ཚེས29ཨུ་གཡུ་དང་དབྱི་ལན་དབྱི་སི་རང་དམག་ཁྲུག་གསར་འགྱུར་གྲགས་ཤོས

文摘   2024-10-30 13:08   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   

2024ལོའི་ཟླ10པའི་ཚེས29ཉིན་ཝུའུ་ཁེ་ལན་རྒྱལ་སྲུང་དམག་འཁྲུག་བྱས་ནས་ཉིན 978ཟིན་ཡོད།  ཝུའུ་ཁེ་ལན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་གསར་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་མི་རིང་རྩིས་བྱས་ན་ཤི་རྒྱུ་མི་ཁྲི 69.2 ལས་བརྒལ་ཡོད་པ་དང་ འདས་ཟིན་པའི་ཉིན་གཅིག་ནང་ལ་ཨུ་རུ་སུའི་དམག་མི1360ཤི་ཡོད། 


གཞན་ཡང་ ཝུའུ་ཁི་ལན་པས་ད་དུང་དགྲ་ཕྱོགས་ཀྱི་ ཐན་ཁེ་9དང་། ཁྲབ་ལྡན་དམག་འཐབ་རླངས་འཁོར་9 མེ་སྒྱོགས་45 མི་མེད་གནམ་གྲུ་72 སྐྱེལ་འདྲེན་ཁ་གསབ་རླངས་འཁོར་།89 ཁ་གསབ་བྱེད་པའི་སྒྲིག་ཆས་དམིགས་བསལ་ཅན་10 བཅས་རྩ་གཏོར་བཏང་བ་རེད།


ཨུ་རུ་སུའི་སྨྱན་སྦྱོར་གྱི་ཁྱབ་བསྒྲགས་བྱས་པའི་ཝུའུ་ཁི་ལན་ཕྱོགས་ཀྱི་དམག་འཁྲུག་གི་གཞི་གྲངས། 2024ལོའི་ཟླ་10ཚེས་28ཉིན་བར་ཁུའུ་ཨེར་སི་ཁེ་ས་ཁུལ་དུ་ ཝུ་ཁུ་ལན་གྱི་གྱོང་གུན་ཕོག་ཚད་རིམ་རྩིས་བྱས་ན་སྒྲིག་ཆས་ཁྱོན་བསྡོམས་287+36དང་། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཝུའུ་ཁི་ལན་གྱི་དམག་མིའི་འཐབ་འཛིང་གི་གྲངས་འབོར་ཁྱབ་བསྒྲགས་བྱས་མི་འདུག་ ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཝུའུ་ཁི་ལན་གྱི་དམག་མིར་གཏོར་སྐྱོན་བྱུང་བའི་གྲངས་འབོར་ཁྱབ་བསྒྲགས་བྱས་མེད་པ་དེ་ཕལ་ཆེར་ཨུ་རུ་སུའི་མི་རྣམས་ཀྱི་མིག་ལམ་དུ་གྲང་ངར་ཆེ་བའི་མཚོན་ཆ་དེ་དག་ཚེ་སྲོག་ལས་ཀྱང་གལ་ཆེ་བ་རེད།

 

ཧྥུ་པུའུ་སི་ནས་ཡོང་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དུ་ད་ལྟ་ཁྲབ་ལྡན་འཁོར་ལོ་དགོས་མཁོ་ཆེ་ཞིང་། ཁེ་ལུའོ་ཏི་ཡས་ཏག་ཏག་འཇམ་འཐབ་དུས་སྐབས་ཀྱི་ཐན་ཁེ་དང་འཐབ་འཛིང་རླངས་འཁོར་གསར་སྒྱུར་བྱེད་རྩིས་བྱེད་ཀྱི་ཡོད་ ཁེ་ལུའོ་ཏི་ཡ་སྲིད་གཞུང་གིས་གྱི་ཁྲབ་ལྡན་འཁོར་ལོ་ M-84 དང་ m-80ཐན་ཁེ་སྙིང་གྲས་དེ་ཚོ་ འཇར་མན་ལ་བཙོངས་པ་རེད་ འཇར་མན་སྲིད་གཞུང་གིས་དམག་འཁྲུག་མཚོན་ཆ་དེ་དག་ཝུའུ་ཁི་ལན་ལ་ཞལ་འདེབས་སུ་ཕུལ་འདུག་ མིག་སྔར་ ཝུའུ་ཁི་ལན་ལ་ཁེ་ལུའོ་ཏེ་ཡའི་ཐན་ཁེ་དང་དམག་འཐབ་རླངས་འཁོར་60ཡོད་པ་དང་། དམག་སྒར་གཉིས་སམ་ཡང་ན་ལུའི་ཤོག་ཕྱེད་ཀ་ཙམ་སྒྲིག་ཆས་འདང་ངེས་ཡོད་པ་རེད་  



ཨ་མེ་རི་ཀའི་འདེམས་བསྐོ་ཆེན་པོ་བྱེད་པར་གཟའ་འཁོར་གཅིག་ལས་ལྷག་མེད་ཅིང་། འདེམས་བསྐོ་ཆེན་པོའི་མཇུག་འབྲས་ཅི་འདྲ་ཡིན་རུང་ ཨ་རིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་ཚད་ཉུང་དུ་འགྲོ་སྲིད་ ཕེང་པོ་ཧྲེས་ངོས་འཛིན་བྱས་དོན། གལ་ཏེ་ཁྲོན་ཕུའུ་ཡི་ཐོབ་ན་དམག་འཁྲུག་གི་སྡུག་བསྔལ་ཐག་གཅོད་བཟོ་སྲིད་པ་དང་ ཝུའུ་ཁི་ལན་གྱི་མངའ་ཁོངས་ས་ཆ་གཅོད་པ་དང་འབྲེལ་བ་ཡོད་པ་ལྡོག་མེད་རེད། གལ་ཏེ་ཧ་ལི་སི་ཐོབ་ན་དམངས་གཙོའི་ཏང་གིས་སྔར་བཞིན་རྒྱལ་ཚོགས་ཀྱིས་ནོར་སྲིད་ཀྱི་རྒྱབ་སྐྱོར་འབོར་ཆེན་རྒྱུན་འཁྱོངས་བྱེད་དཀའ་ 



ཝུའུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཧན་གོའི་ཙུང་ཐུང་དབྱི་ཤིས་གཡོད་བར་ཁ་པར་བརྒྱབ་ནས་ཁྲའོ་ཞན་དམག་དཔུང་གིས་ཨུ་རུ་སུ་ཝུའུ་ཁེ་ལན་དམག་འཁྲུག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་ལ་གྲོས་བསྡུར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་ཁྲའོ་ཞན་གྱི་དམག་མི་3000ཙམ་ཨུ་རུ་སུའི་གཡུལ་འགྱེད་ས་ཁུལ་གྱི་ཉེ་འགྲམ་དུ་བཀོད་སྒྲིག་བྱས་ཟིན་པ་དང་འབྱུང་འགྱུར་མི་12000བར་མང་དུ་འགྲོ་རྒྱུ་ཡོད་པ་རེད། གཙོ་བདག་གཉིས་ཀྱིས་གསང་འཕྲིན་མཉམ་སྤྱོད་དང་མཐོ་རིམ་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་ ཉེ་དུས་ཕན་ཚུན་འཐུས་མི་ཚོགས་པ་མངགས་ནས་མཐུན་སྦྱོར་ངང་ཁ་གཏད་གཅོག་ཐབས་སྤྱོད་རྒྱུ་ཡིན་པ་རེད། ཙི་ལེན་སི་ཅིས་ད་དུང་ཧན་གོའོ་ཡ་G7རྒྱལ་ཁབ་བདུན་གྱི་ཚོགས་པར་གདན་འདྲེན་ཞུས་ནས་ཝུ་ཁུ་ལན་གྱི་ཝེ་ཨར་ཉུའུ་སི་བདེ་འཇགས་བསྒྲགས་གཏམ་ལ་རྒྱབ་སྐྱོར་བྱ་རྒྱ་རེ་གཏོན་ཡོད་པ་རེད་


ཝུའུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་འཁྱགས་གླིང་དུ་འབྱོར་ནས་སྐབས་བཞི་པའི་ཝུའུ་ཁེ་ལན་-་ཡོ་རོབ་བྱང་མའི་དབུ་ཚོགས་ལ་ཞུགས་པ་མ་ཟད། འཁྱགས་གླིང་དང་ ཏན་མེ། ནོ་ཝེ། ཧྥིན་ལན། སུའེ་ཏེན་བཅས་ཀྱི་འགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་གྲོས་མོལ་བྱས། ཙེ་ལེན་སི་ཅིས་ད་ཐེངས་འཚམས་འདྲི་གནང་སྐབས་ཝུའུ་ཁེ་ལན་གྱི་རྒྱལ་ཁའི་འཆར་གཞིར་གཙོ་གནད་ཐོག་གྲོས་བསྡུར་དང་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་མཚོན་ཆ་ཐོན་སྐྱེད་དང་རྒྱང་ཁྲིད་ནུས་པའི་རོགས་སྐྱོར་དང་མཚོ་ཐོག་བདེ་འཇགས་དང་རྒྱལ་སྲུང་རོགས་སྐྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོས་ཡོབ་གླིང་བྱང་མའི་རྒྱལ་ཁབ་ནི་ཝུ་ཁུ་ལན་གྱི་སྲ་བརྟན་གྱི་མནའ་གྲོགས་ཡིན་ཟེར།་ཝུ་ཁུ་ལན་དང་ཡོབ་གླིང་བྱང་མའི་སྟེགས་བུ་ནི་ཆེས་གྲུབ་འབྲས་ལྡན་པའི་ཕྱོགས་མང་མཉམ་འབྲེལ་རྣམ་པའི་གྲས་ཤིག་ཡིན།


དབྱི་སི་རལ་དང་དབྱི་ལང་གི་གནས་ཚུལ།

ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་ཀེ་ཆི་ཡིས་དབྱི་རག་གི་རྒྱལ་ས་ཏེ་ཧེ་ལན་དུ་དབྱི་རག་ཏུ་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མིར་མཇལ་འཕྲད་གནང་། དབྱི་རག་གིས་དབྱི་སི་རལ་གྱི་འཇབ་རྒོལ་ལ་ཨ་ལན་སློག་པའི་དབང་ཆ་སོར་འཇོག་བྱས་པ་མ་ཟད།་ཕྱོགས་སོ་སོས་ཐུན་མོང་གི་ཕྱི་འབྲེལ་ལ་འབད་བརྩོན་བྱས་ནས་དབྱི་སི་རལ་གྱིས་ པ་ལེ་སི་ཐན་དང་ ་ལེ་པ་ནིན་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚེས་26ཉིན་གྱི་ཐོ་རེངས་སུ་དབྱི་སི་རལ་གྱིས་དབྱི་ལང་ལ་དམག་དོན་བྱ་སྤྱོད་སྤེལ་བར་དམིགས་ནས་དབྱི་ལང་གིས་དབྱི་སི་རལ་གྱི་བཙན་འཛུལ་བཀག་འགོག་ལེགས་འགྲུབ་བྱུང་བ་མ་ཟད།་རང་ཉིད་ལ་དབྱི་ལང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཡོད་པ་ར་སྤྲོད་བྱས་ཡོད་ འོན་ཀྱང་དབྱི་སི་རལ་གྱིས་ད་ཐེམ་གྱི་འཇལ་རྒོལ་ལ་འགན་ངེས་པར་དུ་བྱེད་དགོས་ཟེར། ་ དབྱི་ལངགི་ཕྱི་འབྲེལ་པུའུ་ཀྲང་ཀེ་ཆི་ནས་ དབྱི་ལང་གིས་དབྱི་སི་རལ་གྱི་མངོན་གསལ་གྱི་བཙན་འཛུལ་འདི་རིགས་ལ་ཨ་ལན་འོས་འཚམ་སློག་པའི་ཁྲིམས་མཐུན་ཁེ་དབང་ཡོངས་སུ་སོར་འཇོག་བྱ་རྒྱུ་ཡིན། དབྱི་སི་རལ་གྱིས་དབྱི་ལང་གི་སྟོབས་ཤུགས་ནུས་པ་དང་འདོད་བློ་ལ་ནོར་འཁྲུལ་གྱི་ཚོད་དཔག་བྱས་པའི་མཇུག་འབྲས་ཤེས་སྲིད། འོན་ཀྱང་དབྱི་ལང་གིས་འགོར་འགྱངས་བྱེད་མི་སྲིད་ལ་བྲེལ་འཚུབ་ངང་འགུལ་སྐྱོད་ཀྱང་བྱེད་མི་སྲིད་ཅེས་བཤད།


ཕྱོགས་བསྡུས་ལུའུ་ཐོའུ་གསར་འགྱུར་ཁང་དང་ཨུ་རུ་སུའི་ཝེ་ཞིན་གསར་འགྱུར་ཁང་གིས་ཟླ་10ཚེས་29ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཡེ་མུན་ཧུའུ་སའེ་རྩ་འཛུགས་ཀྱིས་ཚེས་29ཉིན་རྩ་འཛུགས་དེས་མི་མེད་གནམ་གྲུ་སྤྱད་དེ་དབྱི་སི་རལ་གྱི་གྲོང་ཁྱེར་ཨ་ཧྲི་ཁའེ་ལུང་བཟོ་ལས་ཁུལ་ཞིག་ལ་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས། ཧུའུ་སའེ་རྩ་འཛུགས་ཀྱིས་ད་ཐེངས་ཀྱི་བྱ་སྤྱོད་ནང་མི་མེད་གནམ་གྲུ་མང་པོ་སྤྱད་པས་དམིགས་ཚད་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱུང་ཡོད་ཅེས་བཤད་། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་29ཉིན་གྱི་སྔ་དྲོ་ཨ་ཧྲི་ཁའེ་ལུང་གིས་མཁའ་ཟོན་ཉེན་བརྡ་གྲགས་པ་དང་མི་མེད་གནམ་གྲུ་གཅིག་དབྱི་སི་རལ་གྱི་མངའ་ཁོངས་བར་སྣང་དུ་འཛུལ་ནས་ ཡང་ས་ཁུལ་དེའི་ས་སྟོང་ཞིག་ཏུ་གཏོར་ཡོད་ཅེས་བཤད།



ཨ་མེ་རི་ཀའི་འདེམས་བསྐོ་ཆེན་པོ་བྱེད་པར་གཟའ་འཁོར་གཅིག་ལས་ལྷག་མེད་ཅིང་། འདེམས་བསྐོ་ཆེན་པོའི་མཇུག་འབྲས་ཅི་འདྲ་ཡིན་རུང་ ཨ་རིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་ཚད་ཉུང་དུ་འགྲོ་སྲིད་ ཕེང་པོ་ཧྲེས་ངོས་འཛིན་བྱས་དོན། གལ་ཏེ་ཁྲོན་ཕུའུ་ཡི་ཐོབ་ན་དམག་འཁྲུག་གི་སྡུག་བསྔལ་ཐག་གཅོད་བཟོ་སྲིད་པ་དང་ ཝུའུ་ཁི་ལན་གྱི་མངའ་ཁོངས་ས་ཆ་གཅོད་པ་དང་འབྲེལ་བ་ཡོད་པ་ལྡོག་མེད་རེད། གལ་ཏེ་ཧ་ལི་སི་ཐོབ་ན་དམངས་གཙོའི་ཏང་གིས་སྔར་བཞིན་རྒྱལ་ཚོགས་ཀྱིས་ནོར་སྲིད་ཀྱི་རྒྱབ་སྐྱོར་འབོར་ཆེན་རྒྱུན་འཁྱོངས་བྱེད་དཀའ་ 


 



འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་



阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章