ཚེས་22ཉི་ཨུ་གཡུ་དམག་འཁྲུག་དང་ རྒྱལ་སྤྱིའི་གསར་འགྱུར།

文摘   2024-11-23 13:48   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   
   ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ

2024ལོའི་ཟླ་11ཚེས་22ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་1002ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་72.83ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1050ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

 དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ1དང་ ཁྲབ་ལྡན་འཁོར་ལོ13དང་།  མེ་སྒྱོགས5  མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་1   མཁའ་ཟོན་མ་ལག1  མི་མེད་གནམ་གྲུ་1 སྐྱེལ་འདྲེན་རླངས་32 དམིགས་བསལ་སྒྲིག་ཆས་1ཅེས་གཏོར་ཡོད་པ་རེད་ སྐོར་ཞིབ་འཕུར་མདེལ་8བདེ་བླག་ངང་བཀག་ཡོད་པ་རེད།


ཉེ་བའི་ཉིན་གཉིས་རིང་ལ་ ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ཨེར་སི་ཁེ་ས་ཁུལ་དུ་ འགོག་རྒོལ་བྱེད་ཤུགས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། ཨུ་རུ་སུའི་དམག་དཔུང་གིས་དེ་སྔ་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཉིན་རེར་ཆ་སྙོམས་ཁུའུ་ཨེར་སི་ཁེའི་ཕྱོགས་སུ་ཡུག་རེན་གྱི་དམག་མི་300རྩ་མེད་བཟོས་ཡོད། འོན་ཀྱང་ཨུ་རུ་སུའི་དམག་དཔུང་གིས་ཉིན་གཉིས་བསྟུད་མར་ཉིན་རེར་ཡུག་རེན་དམག་དཔུང་གི་ཁོངས་མི་150ཙམ་རྩ་མེད་བཟོས་ཡོད།གནས་ཚུལ་དེ་རིགས་ཐོན་པ་ནི་གནམ་གཤིས་དང་ནུབ་ཕྱོགས་ཀྱིས་ཡུག་རེན་ལ་རྒྱང་ཁྲིད་མཚོན་ཆར་རོགས་སྐྱོར་བྱས་པ་དང་འབྲེལ་བ་ཡོད། ཡུག་རེན་ལ་ཉེ་དུས་ཨ་རི་དང་དབྱིན་ཇིའི་དབང་ཆ་སྤྲད་པའི་རྒྱང་ཁྲིད་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་སུ་ཕར་རྒོལ་བྱས་པ་དེའི་ནང་GBU-39མཁའ་འགྲུལ་འབར་མདེལ་གྱིས་ཀྱང་ཨུ་རུ་སུའི་དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་སྐྱེལ་འདྲེན་ཁ་གསབ་བྱ་རྒྱུར་ལ་དཀའ་ངལ་བཟོས་ཡོད་པ་རེད། མིག་སྔའི་བར་ཨུ་རུ་སུའི་དམག་དཔུང་གིས་ཁུའར་སི་ཁེ་ཕྱོགས་ལ་རིམ་རྩིས་བྱས་ན་ཡུག་རེན་དམག་མི་34690རྩ་མེད་བཟོས་པ་དང་ཡུག་རེན་དམག་གི་ཐན་ཁེ་215རྩ་མེད་བཟོས་ཡོད་པ་རེད།


ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་11ཚེས་19ཉིན་པར་གཞི་གསར་ཤོས་ཀྱི་ཉིང་རྡུལ་མཚོན་ཆ་སྤྱོད་པའི་རྩ་དོན་ལ་མིང་རྟགས་བཀོད་པ་དང་ དེ་བཞིན་ཟླ་11ཚེས་21ཉིན་ཨུ་རུ་སུའི་དམག་དཔུང་གིས་RS-26གི“ཀྲེན་ཧྲུང་ གི་བར་ཐག་འབྲིང་བའི་མདེལ་ལམ་འཕུར་མདེལ་སྤྱད་ནས་ཡུག་རེན་ལ་འཁོན་ལན་སློག་པ་དེ་ནི་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ལ་ཐ་ཚིག་ནན་པོ་བསྒྲགས་པ་ཞིག་རེད།




 རྒྱལ་སྤྱིའི་གསར་འགྱུར། 



མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པས་ ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ཕྱོགས་ཁག་གིས་ཛ་དྲག་གི་བྱེད་ཐབས་སྤྱད་ནས་དུས་བབ་ཞི་ལྷོད་དུ་བཏང་སྟེ་ གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བ་བྱ་རྒྱུའི་རེ་འབོད་བྱས་པ་རེད། མགྲིན་ཚབ་པ་ཏུའུ་ཅ་ལི་ཁེས་ ཨུ་རུ་སུས་མདེལ་ལམ་འཕུར་མདེལ་གསར་པ་སྤྱད་དེ་ཏི་ཉེ་པོ་ལུའོ་གྲོང་ཁྱེར་ལ་འཇབ་རྒོལ་བྱས་པར་བརྡ་ལན་སློག་སྐབས། གནས་ཚུལ་འཕེལ་རྒྱས་འགྲོ་ཚུལ་ནི་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡིན་པ་དང་ཐམས་ཅད་ནོར་འཁྲུལ་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ ཁོང་གིས་དམངས་སྤྱོད་དམིགས་ཚད་དང་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ལ་ཕར་རྒོལ་བྱེད་མཚམས་བཞག་ནས་ མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པ་དང་འབྲེལ་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ ཞི་བདེ་སླར་གསོ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།


ཡུག་རེན་གྱིས་གཟའ་འཁོར་རྗེས་མར་ བྱང་ཆིངས་དང་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ ཨུ་རུ་སུས་འཕུར་མདེལ་གསར་པ་སྤྱོད་རྒྱུའི་སྐོར་གྲོས་མོལ་བྱ་རྒྱུ་ཡིན་པ་རེད། ཚོགས་འདུ་དེ་ཟླ་11ཚེས་26ཉིན་འཚོག་རྒྱུ་ཡིན་པ་དང་ སྐབས་དེར་བྱང་ཆིངས་དང་ཡུག་རེན་གྱི་ལས་འཛིན་ལྷན་ཚོགས་ཀྱི་གཞུང་ཚབ་ཆེ་མོ་བ་ཚོ་གྲོས་བསྡུར་ནང་ཞུགས་རྒྱུ་རེད། ཨུ་རུ་སུའི་འཕུར་མདེལ་གྱི་འཇབ་རྒོལ་དེ་ ཟླ་11ཚེས་21ཉིན་ཐོན་པ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ ཨོ་ལེ་ཧྲེ་ཉི་ཁེའི་ འབྲིང་འཕེན་འཕུར་མདེལ་མ་ལག་སྤྱོད་ཀྱི་ཡོད་ཅེས་བརྗོད་མོད། འོན་ཀྱང་དབྱེ་ཞིབ་བྱས་ནས་དེ་ནི་Rubezhགླིང་སྐྱོད་འཕུར་མདེལ་ཡིན་སྲིད་ཅེས་བཤད་པ་རེད། ཨ་རིའི་ཟུར་ལྔའི་ཐོག་བརྩེགས་ཁང་ཆེན་གྱིས་ཨུ་རུ་སུས་འཕུར་མདེལ་མ་འཕེན་གོང་ཨ་རི་ཕྱོགས་ནས་ཐ་ཚིག་བསྒྲགས་པ་གཏན་འཁེལ་བྱས་པ་རེད།


ཅེ་ཁེའི་ཕྱི་འབྲེལ་པུའུ་ཀྲང་ ལི་ཕ་ཧྥུ་སི་ཅི་ དེ་རིང་ཡུག་རན་རྒྱལ་ས་ཅི་ཧྥུ་ལ་འབྱོར་ནས་ཡུག་རན་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁོང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེགས་བུའི་ཐོག་ ད་ཐེངས་ཀྱི་འཚམས་འདྲིའི་དམིགས་ཡུལ་ནི་ཡུག་རན་མི་དམངས་ཀྱིས་ཨུ་རུ་སུའི་དམག་དཔུང་གི་འབར་མདེལ་དབྱུགས་པར་ཇི་ལྟར་ཁ་གཏད་གཅོག་པ་དང་ ཅེ་ཁེའི་རྒྱབ་སྐྱོར་རྣམ་གྲངས་ཀྱི་འཕེལ་རིམ་ལ་དཔྱད་དཔོག་བྱ་རྒྱུ་དང་འབྲེལ་ འབྱུང་འགྱུར་ཟླ་ཤས་ནང་ཇི་ལྟར་བྱས་ནས་རྒྱལ་སྤྱིའི་རོགས་སྐྱོར་དེ་བས་ནུས་ལྡན་ངང་སྒྲིག་འཛུགས་བྱ་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད། ཁོང་གིས་དེ་སྔོན་ཁེ་ལི་མུ་ལིན་ཕོ་བྲང་གིས་ཉིང་རྡུལ་མཚོན་ཆ་བེད་སྤྱོད་བྱེད་པའི་འཐབ་ཇུས་བཟོ་བཅོས་རྒྱག་པའི་འཇིགས་སྐུལ་བྱ་སྤྱོད་ལ་དམིགས་ནས་ རྒྱལ་སྤྱིའི་སྤྱི་ཚོགས་སྐྲག་མི་རུང་ཞེས་གསུངས་ཡོད།


ནོར་ཝེའི་རྒྱལ་སྲུང་པུའུ་ཀྲང་ ཀེ་ལ་མུའུ་ཡིས་ ནོར་ཝེས་ཡུག་རེན་ལ་ནོར་ཝེའི་ཁེ་ལང་དུང་ཕྱུར་5 ཧ་ལམ་ཡོ་སྒོར་ཁྲི་4300ཙམ་ མཁོ་འདོན་བྱས་ནས་ཡུག་རེན་གྱི་རྒྱལ་སྲུང་བཟོ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། མ་དངུལ་འདི་ཐད་ཀར་བུའུ་ཁུ་ལན་རང་སའི་མཚོན་ཆ་དང་ དམག་དོན་སྒྲིག་ཆས་ཀྱི་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་གཏོང་པ་དང་  ཀེ་ལ་མོས་ཁོ་ཕེན་ཧ་ཀེན་གྱི་ ཡོ་རོབ་བྱང་མའི་རྒྱལ་སྲུང་པུའུ་ཀྲང་གི་ཚོགས་འདུའི་ཐོག་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཁོ་ནར་བརྟེན་ན་ ཡུག་རེན་གྱི་དགོས་མཁོ་སྐོང་མི་ཐུབ་པས་ ཡུག་རེན་གྱིས་ངེས་པར་དུ་རང་ངོས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།


སུའེ་ཙེར་གྱིས་ཨའོ་ཏི་སཱ་ལ་ཆུ་འཐེན་འཕྲུལ་འཁོར་ཆེན་པོ་བཞི་ཞལ་འདེབས་སུ་ཕུལ་ནས་ གྲོང་ཁྱེར་དེའི་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ལ་འགན་སྲུང་བྱས། ཡུག་རེན་དུ་བཅའ་སྡོད་སུའེ་ཙེར་གྱི་གཞུང་ཚབ་ཆེ་མོ་ཁང་གིས་བཤད་པ་ལྟར་ན། ཡུག་རེན་གྱི་རིན་ཐང་ལྡན་པའི་སྒྲིག་ཆས་དེ་དག་གི་རིན་གོང་ཡུག་རེན་གྱི་ཀེ་ལི་ཕུའུ་ན་ཡིན་ཞིང་། ཨའོ་ཏེ་སའི་སྤྱི་སྤྱོད་བྱ་གཞག་ཀུང་སིས་སྒྲིག་སྦྱོར་ཟིན་པ་དང་། དེས་ཡུལ་མི་ཁྲི་10ལྷག་ཙམ་དང་སྲིད་འཛིན་ཐོག་བརྩེགས་ཁང་ཆེན་421ལ་ཞབས་འདེགས་ཞུ་རྒྱུ་ཡིན་པའི་ནང་སྨན་བཅོས་དང་། སློབ་གསོ།རིག་གནས། ཆོས་ལུགས་བཅས་ཀྱི་སྒྲིག་གཞི་ཚུད་ཡོད་པ་རེད།


ཨ་རིའི་གྲོས་ཁང་གོང་མས་གྲོས་ཞུགས་པ་ པའོ་ལའོ་ཡིས་ ཙུང་ཐུང་པའེ་ཏིན་གྱིས་ཡུག་རན་གྱི་དཔལ་འབྱོར་རོགས་སྐྱོར་བུ་ལོན་ཕྱེད་ཀ་མེད་པར་བཟོ་བར་བཀག་འགོག་བྱེད་པའི་གྲོས་གཞི་ལ་གྲོས་འཆམ་མ་བྱུང་། གཟའ་ཕུར་བུའི་ཉིན་འདེམས་ཤོག་འཕེན་པའི་ཁྲོད་དུ་ སྤྱི་མཐུན་ཏང་གི་གྲོས་ཞུགས་པ་༣༧ཡིས་ པའོ་ལའོ་ཡི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པ་དང་། གྲོས་ཞུགས་པ་༦༡ཡིས་ངོ་རྒོལ་བྱེད་པ་དང་། མི་༢ཀྱིས་འདེམས་ཤོག་་འཕེན་མེད་པ་རེད། གོ་རིམ་ལྟར་ན་ཙུང་ཐུང་གིས་བུ་ལོན་མེད་པར་མ་བཟོས་གོང་ གྲོས་ཁང་གོང་མར་བརྡ་ཐོ་གཏོང་དགོས་པ་དང་། གྲོས་ཁང་གོང་མར་གྲོས་ཆོད་ལ་བརྟེན་ནས་བྱེད་ཐབས་དེར་ངོ་རྒོལ་བྱེད་པའི་དབང་ཆ་ཡོད། འོན་ཀྱང་ པའོ་ལའོ་ཡི་ གྲོས་གཞི་ལ་གྲོས་འཆམ་མ་བྱུང་བས་འཆར་གཞི་འདི་མུ་མཐུད་དུ་སྤེལ་རྒྱུ་རེད།



འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ

阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章