གཡོ་སྒྱུ་ཅན་ལ་གྱོང་གུན་ཕོག་པ།

民生   2024-10-03 23:06   中国  

གཡོ་སྒྱུ་ཅན་ལ་གྱོང་གུན་ཕོག་པ།   
    སྔར་ཤེལ་སྒོ་འཚོང་མཁན་ཞིག་ཡོད་པ་དེས་རང་གི་བུ་མོ་ཁྲོམ་ལ་ཤེལ་སྒོ་འཚོང་བར་མངགས་ཀྱང་། ཉིན་གང་ལ་ཤེལ་སྒོ་གཏན་ནས་མ་བྲིན། ཕྱི་ཉིན་ཞོགས་པར་ཁོས་སྔར་བཞིན་བུ་མོ་ཤེལ་སྒོ་འཚོང་བར་བཏང་རྗེས་ཁྲམ་པ་འགའ་རུབ་རུབ་བཟོས་ཏེ། ཁྱོད་ཚོས་ཁྲོམ་རའི་ཤེལ་སྒོ་ཡོད་ཚད་བཅག་ན། ངས་ཁྱོད་ཚོར་དངུལ་སྲང་ལྔ་རེ་སྟེར་ཆོག་ཅེས་བཤད་དེ་ངན་སྐུལ་བྱས་པར། ཁྲམ་པ་དེ་རྣམས་ལམ་སེང་ཁྲོམ་དུ་བསྐྱོད་པས། བུ་མོ་ཞིག་གིས་ཤེལ་སྒོ་འཚོང་བཞིན་པ་མཐོང་འཕྲལ། དེ་མ་ཉིད་དུ་མོའི་ཤེལ་སྒོ་ཡོད་ཚད་བཅག་ནས་ཧྲུག་ཆག་ཏུ་བཏང་། བུ་མོ་དེ་ནི་སེམས་རབ་ཏུ་སྡུག་སྟེ་ངུ་བཞིན་ཕའི་འགྲམ་དུ་ལོག ཁྲམ་པ་ཚོའང་ཤེལ་སྒོ་འཚོང་མཁན་གྱི་བུ་མོ་དེའི་ཕའི་འགྲམ་དུ་འབྱོར་ནས་ཁོ་ལ། ཁྲོམ་ཐོག་གི་ཤེལ་སྒོ་ཚང་མ་བཅག་ཟིན་པས་ད་དངུལ་དགོས་ཞེས་ཟེར། སྐབས་དེར་ཁོ་ག་བྱེད་འདི་བྱེད་མེད་པར་གྱུར་ནས་ཁྲམ་པ་རྣམས་ལ། ཁྱོད་ཚོས་ཁྲོམ་རའི་སྒེའུ་ཁུང་གི་ཤེལ་སྒོ་མ་བཅག་པར། ངའི་འཚོང་བྱེད་ཀྱི་ཤེལ་སྒོ་བཅག་ནས་གང་བྱེད་དམ་ཞེས་སྨྲ་ཞོར། འ་ཆད་འུ་ཐུག་ངང་ནས་ཁྲམ་པ་རྣམས་ལ་དངུལ་མ་སྤྲོད་རང་སྤྲོད་དུ་གྱུར་ཏོ།།





驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章