ཁོངས་གཏོགས་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་གྲོང་མིའི་སྔོན་འགོག་སྨན་ཁབ་རྒྱག་པར་བང་བསྒྲིགས་ནས་སྒུག་སྡོད་རྒྱུ་ཉུང་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་ཀྱི་སྔོན་འགོག་སྨན་ཁབ་རྒྱག་པའི་ཚན་པ་ཚང་མས་བྱིས་པའི་སྔོན་འགོག་སྨན་ཁབ་དྲ་ཐོག་ནས་སྔོན་མངག་ཞབས་ཞུ་སྤེལ་བཞིན་ཡོད་པས། གྲོང་མི་ཚོས་༼ ཁྲེང་ཀོན་གྱི་བདེ་ཐང་མི་ཚེ ༽ཞེས་པའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་སྔོན་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་སྔོན་མངག་བྱས་ཆོག
为方便辖区群众,减少居民预防接种排队等候问题,拉萨市城关区所有预防接种单位均已开通儿童预防接种线上预约服务,请广大市民通过微信公众号“城关健康人生”预约预防接种服务。
གཤམ་གྱི་རྟགས་བཤེར་མནན་ནས་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་གནང་དང་།
རྟགས་དམར་པོའི་ནང་གི་རྒྱ་ཡིག་ 预约预防接种 ཟེར་བ་འདི་མནན་དང་།
སྐད་འཕྲིན་བྱ་རིམ་ཆུང་གྲས་ནང་གི་དམར་རྟགས་དཀྱིལ་གྱི་+འདི་མནན་ནས་ཕྲུ་གུའི་ཆ་འཕྲིན་འབྲི་དགོས།
གོ་རིམ་གསུམ་པ།
༡ ཕྲུ་གུའི་རིམས་འགོག་སྨན་ཁབ་ལག་དེབ་ནང་གི་ཤུར་རྟགས་ཨང་གྲངས་བླུགས་ན་བྱིས་པའི་ཡིག་ཚགས་ཤེས་ཐུབ།
༢ གྲོང་མིའི་ཐོབ་ཐང་ལག་ཁྱེར་ཨང་གྲངས་བླུགས་ན་བྱིས་པའི་ཡིག་ཚགས་ཤེས་ཐུབ།
གོ་རིམ་བཞི་པ།
ཤུར་རྟགས་ཨང་གྲངས་བླུགས་ན་ཕྲུ་གུའི་ཡིག་ཚགས་ཤེས་ཐུབ།
གོ་རིམ་ལྔ་པ།
ཁ་པར་ཨང་གྲངས་བླུགས་ནས་ར་སྤྲོད་ཨང་རྟགས་ལེན་དགོས།
གོ་རིམ་དྲུག་པ།
ད་འགྲིག་སོང་བེད་སྤྱོད་བྱས་ན་འགྲིག
གོ་རིམ་དང་པོ།
རྟགས་དམར་པོའི་ནང་གི་རྒྱ་ཡིག་去预约 ཟེར་བ་མནན་དང་།
གོ་རིམ་གཉིས་པ།
རྒྱ་ཡིག་应种疫苗 ཟེར་བའི་གཤམ་ནས་བརྒྱབ་རན་པའི་རིམས་འགོག་སྨན་ཁབ་འདེམ་དགོས།
གོ་རིམ་གསུམ་པ།
ཕྲུ་གུའི་བདེ་ཐང་གནས་ཚུལ་ལ་གཞིགས་ཏེ་ནང་དོན་འབྲི་དགོས།
གོ་རིམ་བཞི་པ།
སྔོན་མངག་བྱེད་པའི་ཚེས་གྲངས་འདེམ་དགོས།
གོ་རིམ་ལྔ་པ།
སྔོན་མངག་བྱེད་པའི་དུས་ཚོད་དང་ཕྲུ་གུའི་ཆ་འཕྲིན་འབྲི་དགོས།
གོ་རིམ་དྲུག་པ།
སྔོན་མངག་ལེགས་སྒྲུབ་བྱུང་བ།