ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ
2024 ལོའི་ཟླ 11པའི་ཚེས1ཉིན་ཝུའུ་ཁེ་ལན་རྒྱལ་སྲུང་དམག་འཁྲུག་བྱས་ནས་ཉིན 981ཟིན་ཡིད། པར་ཝུའུ་ཁེ་ལན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་གསར་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་མི་རིང་རྩིས་ན་ཤི་རྒྱུ་མི་ཁྲི 69.64 ལས་བརྒལ་ཡོད། འདས་ཟིན་པའི་ཉིན་གཅིག་ནང་ལ་དམག་མི1460ཤི་ཡོད།
དེ་ལས་གཞན། ཝུའུ་ཁེ་ལན་གྱི་མིས་ད་དུང་དགྲ་ཕྱོགས་ཀྱི་ཐན་ཁེ6དང་ ཁྲབ་ལྡན་འཁོར་ལོ20དང་། མེ་སྒྱོགས26 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་1 མི་མེད་གནམ་གྲུ་25 སྐྱེལ་འདྲེན་རླངས་འཁོར77དང་ དམིགས་བསལ་སྒྲིག་ཆས9བཅས་གཏོར་ཡོད་པ་རེད།
ཨུ་རུ་སུའི་རྒྱལ་སྲུང་པུས་ཡི་བཤད་པ། ཟླ་11ཚེས་1ཉིན་གྱི་ཐོ་རེངས་སུ་ ཡུག་རེན་དམག་གིས་ཨུ་རུ་སུའི་ས་ཁོངས་སུ་གཞི་ཁྱོན་ཆེ་བའི་མི་མེད་གནམ་གྲུའི་མཁའ་རྒོལ་བྱས་བྱུང་པས་ ཨུ་རུ་སུའི་མཁའ་ཟོན་སྟོབས་ཤུགས་ཀྱིས་མི་མེད་གནམ་གྲུ་83རྩ་གཏོར་གཏང་ཡོད་པ་དང་ དེའི་ཁྲོད་དུ་ཁུའར་སི་ཁེ་ས་ཁུལ་གྱི་བར་སྣང་ནས་གནམ་གྲུ་36གཏོར་བ་དང་། པུའུ་ལིའང་སི་ཁེ་ས་ཁུལ་གྱི་བར་སྣང་ནས་གནམ་གྲུ་20དང་ ཁེ་ལི་མི་ཡའི་བར་སྣང་ནས་གནམ་གྲུ་12དང་ ཝོ་ལོ་ཉེ་རི་ས་ཁུལ་གྱི་བར་སྣང་ནས་གནམ་གྲུ་8དང་། ཨའོ་ལིའོ་འར་ས་ཁུལ་གྱི་བར་སྣང་ནས་གནམ་གྲུ་4དང་། པེ་འར་ཀོ་ལོ་ཏེ་ས་ཁུལ་གྱི་བར་སྣང་ནས་གནམ་གྲུ་3བཅེས་གཏོར་ཡོད་པ་མ་ཟད་ ཁུའུ་ཨར་སི་ཁུ་ཁུལ་གྱི་ཁུལ་དཔོན་ ཨ་ལེ་ཁི་ཞེ་སི་མིས་ཨར་ནོ་ཧྥུས་ བཤད་རྒྱུར། ཟླ་10ཚེས་31ཉིན་གྱི་དགོང་མོ་ནས་བཟུང་ས་ཁུལ་དེས་ཡུག་རེན་གྱི་མི་མེད་གནམ་གྲུ་61གཏོར་སྐྱོན་བཟོས་ཡོད་བཅེས་བཤད།
ཧར་ཁོ་ཧྥུའི་མཐའ་མཚམས་ས་ཁོངས་སུ། ཨུ་རུ་སུའི་དམག་གིས་ཝོ་ཧྥུ་ཁྲང་སི་ཁིའི་ས་ཁོངས་སུ་ ་ཚུར་རྒོལ་ཐེངས་3རྩ་འཛུགས་བྱས་པ་དང་། གཡུ་རན་དམག་གིས་ཕྱིར་ཟློག་བྱས་པ་རེད།
ཐུའོ་ལེ་ཚེ་ཁེ་གྲོང་ཁུལ་དུ། ཕྱོགས་གཉིས་པོས་རྒྱ་ཁྱོན་ཆུང་བའི་མེ་མདའ་རྒྱག་རེས་ཐེངས་གསུམ་བྱས་པ་ལས་སྤྱིར་ན་ཚོད་འཛིན་ས་ཆ་ལ་འགྱུར་བ་བྱུང་མེད་ཅེས་བཤད་པ།
ལི་མན་-ཁི་ལི་མི་ན་-ཧྲེར་སི་ཁིའི་ཁ་ཕྱོགས་སུ་ གཡུ་རན་གྱི་དམག་གིས་ཁ་ཐེ་ལི་ཉི་ཧྥུ་ཁ་དང་། སི་ཐེ་པོ་ཝོ་དབྱི། ཀེ་ལེ་ཁོ་ཧྥུ་ཁ། ཐེའར་ཉི། ཞེར་པུའུ་ལིའང་ཁ་བཅས་ཀྱི་ནགས་ཚལ་ས་ཁུལ་དུ་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་21དེ་ཕྱིར་ཟློག་བྱས་པ་རེད་
ཀྲ་པོ་ལོ་རེ་ནི་ ཏ་ནུའོ་ཝོ་ཞིར་ཁའི་ཕྱོགས་ལ། ཕྱོགས་གཉིས་ཀའི་ཞིན་ཏ་ཉི་ཕུའུ་ཁ་ས་ཁོངས་སུ་ ཐེངས་གཉིས་ལ་དམག་བརྒྱབ་པ་དང་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་གཡུ་རན་དམག་གི་ཕྱིར་ཟློག་པ།
ཧེར་སུང་གཡོན་ངོགས་ས་ཁོངས་སུ། ཕྱོགས་གཉིས་པོས་ཏི་ནེ་པོ་གཙང་པོའི་འབབ་རྒྱུད་ཀྱི་ཟུར་གསུམ་གླིང་དུ་གཞི་ཁྱོན་ཆུང་བའི་འཐབ་རེས་ཐེངས་བཞི་བྱས་པ།
ཁ་ན་ཏས་རྒྱལ་ཁབ་ནས་ཡུག་རེན་གྱིས་རྒྱང་ཁྲིད་མཚོན་ཆ་སྤྱད་དེ་ཨུ་རུ་སུར་རྡུང་རྡེག་གཏོང་ཆོག་པའི་གོ་སྐོན་བློ་འགུགས་ཧུར་ཐག་བྱེད་བཞིན་ཡོད་ཅེས་བརྗོད་པ་ ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཆའོ་ལིས་མོང་ཐེ་ལིར་གྱི་ ཞི་བདེའི་སྤྱི་འགྲོས་ཚོགས་འདུའི་ཐོག་ཁ་ན་ཏས་ཡུག་རེན་གྱིས་རྒྱང་ཁྲིད་མཚོན་ཆ་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ཁོང་གིས་བཤད་རྒྱུ་ཁ་་ན་ཏས་ནས་རྒྱལ་ཁབ་གཞན་དང་འབྲེལ་གཏུག་བྱས་ནས་ལངས་ཕྱོགས་གཅིག་མཐུན་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། གཞན་ཡང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་དང་ཁ་པར་ཐོག་ནས་གླེང་མོལ་བྱེད་སྐབས་རོགས་ཟླ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱས་པ་རེད་
ཨ་རིའི་ཕྱི་འབྲེལ་དུས་དེབ་རྒྱལ་ཁབ་ཀྱི་ཁེ་ཕན་ཞེས་པའི་ནང་སྤེལ་དོན། ཨུ་རུ་སུའི་དམིགས་བསལ་དཔུང་སྡེ་རྩེ་གྲ་དེ་ཡུག་རེན་དུ་རྩ་མེད་འགྲོ་བའི་གནོད་འཚེ་ཚབས་ཆེན་ཕོག་ཡོད་ཅེས་བརྗོད་ཡོད་པ་རེད། མ་གཞིར་དམག་དཔུང་འདི་ནི་ཙེ་ལན་སི་ཅི་ལྐོག་གསོད་བྱེད་པའི་ལས་འགན་ལག་བསྟར་བྱེད་པར་མངགས་ཡོད། འོན་ཀྱང་ལས་འགན་ཕམ་ཉེས་བྱུང་རྗེས་ཕུའུ་ཅིང་གིས་ཁོང་ཚོ་རྒྱལ་ནང་དུ་ལོག་ཏུ་མ་བཅུག་པར་ཐད་ཀར་གཡུལ་ས་མདུན་མར་དམག་འཐབ་ནང་ཞུགས་སུ་བཅུག་པ་རེད། ད་ལྟའི་བར་དུ་ཆེད་ལས་དམག་དཔུང་འདི་ཧ་ལམ་ཚང་མ་རྩ་མེད་དུ་སོང་འདུག་ཅེས་བཤད་འདུག
པ་དབྱི་གདོང་གཏུག་གི་གནས་ཚུལ།
ལེ་པ་ནོན་གཙོ་བདག་ཏང་གིས་ཚེས་31ཉིན་གྱི་ཉིན་དེར་ཁོང་ཚོས་དམིགས་བསལ་འཕུར་མདེལ་སྤྱད་ནས་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཕུའུ་ཡི་ཤར་ལྷོའི་རྒྱུད་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་པ་དང་། དེ་ནི་དབྱི་སི་རལ་གྱི་དམིགས་བསལ་དཔུང་སྡེ་སྦྱོང་བརྡར་བྱེད་ས་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད། མིག་སྔར་ཞིབ་ཕྲའི་ཤི་རྨས་དང་གྱོང་གུན་གྱི་གནས་ཚུལ་ད་དུང་གསལ་པོ་ཤེས་ཀྱི་མེད་།དབྱི་སི་རལ་གྱི་ཕྱོགས་སུ་ཡང་སྐད་ཆ་བཤད་མེད
ཉིན་དེར་ལེ་པ་ནོན་གྱི་འགོ་ཁྲིད་པ་ ཁ་ཤིས་མུའུ་ཡིས་ལས་འགན་ཁུར་རྗེས་ཀྱི་བརྙན་ལམ་གསུང་བཤད་ཐོག་མ་དེ་གནང་བ་རེད་ གསུང་བཤད་དེ་ནི་ལས་སླ་པོ་ཞིག་མིན་པ་རེད་ ཁོང་གིས་ཁོ་ཚོའི་ཏང་ངོ་མ་ནས་མུ་མཐུད་བྱ་སྤྱོད་སྤེལ་གྱི་ཡིན་ གལ་ཏེ་དབྱི་སི་རལ་གྱིས་གདོང་ཐུག་མཚམས་འཇོག་གྱི་་གྲོས་མོལ་བྱེད་འདོད་ན་ སྔོན་ལ་དམག་མཚམས་འཇོག་དགོས་ཅེས་ཟེར། ཁོང་གིས་ད་དུང་དངོས་བདག་ཏང་གི་གོ་གནས་སོ་སོར་མི་ཁ་སྣོན་རྒྱག་བཞིན་ཡོད་པ་དང་། ནུས་པ་སླར་གསོ་བྱུང་ཟིན་པ་ཡིན་པས་ འབྱུང་སྲིད་པའི་ཡུན་རིང་གི་དམག་འཁྲུག་ཅིག་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་ཡོད་ ད་དུང་དབྱི་སི་རལ་གྱི་འབར་མདེལ་དབྱུག་པ་དེས་ང་ཚོ་ཏང་ངོ་མ་ཕམ་མི་སྲིད་ཅེས་བརྗོད་པ་མ་ཟད། ང་ཚོ་ཏང་ངོ་མ་དེས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡི་སྡོད་གནས་སུ་མི་མེད་གནམ་གྲུ་འཕེན་པའི་ནུས་པ་ལྡན་ཡོད་ཅེས་བརྗོད་པ།