རིམས་འགོག་སྨན་ཁབ་སྐོར་གྱི་ཤེས་བྱ།
འགོག་སྨན་ནི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཆེད་མིའི་གཟུགས་པོར་རྒྱག་པའི་སྔོན་འགོག་རང་བཞིན་གྱི་སྐྱེ་དངོས་དངོས་རྫས་ཤིག་ཡིན། འགོག་སྨན་འགྲོ་རྒྱུག་དང་དོ་དམ་སྲོལ་ཡིག་གཞིར་བཟུང་རིམས་འགོག་སྨན་ཁབ་རིགས་གཉིས་ལ་དབྱེས་ཡོད།
འགོག་སྨན་རིགས་དང་པོ།
འགོག་སྨན་རིགས་གཉིས་པ།
རིགས་གཉིས་པ་ནི་སྤྱི་དམངས་རང་ཉིད་ཀྱིས་གྲོན་དངུལ་བཏང་ནས་རང་མོས་ཐོག་རྒྱག་པའི་འགོག་སྨན་ཞིག་ཡིན། དེའི་ནང་ཁྱི་སྨྱོན་ནད་འགོག་འགོག་སྨན་(狂犬疫苗)དང་གློ་ཚད་ཟླུམ་དབྱིབས་འགོག་སྨན།(肺炎球菌疫苗) ཆམ་རིམས་Bརིགས་དབྱུག་སྲིན་གྱི་འགོག་སྨན།(B型流感嗜血杆菌疫苗) ཆུ་ཐོར་གྱི་འགོག་སྨན།(水痘疫苗) ཁ་ཟས་འཁོར་དབྱིབས་དུག་སེལ་འགོག་སྨན་(口服轮状减毒活疫苗)བཅས་ཚུད་ཡོད། འགོག་སྨན་རིགས་གཉིས་པ་འདི་ནི་ས་ཆ་དེ་གའི་འབྲེལ་ཡོད་རིམས་ནད་ཐོན་ཚུལ་ལ་གཞིགས་ཏེ་མི་རྣམས་ལ་འོས་སྦྱོར་བྱས་པ་ཞིག་ཡིན་པས། ཁྱིམ་བདག་གི་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཆ་རྐྱེན་ལ་བལྟས་ནས་འདམས་ཁ་བྱས་ཏེ་བརྒྱབ་ན་འགྲིག་གི་ཡོད་མོད། འོན་ཀྱང་ང་ཚོས་དཔལ་འབྱོར་གྱི་ཆ་རྐྱེན་ཡོད་ལ་ནད་རིགས་འདི་དག་འགོས་ཚོད་ཉུང་དུ་གཏོང་འདོད་ཡོད་པའི་ཁྱིམ་ཚང་གི་འགོག་སྨན་རིགས་ཆ་ཚང་རྒྱག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། གང་ལགས་ཤེ་ན། འགོག་སྨན་གྱིས་རིམས་ནད་སྔོན་འགོག་བྱེད་པར་དམིགས་སའི་རང་བཞིན་ལྡན་ཡོད་ཅིང་། འགོག་སྨན་གང་བརྒྱབ་ན་དེ་མཚུངས་ཀྱི་རིམས་ནད་སྔོན་འགོག་བྱེད་ཀྱི་ཡོད། དཔེར་ན་ཀླད་ཚད་ཁ་པའི་འགོག་སྨན་(乙脑疫苗)བརྒྱབ་ན་ཀླད་ཚད་ཁ་པའི་རིམས་ནད་(流行性乙型脑炎)འགོག་ཐུབ་པ་ལས་དེ་མིན་གྱི་རིམས་ནད་འགོག་མི་ཐུབ་པ་ལྟ་བུའོ།
འགོག་སྨན་གྱིས་ན་ཚ་གང་དག་སྔོན་འགོག་བྱེད་ཐུབ།
འགོག་སྨན་བརྒྱབ་ན་འདུས་འདྲིལ་གཅོང་ནད་(肺结核)དང་། མཆིན་ཚད་ཁ་པ།(乙型肝炎) ཀླད་ཚད་ཁ་པ།(乙脑) ཀླད་རྒྱུངས་སྐྱ་བོའི་ནད།(脊髓灰质炎) ཉིན་བརྒྱའི་ལུད་ནད།百日咳) གག་པ།(白喉) འཛུམ་བུ་ལྟག་དགྱེ།(破伤风) སིབ་བི།(麻疹) འགྲམ་རྨེན་གཉན་ཚད་ཀྱི་ཡམས་ནད་(流行性腮腺炎) ཀླད་རྒྱུངས་སྐྱ་མོའི་གཉན་ཚད།(流行性脊髓膜炎) མཆིན་པའི་གཉན་ཚད་ཀ་པ།(甲型肝炎) ཆུ་ཐོར་(水痘)ལ་སོགས་ཀྱི་རིམས་ནད་སྔོན་འགོག་ཐུབ་ཀྱི་ཡོད།
གནས་ཚུལ་གང་འདྲ་ཞིག་ལ་འགོག་སྨན་རྒྱག་མི་རུང་།
༡.པགས་ནད་ཕོག་པའི་ཕྲུ་གུར་གནས་སྐབས་རིང་འགོག་སྨན་རྒྱག་མི་རུང་། ནད་གཞི་ཅུང་ལྷོད་དུ་སོང་རྗེས་བརྒྱབ་ན་འགྲིག
ཁྱེད་ཀྱི་ཕྲུ་གུ་སྐྱེས་མ་ཐག་པའམ་ཡང་ན་སྐྱེད་ཟིན་རྗེས་གཤམ་གྱི་གནས་ཚུལ་ཡོད་ཚེ་འགོག་སྨན་རྒྱག་མི་རུང་བ་མ་ཟད་སྨན་པར་གསལ་བཤད་བྱེད་དགོས།
༢.ཆམ་པ་ཕོག་པ་དང་གྲོད་པ་བཤལ་བ།
ཚ་བ་རྒྱག་པ། གྲོད་པ་ལྟོག་པ། སྐྱུག་པ་སྐྱུག་པ་སོགས་ཀྱི་གནས་ཚུལ་འོག་འགོག་སྨན་རྒྱག་པའི་དུས་ཚོད་ནར་འགྱངས་བྱས་ན་ཆོག།
༣.ཕྲུ་གུར་མཆིན་ནད་(肝炎)དང་འདུས་འདྲིལ་གཅོང་ནད་(结核)སོགས་འགོས་ནད་དང་སྙིང་ནད་དྲག་པོ་(严重心脏病)ཕོགས་སྐབས། གཟུགས་པོའི་རིམས་འགོག་ནུས་པ་ཉམས་ཞན་དུ་འགྲོ་གི་ཡོད། གལ་སྲིད་དེའི་རིང་འགོག་སྨན་བརྒྱབ་ན་ནད་གཞི་ལྗི་རུ་འགྲོ་གི་ཡོད་པས་འགོག་སྨན་རྒྱག་མི་རུང་།
༤.འཚོ་བཅུད་ཚབས་ཆེན་མི་འདང་བའམ་ཡང་ན་རིམས་འགོག་ནུས་པ་ཆ་མི་ཚང་བ། དཔེར་ན་གཟུགས་པོ་སྐྱོ་བ་དང་ན་སླ་བ་དེ་བཞིན་ད་རྒན་ནད་(佝偻病)ཕོག་པའི་ཕྲུ་གུར་འགོག་སྨན་རྒྱག་རྒྱུ་མེད།
༥.མི་འཕྲོད་པའི་ནད་རིགས་(过敏性疾病)ཏེ། དཔེར་ན་གློ་ཡུའི་ཡན་ལག་དབུགས་འཚང་(支气管哮喘)དང་། ཁྲག་རྡུལ་ཉུང་འགྲོ་རང་བཞིན་གྱི་སྨུག་ཐིག།(血小板减少性紫癜) དེ་སྔོན་དུག་སྲིན་(抗生素)འགོག་སྨན་དང་། སྐྱེ་དངོས་བཟོས་རྫས། དེ་བཞིན་བཟའ་བཅའ་སྒོ་ང་དང་འོ་མ་སོགས་ལ་མི་འཕྲོད་པའི་ཕྲུ་གུར་འགོག་སྨན་བརྒྱབ་ན་མི་བདེ་བའི་སྣང་ཚུལ་ཐོན་སླ་བས་སྨན་པར་བཀའ་འདྲི་ཞུས་རྗེས་གཞི་ནས་འགོག་སྨན་རྒྱག་ཆོག་མིན་བལྟ་དགོས།
༦.འགོས་ནད་དར་ཁྱབ་འགྲོ་སྐབས་འགོས་ནད་ཕོག་པའི་མི་དང་འཕྲད་ཐུག་ཟབ་པའི་བྱིས་པར་ལམ་སེང་འགོག་སྨན་རྒྱག་རྒྱུ་མེད་པ་དང་འགོས་ནད་ཀྱི་ནད་རྟགས་མི་མངོན་པའི་དུས་ཡུན་རིང་ཤོས་དེ་བརྒལ་ཏེ་ནད་གཞི་མ་ཐོན་ཚེ་གཞི་ནས་འགོག་སྨན་རྒྱག་དགོས།
༧.ཉེ་དུས་ཟླ་གཅིག་ནང་དྭངས་ཁྲག་སྤྲི་དཀར་(病种球蛋白)རྒྱག་མྱོང་ཡོད་པ་དང་། ཉེ་ཆར་རིམས་འགོག་སྨན་རྫས་སྤྱོད་མྱོང་མཁན་ཡོད་མཁན་ལ་འགོག་སྨན་རྒྱག་རྒྱུ་མེད།
༨.གལ་སྲིད་ཁྱེད་ཀྱི་ཕྲུ་གུར་འགོག་སྨན་རྒྱག་མི་འོས་རུང་། འོན་ཀྱང་དམིགས་བསལ་གནས་ཚུལ་ཚེ་དཔེར་ན་ཁྱི་སྨྱོན་གྱིས་སོ་བརྒྱབ་ན་ངེས་པར་དུ་ཁྱི་སྨྱོན་རིམས་ནད་ཀྱི་འགོག་སྨན་རྒྱག་དགོས་པ་སོགས་སྨན་པའི་མཛུབ་ཁྲིད་ལྟར་འགོག་སྨན་རྒྱག་དགོས།
འགོག་སྨན་མ་རྒྱབ་གོང་།
༡.བྱིས་པ་བདེ་ཐང་ཡིན་མིན་བལྟ་ཞིབ་ནན་པོ་བྱེད་དགོས། ཡག་ཤོས་བྱུང་ན་འགོག་སྨན་མ་རྒྱབ་གོང་བྱིས་པའི་ཚ་བ་མཐོ་དམན་བལྟ་དགོས། གལ་སྲིད་ཚ་བ་ཡོད་ཚེ་འགོག་སྨན་རྒྱག་པའི་དུས་ཚོད་ནར་འགྱངས་བྱེད་དགོས།
༢.འགོག་སྨན་རྒྱབ་ཚར་རྗེས་སྐབས་འཕྲལ་རིང་ཁབ་རྒྱབ་སར་ཆུ་མི་ཕོག་པ་བྱེད་དགོས་རྐྱེན་ཁབ་མ་རྒྱབ་གོང་ལ་བྱིས་པའི་གཟུགས་པོ་གཙང་མ་འཁྲུ་དགོས་པ་དང་ཁབ་རྒྱག་བདེ་བ་དང་ཁབ་རྒྱག་སར་མི་བརྡར་བ་ཡོང་ཆེད་འཇམ་ཞིང་བདེ་བའི་ནང་གོས་གཡོག་དགོས།
༣.ཁབ་མ་རྒྱབ་གོང་ངལ་གསོ་ཡག་པོ་བྱེད་དགོས་པ་དང་ཕོ་བ་སྟོང་པར་ཁབ་རྒྱག་རྒྱུ་མེད།
༤.སྨན་པར་བྱིས་པའི་བདེ་ཐང་གནས་ཚུལ་ཁ་གསལ་པོ་ཤོད་དགོས། གལ་སྲིད་སྐྱེ་སྔ་དྲག་པའི་བྱིས་པ་དང་འཚོ་བཅུད་མི་འདང་བ་ལྟ་བུའི་བྱིས་པ་ཡིན་ཚེ་གནས་སྐབས་རིང་ཁབ་མ་རྒྱབ་པར་སྨན་པ་དང་གྲོས་སྡུར་བྱས་ནས་ཁབ་རྒྱག་པའི་དུས་ཚོད་གཏན་འཁེལ་བྱ་དགོས།
༥.ཕ་མ་རྣམས་ཀྱིས་གཏན་འཁེལ་བྱས་པའི་འགོག་སྨན་འཆར་གཞི་དང་དུས་ཚོད་གཞིར་བཟུང་འགོག་སྨན་རྒྱག་དགོས་པ་ལས་སྣང་མེད་བྱེད་མི་རུང།
འགོག་སྨན་བརྒྱབ་རྗེས་ཕ་མས་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཁག་ཅིག
༡.ཕྲུ་གུར་འགོག་སྨན་བརྒྱབ་ཚར་རྗེས་ལམ་སེང་ཁྱིམ་དུ་ལོག་རྒྱུ་མེད་ཏེ།
སྐར་མ་༣༠གཡས་ཡོན་ངལ་གསོ་རྒྱག་དགོས། གལ་ཏེ་ཚ་བ་རྒྱག་པའམ་ཡང་ན་དེ་མིན་གྱི་སྨན་མི་འཕྲོད་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་ནས་སྨན་བཅོས་བྱེད་དགོས།
༢.ཁྱིམ་དུ་ལོག་རྗེས་ཕྲུ་གུར་མི་འཕྲོད་པ་གང་ཡོད་མེད་ཡག་པོ་བལྟ་དགོས་པ་དང་། འགུལ་སྐྱོད་ཤུགས་ཆེན་རྒྱག་ཏུ་འཇུག་རྒྱུ་མེད། སྤྱིར་བཏང་བྱས་ན་ཚ་བ་ཏོག་ཙམ་རྒྱག་པ་དང་ཁ་ལག་ཟ་འདོད་མེད་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་ཅིང་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན་པས་ངལ་གསོ་ཡག་པོ་རྒྱག་པ་དང་། ཆུ་ཁོལ་མང་ཙམ་འཐུང་བ། དྲོད་ཡག་པོ་སྲུང་བ་སོགས་བྱས་ན་ཉིན་གཅིག་གཉིས་ཀྱི་རྗེས་སུ་སྣང་ཚུལ་དེ་རང་ཤུགས་སུ་ཡལ་འགྲོ་གི་ཡོད། གལ་སྲིད་སྨན་མི་འཕྲོད་པའི་སྣང་ཚུལ་ཤུགས་ཆེ་ལ་རྒྱུན་རིང་པོ་ཡོད་ན་ཕྲུ་གུ་སྨན་ཁང་དུ་འཁྲིད་ནས་སྨན་པ་བསྟེན་ནས་སྨན་བཅོས་བྱ་དགོས།
༣.གཏན་འབེབས་བྱས་པའི་རིམས་འགོག་གོ་རིམ་དང་དུས་ཚོད་གཞིར་བཟུང་ནན་གཏན་ངང་འགོག་སྨན་རྒྱག་དགོས། གལ་ཏེ་གཏན་འབེབས་བྱས་པའི་དུས་ཚོད་ནང་འགོག་སྨན་རྒྱག་མ་ཐུབ་ཚེ་ངེས་པར་དུ་སྨན་པར་གནས་ཚུལ་གསལ་བཤད་བྱེད་དགོས་པ་མ་ཟད་འགོག་སྨན་རྒྱག་པའི་དུས་ཚོད་ལོགས་སུ་ཁ་ཆད་བྱེད་དགོས།