གུང་གསེང་རིང་། ཕྲུ་གུར་སྒྲ་སྙན་དང་ཡིག་གཟུཌ། ཞབས་བྲོ་སོཌ་བསླབ་ན་

民生   2024-12-16 17:29   西藏  

གཞིས་ཀ་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་དགུན་ཁའི་གུང་གསེང་རིང་གཞོན་ནུ་ལོ་ཆུང་གི་སྤྲོ་སྣང་གསོ་སྦྱོང་འཛིན་གྲྭར་སློབ་མ་བསྡུ་བའི་སྤྱི་བསྒྲགས།






གུས་ཤིང་བརྩེ་བའི་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཆུང་ཆུང་ཚོ།     

རང་རེའི་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་དགུན་ཁའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་སྤྲོ་སྣང་དང་དགའ་ཕྱོགས་གསོ་སྐྱོང་བཅས་བྱ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་དགུན་ཁའི་གུང་གསེང་རིང་གི་གཞོན་ནུ་ལོ་ཆུང་གི་སྤྲོ་སྣང་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་དང་། ད་ལྟ་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ་ཏེ།







གཅིག གསོ་སྦྱོང་དམིགས་ཡུལ།


གཞོན་ནུ་ལོ་ཆུང་གི་དགུན་ཁའི་གུང་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་སྣ་མང་ཅན་གྱི་སྒྱུ་རྩལ་སློབ་སྦྱོང་སྟེགས་བུ་མཁོ་འདོན་བྱེད་པ། གཞོན་ནུ་ལོ་ཆུང་གི་དགའ་ཕྱོགས་གསོ་སྐྱོང་བྱེད་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་མཐོང་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ལག་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།


གཉིས། གསོ་སྦྱོང་ནང་དོན།


ཀི་ཐར་དང་ཡང་ཇིན། སྒྲ་སྙན། གློག་རྡུལ་སྒྲ་སྙན། ཀང་ཆིན། བོད་རྒྱ་ཡིག་གཟུགས། ཞབས་བྲོ། ནང་མ་སྟོད་གཞས། མཛེས་རྩལ། ལོ་ཆུང་བྱིས་པའི་མཉམ་གཞས་བཅས་སློབ་ཚན་ཁག་བཅུ་ཡོད།    


གསུམ། གསོ་སྦྱོང་བྱ་ཡུལ།


གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་སློབ་ལོ་ལོན་པའི་བྱིས་པ་(ལོ་7ནས་18བར་) སློབ་མ་རེས་གསོ་སྦྱོང་སློབ་ཚན་གཅིག་ལས་ཐོ་འགོད་མི་ཆོག་པ་དང་མིང་ཐོ་བཀོད་རྗེས་སློབ་ཚན་བཟོ་བཅོས་རྒྱག་མི་ཆོག 



བཞི། གསོ་སྦྱོང་དུས་ཚོད། 


2024ལོའི་ཟླ་12པའི་ཚེས་20ཉིན་ནས་2025ལོའི་ཟླ་1པོའི་ཚེས་20ཉིན་བར་ཁྱོན་ཉིན་31(གཟའ་ཟླ་བ་ནས་སྤེན་པའི་བར་)


ལྔ། མིང་ཐོ་འགོད་པའི་དུས་ཚོད་དང་མིང་ཐོ་འགོད་སྟངས།


2024ལོའི་ཟླ་12པའི་ཚེས་18ཉིན་ནས་ཟླ་12ཚེས་19ཉིན་བར་གྱི་ཉིན་རེའི་སྔ་དྲོའི་ཆུ་ཚོད་10:00-12:30དང་། ཕྱི་དྲོའི་ཆུ་ཚོད་15:00-18:00བར། ཐེམ་ཐོའམ་ཡང་ན་ཐོབ་ཐང་ལག་ཁྱེར་འཁྱེར་ནས་མང་ཚོགས་སྒྱུ་རྩལ་ཁང་གི་སྒོ་རའི་ནང་མིང་ཐོ་འགོད་ཆོག




ང་ཚོས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་དགུན་ཁའི་གུང་གསེང་རིང་གི་འཚོ་བ་ཕུན་སུམ་ཚོགས་པོ་ཞིག་རོལ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།




驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章