ལམ་འདིའི་བརྒྱུད་ལ་བར་མཚམས་རང་བཞིན་གྱི་བཀག་སྡོམ་ཉིན་༡༢བྱ་རྒྱུ་་་་

民生   2024-08-27 17:30   西藏  

       སྙེ་མོ་འགྲིམ་འགྲུལ་ཉེན་རྟོག་པ་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ཆས་སྒྱུར་བཀོད་བྱས་ཏེ། འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་གཏང་ཆེད། ཉེ་ཆར་གཞིས་ཀ་རྩེ་གཞུང་ལམ་བྱ་གཞག་འཕེལ་རྒྱས་ལྟེ་གནས་ཆུ་ཤུར་བདག་སྐྱོང་དུམ་བུས་རྒྱལ་ལམ་ལམ་ཐིག་༣༡༨ཀྱི་སྙེ་མོ་དུམ་བུར་བཙུགས་པའི་འགོག་སྲུང་དྲ་བ་ཕྱོགས་ལྔ་ལ་ཉམས་གསོ་བྱས་ཡོད་པ་དང་། ༼ དྲ་བ་རྙིང་པ་གསར་བརྗེས་དང་། བྲག་རྡོ་ཉིལ་ཉེན་ཆེ་སར་ལེགས་བཅོས། ཕུར་པ་བརྟན་དུ་གཏང་བ། ལྕགས་དྲ་གསར་པ་འདིང་པ་སོགས་ཚུད་ཡོད ༽ད་ལྟ་འབྲེལ་ཡོད་གསལ་བརྡ་གཏང་རྒྱུ་གཤམ་གསལ།

དང་པོ། བཀག་སྡོམ་ལམ་དུམ།

      རྒྱལ་ལམ་ལམ་ཐིག་318ཀྱི་K༤༦༨༦+༥༠༥དང་། K༤༦༩༩+༠༣༠། K༤༧༠༨+༥༦༠། 

K༤༧༡༠+༢༠༠། K༤༧༢༠+༠༥༠བཅས་ཡིན།

གཉིས། བཀག་སྡོམ་དུས་ཚོད།

    ༢༠༢༤ལོའི་སྤྱི་ཟླ་༨ཚེས་༢༤ཉིན་ནས་སྤྱི་ཟླ་༩ཚེས་༤ཉིན་བར་ ༼ ཉིན་རེའི་ཞོགས་པའི་ཆུ་ཚོད་༧པ་ནས་ཕྱི་དྲོའི་ཆུ་ཚོད་༧པ་བར ༽ཡིན།

གསུམ། བཀག་སྡོམ་བྱེད་སྟངས།

     བཀག་སྡོམ་ཆུ་ཚོད་གཅིག་དང་ཤར་གཏོང་ཆུ་ཚོད་གཅིག་གི་བར་གསེང་རང་བཞིན་གྱི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།

      

སྙེ་མོའི་འགྲིམ་འགྲུལ་ཉེན་རྟོག་པས་

དྲན་སྐུལ་ཞུ་རྒྱུར།


༡. ཨར་ལས་ལམ་དུམ་དུ་རླངས་འཁོར་གང་རུང་འཇོག་མི་ཆོག 

༢. ཨར་ལས་བྱེད་རིང་། ལམ་དུམ་དེར་འགྲིམ་འགྲུལ་འགག་པ་དང་འགྲོ་འོང་སྟབས་མི་བདེ་བའི་གནས་ཚུལ་ཐོན་སླ་བས། འགྲོ་འོང་འཕྲུལ་འཁོར་གྱིས་དུས་ཚོད་དང་ལམ་ཐིག་ལུགས་མཐུན་འཆར་འགོད་བྱ་དགོས།

༣. ཨར་ལས་ལམ་དུམ་བརྒྱུད་སྐབས། འཕྲུལ་འཁོར་གཏོང་མཁན་གྱིས་ལས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་བརྩི་སྲུང་ཞུ་བ་དང་། འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ཏེ། གཟབ་ནན་ངང་ཨར་ལས་ས་ཁོངས་བརྒྱུད་དགོས་པ་བཅས་བྱ་དགོས།


据“尼木交警”微信公众号消息,为提升道路安全设施,改善道路出行环境,近期日喀则公路事业发展中心曲水养护段对国道318线尼木段五处山体设置的主动防护网进行修复处置(包括旧网清理,山体危岩体清理,设置锚固点、铺设新网等),现将有关通告如下:

一、管制路段:

国道318线K4686+505、K4699+030、K4708+560、K4710+200、K4720+050;

二、管制时间:

2024年8月24日-9月4日(每天上午7时至下午19时)

三、管制方式:

实行封闭一小时开放一小时的间歇性交通管制。

尼木交警提醒


1、施工路段严禁停放任何车辆。

2、施工期间,该路段易出现交通拥堵和出行不便,请广大群众及过往车辆,合理规划出行时间及路线。

3、行经施工路段时,请广大交通参与者服从现场工作人员指挥,遵守交规,谨慎驾驶,安全通过施工区域。

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章