རྩེ་གྲ། བོད་ལྗོངས་རུ་ཁག་གིས་ཨང་དང་པོ་བླངས་འདུག

民生   2024-09-18 18:02   西藏  

༢༠༢༤ལོའི་བོད་ལྗོངས་ལྷོ་ཁའི་སེ་འབྲུ་བུམ་པའི་མི་བརྒྱད་ལུགས་ཀྱི་རྩྭ་ཐང་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་ཡོངས་སུ་ཐུགས་གྲ་ལེགས་སྒྲིག་བྱུང་། 

2024年西藏山南“石榴籽杯”八人制草原足球邀请赛圆满落幕


 ཟླ་༩ཚེས་༡༠ཉིན་འགྲན་བསྡུར་འགོ་བཙུགས་པ་ནས་བཟུང་། ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཡུན་ནན། མཚོ་སྔོན། ཟན་ཞི། ཀུད་ཀྲུའུ། བོད་ལྗོངས་བཅས་ཀྱི་རུ་ཁག་༩ཡི་རུ་མི་༡༦༢ཀྱིས་འགྲན་བསྡུར་ཁྲོད་རང་ཉིད་ཀྱི་རྩལ་ནུས་ལ་ཚོད་བགམ་གང་ལེགས་བྱས་ཤིང་། འགྲན་བསྡུར་ཆེན་མོའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། འགྲན་ཞུགས་པ་རྣམས་ཀྱིས་མཐུན་སྒྲིལ་རོགས་རེས་དང་། སྙིང་སྟོབས་ཆེར་བསྐྱེད། རྩེར་སོན་གྱི་རྐང་རྩལ་ལ་བརྟེན་ནས་གཟིགས་མོ་རྣམས་ལ་ལྟད་མོ་ཆེ་བའི་རྐང་རྩེད་སྤོ་ལོའི་གཟིགས་མོ་གྲ་རྒྱས་ཤིག་བཤམས་ཤིང་། གཟིགས་མོ་བ་རྣམས་ཀྱིས་བསྟོད་བསྔགས་དང་དགའ་བསུ་གྲངས་མེད་ཐོབ་པ་རེད། 

自9月10日开赛以来,来自湖南、湖北、四川、云南、青海、陕西、贵州、西藏的9支代表队共162名队员在比赛中,充分检验了自己的实战能力,积累了宝贵的大赛经验。运动员们团结协作,以饱满的热情和精湛的球技为观众奉献了一场又一场激烈而精彩的足球盛宴,赢得了观众的阵阵掌声和喝彩。

མཐའ་མའི་ཐག་གཅོད་འགྲན་བསྡུར་ཁྲོད། བོད་རང་སྐྱོང་ལྗོངས་འཐུས་མི་རུ་ཁག་དང་ཧུའུ་པེ་ཞིང་ཆེན་འཐུས་མི་རུ་ཁག་གིས་འགྲན་བསྡུར་ཛ་དྲག་པོ་བྱས་ཤིང་། སྤོ་ལོ་འཕྲོག་པ་དང་། ཕ་རོལ་པ་ལས་རྣམ་པར་རྒྱལ་པ། སྤ་སེ་སྤྲོད་པ། སྒོ་ལ་བླུག་པ། སྤོ་ལོ་འགོག་པ་སོགས་རྐང་རྩེད་སྤོ་ལོའི་ཐང་དུ་ལྟད་མོ་ཆེ་བའི་རྐང་རྩལ་གཅིག་རྗེས་གཉིས་མཐུད་ཀྱིས་བཏོན་ནས་མཐུན་སྒྲིལ་རོགས་རེས་དང་། མཉམ་སྡེབ་འདུ་ཤེས། གཞན་ལས་རྣམ་པར་རྒྱལ་བའི་བློ་སྟོབས་གང་ལེགས་མངོན་པར་བྱས་པ་རེད། མཐར་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པར་ཨང་དང་པོ་དང་། ཧུའུ་པེ་ཞིང་ཆེན་འཐུས་མི་ཚོགས་པར་ཨང་གཉིས་པ། ཟན་ཞི་ཟན་ཨན་རྐང་རྩེད་སྤོ་ལོ་རུ་ཁག་ལ་ཨང་གསུམ་པ། བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་ཚེ་རིང་དབང་རྒྱལ་དང་བསྟན་འཛིན་རྡོ་རྗེ་ལ་སྒོ་སྲུང་བ་ཡག་ཤོས་དང་། སྤོ་ལོ་བླུག་མཁན་ཡག་ཤོས་བཅས་ཀྱི་མཚན་སྙན་ཐོབ་ཡོད། འགྲན་བསྡུར་མཇུག་བསྒྲིལ་རྗེས་འགྲན་ཞུགས་པ་རྣམས་ཡ་རབས་གུས་ཞབས་ཆེ་ཞིང་། ཕན་ཚུན་མོས་གུས་ཆེ་བ། ཤན་འབྱེད་པ་དང་ཕྱོགས་གཉིས་ཀའི་སློབ་སྟོན་པར་ཐུགས་རྗེ་ཆེ་ཞུས་པ་དེ་ལས་མཛའ་གྲོགས་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པའི་ལུས་རྩལ་གྱི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད།   

在决赛中,西藏自治区代表队和湖北省代表队展开激烈角逐。抢断、过人、传球、射门、扑救……足球场上精彩场面一个接一个,处处体现出团结协作的集体意识和顽强拼搏的意志品质。最终,西藏自治区代表队获得冠军,湖北省代表队获得亚军,陕西陕安足球俱乐部获得季军;西藏自治区代表队的次仁旺杰和旦增多吉分别获得最佳守门员和最佳射手称号。赛后运动员们更是谦逊有礼,双方相互致意,感谢裁判和双方教练员,充分展现了“友谊第一、比赛第二”的体育精神。




འགྲན་བསྡུར་གྱི་པར་རིས། 

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章