2025ལོ་ནས་གློག་སྒུལ་སྦག་སྦག་འདི་རིགས་གཏོང་ཆོག་གི་མི་འདུག

民生   2024-12-14 16:00   西藏  

ལྷ་ས་གྲོང་ཁྱེར་གྱི་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་རའི་ཐོག་མེད་པ་བཟོ་བའི་སྤྱི་བསྒྲགས།

རྒྱ་ཆེའི་འགྲུལ་བཞུད་པ་རྣམས་ལ་ཞུ་རྒྱུར།
    རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་བླང་བྱ་ལྟར། ལྷ་ས་གྲོང་ཁྱེར་གྱི་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་རའི་ཐོག་མེད་པ་བཟོ་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
    གཅིག བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་སྦག་སྦག་དོ་དམ་བྱ་ཐབས་ཀྱི་གཏན་འབེབསགཞིར་བཟུང་། 2021ལོའི་ཟླ་1ཚེས་10ནས་ཟླ་12ཚེས་31ཉིན་བར་ལྷ་ས་གྲོང་ཁྱེར་དུ་གཞི་དཀར་ཡིག་དམར་ཅན་གྱི་གནས་སྐབས་བར་བརྒལ་ཨང་རྟགས་དང་འགྲོ་སྐྱོད་ལག་ཁྱེར་བླངས་པའི་ཚད་བརྒལ་གློག་སྒུལ་སྦག་སྦག་དང་རིགས་ཁག་གི་ཐོ་འགོད་བྱས་མེད་པའི་ཚད་བརྒལ་གློག་སྒུལ་སྦག་སྦགདེའི་ནངགློག་སྒུལ་སྦག་སྦག་དང་གློག་སྒུལ་སྦག་སྦག་ཆུང་གྲས་ཀྱི་ཀུན་སྤྱོད་ལག་རྩལ་ཆ་རྐྱེན》(GB/T24158-2018)གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོན་སྐྱེད་ཁེ་ལས་དང་ཐོན་རྫས་ཀྱི་སྤྱི་བསྒྲགས་དཀར་ཆག་ནང་བཅུག་མེད་པ། གློག་སྒུལ་སྦག་སྦག་གི་བདེ་འཇགས་ལག་རྩལ་ཚད་གཞི(GB/17761-2018)དང་མི་མཐུན་པའི་རིགས་བཅས་ཚུད་ཡོད2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་ཐོག་གཏོང་ཆོག་གི་མེད།

    གཉིས། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ཚད་བརྒལ་གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་གཞུང་ལམ་ཐོག་བཏང་ཚེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསདངབོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་སྦག་སྦག་དོ་དམ་བྱ་ཐབསཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན།


    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།


ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས།

2024ལོའི་ཟླ་12ཚེས་11ཉིན།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章