ཉིན་རེར་སྒོ་ང་ག་ཚོད་ཟ་ན་ཡག་པ་ཡོད་དམ།

民生   2024-11-28 15:52   西藏  

ཉིན་རེར་སྒོག་ཚོད་ཟ་ནཡག་པ་ཡོད་དམ།

འཚོ་བཅུད་རིག་པའི་ཐད་ནས་བཤད་ན། རྒྱུན་ལྡན་གྱི་མིས་ཉིན་རེར་སྒོ་ང་1ནས་2བར་ཟ་ན་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། སྒོ་ངའི་ནང་མཁྲིས་ཕྲུམ་གྱི་འདུས་ཚད་ཧ་ཅང་མཐོ་ཞིང་། བ་དྲགས་ན་དྭངས་ཁྲག་ནང་གི་མཁྲིས་ཕྲུ་གྱི་འདུས་ཚད་མཐོ་དྲགས་སྲིད། བྱ་སྒོང་ཟ་རྒྱུ་མང་ན་འཚོ་བཅུད་མང་དྲགས་ནས་རྒྱགས་པ་ཆགས་པ་མ་ཟད། མིའི་ལུས་ཕུང་གིས་ཟས་རིགས་གཞན་དག་གི་འཚོ་བཅུད་ལེན་པར་གནོད་དེ་འཚོ་བཅུད་དོ་སྙོམས་ཡོང་གི་མེད། དུས་ཡུན་རིང་པོར་སྒོང་ཟ་རྒྱུ་མང་དྲགས་ན་འཇུ་སྟོབས་ཞན་དུ་འགྲོ་ཡང་སྲིད། སྒོང་དབྱེ་ཕྲལ་བྱས་རྗེས་ཐོན་པའི་ཏན་འདྲེས་པའི་སྙིགས་རྫས་ཀྱིས་ད་དུང་མཁལ་མ་དང་མཆིན་པའི་ཁུར་བོ་ལྗིད་དུ་གཏོང་སྲིད།

སྒོ་ངའི་སེར་རིལ་ག་ཚོད་ཀྱིས་སེར་བ་ཡོད་་དེ་ཙམ་གྱིས་འཚོ་བཅུད་ལྡན་པ་ཡིན་ནམ། 

སྒོའི་སེར་རིལ་གྱི་ཁ་དོག་དང་དེའི་ནང་གི་མདོག་རྒྱུ་ལ་འབྲེལ་བ་ཡོད་ཅིང་། དེའི་ནང་གི་མདོག་རྒྱུ་ཁ་ཤས་དཔེར་ན་ཧུའུ་ལ་ཕུག་གཞི་རྒྱུ་སོགས་ལ་འཚོ་བཅུད་ཀྱི་རིན་ཐང་ལྡན་ཡོད་བདེན་ཡིན། དཔེར་ན། ཧུའུ་ལ་ཕུག་གཞི་རྒྱུ་ནི་འཚོ་རྒྱུ་Aཡི་་གཟུགས་ཡིན་པས། མིག་ཤེད་དང་ནད་འགོག་མ་ལག་གི་བདེ་ཐང་སྲུང་སྐྱོབ་བྱེད་པར་ཕན་པ་ལྡན་ཡོད། འོན་ཀྱང་སྒོའི་སེར་རིལ་གྱི་ཁ་དོག་སེར་དང་མ་སེར་གྱིས་དེའི་ནང་གི་འཚོ་བཅུད་ཀྱི་གྲུབ་ཆ་མཐོ་དམན་མཚོན་མི་ཐུབ། འཚོ་བཅུད་ཀྱི་ངོས་ནས་བཤད་ན། ང་ཚོས་སྒོ་ངའི་སེར་རིལ་ཁྲོད་ཀྱི་འཚོ་བཅུད་དངོས་ཀྱི་གྲུབ་ཆ་འདུས་ཚད་ལ་དོ་སྣང་བྱེད་པ་ལསདེའི་ཁ་དོག་ཁོ་ནར་དོ་སྣང་བྱེད་རྒྱུ་མེད། སྤུས་ལེགས་གཟན་ཆས་དང་འོས་འཚམ་གྱི་གསོ་ཚགས་བྱེད་ཐབས་ཀྱིས་འཚོ་བཅུད་འདུས་ཚད་དེ་བས་མཐོ་བའི་སྒོ་ངའི་སེར་རིལ་ཐོན་པར་ཕན་པ་ཡོད། དེ་དང་མཉམ་དུ་ང་ཚོས་བཟའ་བཏུང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་འཚོ་རྒྱུ་དང་གཏེར་རྒྱུ་ཕུན་སུམ་ཚོགས་པོ་འདུས་པའི་བཟའ་བཅས་ཕྱོགས་ཡོངས་ཀྱི་འཚོ་བཅུད་ཐོབ་པ་བྱེད་དགོས།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章