ད་ལྟའི་དུས་ལ་ཆམ་པ་ཕོག་སླ་བས། སྔོན་འགོག་འདི་ལྟར་བྱེད་དགོས།

民生   2024-10-24 16:36   西藏  

    ད་ལྟའི་དུས་ནི་ཆམ་པ་ཕོག་སླ་བའི་དུས་ཚིགས་ཤིག་ཡིན་པས། ང་ཚོས་ནམ་དུས་འདིར་ཆམ་ནད་སྔོན་འགོག་ཇི་ལྟར་བྱེད་དགོས་ཤེ་ན།

    གཅིག ཆུ་ཚ་པོར་རྐང་པ་སྦོང་དགོས། རྒྱུན་དུ་ནས་ཆུ་ཚ་པོར་རྐང་པ་སྦོང་དགོས་པ་དང་། རྐང་པ་དམར་པོ་ཆག་ཆག་སྦངས་ཚེ་སྔོན་འགོག་གི་ནུས་པ་དེ་བས་ཡག་པ་ཐོན་སྲིད།

    གཉིས། ཆུ་ཁོལ་མང་ཙམ་འཐུང་དགོས། དགུན་དུས་སྐམ་ཤས་ཆེ་བས་ཆུ་ཁོལ་མང་ཙམ་འཐུང་དགོས་ཤིང་། འདི་ལྟར་བྱས་ཚེ་གཟུགས་པོའི་དུག་རྒྱུ་གཅིན་པ་དང་མཉམ་དུ་ཕྱིར་དོན་པར་ཕན་པ་ཆེན་པོ་ཡོད།

    གསུམ། ཆུ་གྲང་མོས་གདོང་པ་བཀྲུ་དགོས། ཆུ་གྲང་མོས་གདོང་པ་བཀྲུས་ན་པགས་པའི་ནང་གི་ཁྲག་འཁོར་རྒྱུག་དེ་བས་ལེགས་པ་ཐུབ་པས། ནད་འགོག་ནུས་པ་སྔར་བས་ཡག་ཏུ་འགྲོ་ལ། ཆམ་ནད་སྔོན་འགོག་ཀྱང་དེ་བས་ལེགས་པ་ཡོང་ཐུབ།

    བཞི། ལག་པ་འཕུར་དགོས། རྒྱུན་དུ་ལག་པ་འཕུར་འཕུར་བཏང་ན་ཁྲག་གི་འཁོར་རྒྱུག་ལ་ཕན་པ་ཡོད་ལ། དབུགས་ལམ་གྱི་ནད་འགོག་ནུས་པ་ཆེ་རུ་འགྲོ་བར་ཡང་ཕན་པ་ཆེན་པོ་ཡོད།

    ལྔ། ཚྭ་ཆུས་ཁ་བཤལ་དགོས། ཚྭ་ཆུ་ནི་རང་བྱུང་གི་དུག་སེལ་ཡོ་བྱད་ཅིག་ཡིན་ཞིང་། གལ་སྲིད་ཁྱེད་ལ་ཆམ་པ་རྒྱག་གྲབས་ཡོད་དུས། ཚྭ་ཆུས་ཁ་བཤལ་ཐེངས་འགའ་བཏང་ན། ཆམ་ནད་སྔོན་འགོག་ཡག་པོ་བྱེད་ཐུབ།

    དྲུག ལུས་སྦྱོང་འོས་འཚམ་བྱེད་དགོས། ལུས་སྦྱོང་འོས་འཚམ་བྱས་ཚེ་མིའི་ལུས་པོའི་རྙིང་ཚབ་གསར་འབྱེད་ཡག་པོ་ཡོང་བ་དང་སྦྲགས། ཆམ་ནད་སྔོན་འགོག་བྱེད་ཐུབ།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章