤྲོ་ཆེན་པོས་ཤོད་ཀྱི་འདུག

    གསར་འགོད་པ། བསྟན་འཛིན་གཡུ་སྒྲོན། བསོད་ནམས་སྟོབས་ལགས། ཕུན་ཚོགས་ཉི་སྒྲོན། སྤེན་པ།



ང་ཚོ་ཞིང་པ་དང་འབྲེལ་བ་ཡོད་པའི་ཚོགས་འདུ་གལ་ཆེན་ཞིག་འཚོགས་འདུག

གཟེངས་བསྟོད་ཀྱི་མིང་ཐོ་འདིའི་ནང་ཁྱེད་རང་གི་ངོ་ཤེས་པ་འདུག་གམ།

ཐབ་ཆས་གསར་རྙིང་བརྗེ་གི་འདུག མགྱོགས་པོ་ཕེབས་ཤོག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章