དེ་རིང་ནས་བཟུང་ལྷ་ས་ནས་ལྷོ་ཁ་བར་ཆུ་ཚོད་གཅིག་ལས་འགོར་གྱི་མི་འདུག

民生   2024-12-18 15:40   西藏  

    ཟླ་12ཚེས་18ཉིན་གྱི་སྔ་དྲོར། བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་དུ་བོད་ཀྱི་S5ལམ་ཐིག་ཅེས་བསྡུ་རྒྱུ)དངོས་སུ་ཤར་གཏོང་ཐུབ་ནས་ཚོད་ལྟ་དང་བཅས་མོ་ཊ་གཏོང་འགོ་ཚུགས་ཡོད་པ་རེད།

    བོད་ཀྱི་S5ལམ་ཐིག་རྣམ་གྲངས་ཀྱིས་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་གཅིག་ཏུ་སྦྲེལ་གྱི་ཡོད་པ་དང་། འགོ་འཛུགས་ས་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ནས་ཡིན་པ་དང་། དེར་ལྷ་ཉིང་མྱུར་བགྲོད་གཞུང་ལམ་དང་ཕན་ཚུན་སྦྲེལ་ནས་ཡོད།
    གཞན་ཡང་། རྒོད་དཀར་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་12.79ཡོད་པ་དང་། ས་བབ་མཐོ་ཤོས་ལ་སྨི་4300ཙམ་ཟིན་གྱི་ཡོད། བོད་ཀྱི་S5རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པའི་ཕུག་ལམ་ནང་རླངས་འཁོར་ཆུང་གྲས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80གཏོང་ཆོག་པ་དང་། ཟོག་འདྲེན་རླངས་འཁོར་ཆེ་གྲས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་60གཏོང་ཆོག་གི་ཡོད། ཕུག་ལམ་གྱི་གཞོགས་གཉིས་ལ་འཁོར་ལམ་བཞི་བཟོས་ཡོད། 


驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章