རང་རེའི་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་དེ་བཞིན་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་གུང་གསེང་གཅིག་རྗེས་གཉིས་མཐུད་ངང་བཞག་ཡོད། ཕྲུ་གུ་ཚོའི་གུང་སེང་གི་འཚོ་བ་དེ་བས་བདེ་འཇགས་དང་སྤྲོ་སྣང་ལྡན་པ་ཞིག་ཡོང་ཆེད། གཞིས་ཀ་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་དེར་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་ཞིག་ཕུལ་འདུག་པས་སློབ་མ་དང་ཁྱིམ་བདག་ཚོས་ཡིན་གཅིག་གཟིགས་རྒྱུའི་རེ་བ་ཡོད།
སློབ་མའི་འགྲིམ་འགྲུལ་ལས་འཛོལ་གྱི་ཁྱད་ཆོས།
གཞུང་ལམ་བརྒལ་སྐབས་ཧ་རེ་ཧུ་རེ་བྱེད་པ་དང་། གློ་བུར་དུ་འཕྲེད་བཅད་གཏོང་བ། ཧོབ་སྟེ་མགྱོགས་པོ་རྒྱུག་པ། ལམ་ཕྱེད་ནས་ཕྱིར་ལྡོག་པ་སོགས་ཀྱི་བྱ་སྤྱོད་ཀྱིས་འགྲིམ་འགྲུལ་དོན་རྐྱེན་ཐོན་སླ།
ཁུལ་ཆུང་དང་། རླངས་འཁོར་འཇོག་ས། ལམ་ཟུར་གྱི་རླངས་འཁོར་འཇོག་སའི་ཁུལ་སོགས་སུ་རྩེད་མོ་རྩེ་སྐབས། རླངས་འཁོར་ཅུང་མང་བས་འགྲིམ་འགྲུལ་དོན་རྐྱེན་འབྱུང་སྲིད།
སྒྲིག་འགལ་ངང་རྐང་འཁོར་དང་གློག་སྒུལ་སྦག་སྦག་གཏོང་བ། འགྲོ་ལམ་ཐོག་འབུད་རྒྱག་གཏོང་བ་དང་རྩེད་འཇོར་རོལ་ནས་འགྲིམ་འགྲུལ་ལས་འཛོལ་ཡང་ཡང་ཐོན་གྱི་ཡོད།
བེད་མེད་རླངས་འཁོར་གཏོང་བ་དང་འགྲུལ་པ་ཤོང་ཚད་ལས་བརྒལ་ནས་བླུགས་པ། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ། ཁ་ཕྱོགས་ལྡོག་སྟེ་རླངས་འཁོར་གཏོང་བ་སོགས་ཀྱིས་འགྲིམ་འགྲུལ་ལས་འཛོལ་མངོན་གསལ་དོད་པོ་ཐོན་གྱི་ཡོད།
སློབ་མ་ཕྱིར་སྐྱོད་ཀྱི་ཕྱོགས་སྟོན།
གཞུང་ལམ་སྟེང་དུ་འགྲོ་དུས་མི་འགྲོ་སའི་ལམ་སོགས་བརྒྱུད་དགོས་པ་ལས། གློ་བུར་དུ་རྒྱུག་པའམ་ཡང་ན་གློ་བུར་དུ་ཕྱིར་ལོག་རྒྱག་མི་ཉན་ལ། གང་འདོད་དུ་གཞུང་ལམ་བརྒྱུད་མི་རུང་།
གཞུང་ལམ་བརྒལ་སྐབས་འགྲིམ་འགྲུལ་བརྡ་རྟགས་ཀྱི་སྒྲིག་སྲོལ་ལྟར་འགྲོ་དགོས།
མི་བགྲོད་ཁྲ་ཐིག་མེད་པ་དང་བགྲོད་སའི་སྒྲིག་ཆས་མེད་པའི་ས་ཁོངས་སུ་རྒྱ་ལམ་འཕྲེད་བརྒལ་བྱེད་དུས་སྔོན་ལ་བདེ་འཇགས་ཡིན་པ་ལྟས་རྗེས་ད་གཟོད་གཞི་ནས་འགྲོ་དགོས།
གཞུང་ལམ་བརྒལ་སྐབས། ཁྱིམ་བདག་གིས་ངེས་པར་དུ་བྱིས་པའི་ལག་པར་དམ་པོར་འཇུ་དགོས་པ་དང་། བྱིས་པས་རླངས་འཁོར་གྱི་བགྲོད་ལམ་དུ་འདེད་རེས་དང་རྩེད་མོ་གཏན་ནས་རྩེད་མི་རུང་།
རྐང་འཁོར་བཞོན་པའི་མྱུར་ཚད་མགྱོགས་དྲགས་རྒྱུ་མེད། རྐང་འཁོར་ཡིན་ནའང་འདྲ། ཡང་ན་འགྲིམ་འགྲུལ་ཡོ་བྱད་གཞན་དག་གང་ཞིག་ཡིན་རུང་། མྱུར་ཚད་མགྱོགས་དྲགས་ན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་སླ་པོ་ཡོད།
ལོ་བཅུ་དྲུག་མ་ལོན་གོང་གློག་སྒུལ་སྦག་སྦག་བཞོན་མི་ཆོག་པ་དང་། ལོ་བཅོ་བརྒྱད་ལ་མ་སོན་ཁར་ཁྲིམས་ལྟར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་ན། སྦག་སྦག་བཞོན་ནས་ལམ་དུ་སྐྱོད་མི་ཆོག
གློག་སྒུལ་སྦག་སྦག་བཞོན་ནས་འགྲོ་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་པ་ལས། ཁ་པར་ལྟ་བ་དང་གླུ་ཉན་པ་སོགས་བྱ་མི་རུང་།
སྤྱི་སྤྱོད་རླངས་འཁོར་སྡོད་སྐབས་བརྟན་པོའི་ངང་སྡོད་པའམ་ཡང་ན་སྐྱོར་དགོས་པ། སྔོན་ལ་བབས་ནས་རྗེས་སུ་འཛེག་དགོས་པ་ལས་རྐང་བཙུགས་ནས་འབུད་རྒྱག་གཏོང་བ་དང་ཚང་ཁ་རྒྱག་པ་སོགས་བྱེད་མི་རུང་།
རླངས་འཁོར་ནང་དུ་སྡོད་པའི་སྐབས་སུ་གང་འདོད་དུ་རླངས་འཁོར་ཕྱི་ལ་གད་སྙིགས་གཡུགས་མི་རུང་།
རླངས་འཁོར་བརྟན་པོ་ཁ་བཀག་རྗེས། ཉེ་འཁོར་གྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ། གཞི་ནས་རླངས་འཁོར་ལས་བབས་དགོས།
ཆང་རག་བཏུངས་བ་དང་ར་བཟི་ནས་རླངས་འཁོར་གཏོང་མི་རུང་།
ཁྱིམ་བདག་གི་སློབ་གསོ་ཁྲིད་སྟོན་ཐད།
བྱིས་པ་གཅིག་པུ་ཕྱིར་འགྲོ་མི་ཆོག་པའི་སློབ་གསོ་གཏོང་དགོས། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་ཡོད་ཚེ། ཕ་མར་རང་ཉིད་ཀྱི་འགྲོ་ཕྱོགས་དང་ནང་དོན། གྲོགས་པོ། ཕྱིར་ལོག་པའི་དུས་ཚོད། སྡོད་པའི་རླངས་འཁོར་གྱི་ཆ་འཕྲིན་སོགས་གསལ་པོ་བཤད་འཇུག་དགོས།