བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཞིར་ཐག་གཅོད་བྱས་འདུག

政务   2024-11-22 13:26   西藏  



བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་སྤྱི་བསྒྲགས།

    ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་བ། ཡུལ་སྐོར་གྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱ་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་འབྱེད་ཐབས་དང་དཔྱད་བསྡུར་གཏན་འབེབས》(GB/T17775-2003)དང《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱ་ཐབས》 2024ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བསྐྱར་ཞིབ་བྱས་འབྲས་བཅས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་བསྐྱར་ཞིབ་ཀྱི་ཚད་གཞི་དང་ཧེ་བག་ཧ་ཅང་ཆེན་པོ་ལྡན་པའམ་ཡང་ན་གནད་དོན་ཚབས་ཆེན་ཡོད་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་4ལ་ཐག་གཅོད་བྱ་རྒྱུ་གཤམ་གསལ།

(གཅིག)སྨན་གླིང་གྲོང་ཁྱེར་གནས་ཡུལ་ཕུ་མཛེས་ལྗོངས་ཁུལ་དང་རིན་སྤུངས་རྫོང་རྫོང་དཀར་ཡར་ཆབ་སྦས་ཡུལ་སྐྱེ་ཁམས་སྤྲོ་སྐྱིད་གླིང་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་མེད་པ་བཟོ་རྒྱུ་ཡིན།

(གཉིས)པ་སྣམ་རྫོང་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་མཛེས་ལྗོངས་ཁུལ་དང་རྒྱལ་རྩེ་རྫོང་མཁའ་རེག་ལ་འཁྱགས་རོམ་མཛེས་ལྗོངས་ཁུལ་ལ་བརྡ་ཁྱབ་སྐྱོན་བརྗོད་དང་དག་ཐེར་བྱེད་དགོས་པའི་ཐག་གཅོད་བྱས་པ་དང་དུས་བཀག་ཟླ་བ་དྲུག་ཡིན། 

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས།

2024ལོའི་ཟླ་11ཚེས་20ཉིན།


ང་ཚོ་ཞིང་པ་དང་འབྲེལ་བ་ཡོད་པའི་ཚོགས་འདུ་གལ་ཆེན་ཞིག་འཚོགས་འདུག

གཟེངས་བསྟོད་ཀྱི་མིང་ཐོ་འདིའི་ནང་ཁྱེད་རང་གི་ངོ་ཤེས་པ་འདུག་གམ།

ཐབ་ཆས་གསར་རྙིང་བརྗེ་གི་འདུག མགྱོགས་པོ་ཕེབས་ཤོག


རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章