ཚེས་18ཉི་ཨུ་གཡུ་དམག་འཁྲུག་དང་ རྒྱལ་སྤྱིའི་གསར་འགྱུར།

文摘   2024-11-19 12:31   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   
   ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ

2024ལོའི་ཟླ་11ཚེས་18ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་998ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་72.24ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1560ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

 དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ15དང་ ཁྲབ་ལྡན་འཁོར་ལོ38དང་།  མེ་སྒྱོགས30  མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་  མཁའ་ཟོན་མ་ལག  མི་མེད་གནམ་གྲུ་99 སྐྱེལ་འདྲེན་རླངས་འཁོར107དང་ དམིགས་བསལ་སྒྲིག་ཆས་2བཅས་གཏོར་ཡོད་པ་རེད། སྐོར་ཞིབ་འཕུར་མདའ་112་བདེ་བླག་ངང་བཀག་འགོག་བྱས་པ་རེད།


ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་18ཉིན་དམག་འཐབ་ཚགས་པར་ཁྱབ་བསྒྲགས་བྱས་ནས་ འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཨུ་རུ་སུའི་དམག་དཔུང་གིས་ས་ཁུལ་135ཡིས་ཡུག་རེན་དམག་དཔུང་གི་སྐྱེ་ལྡན་སྟོབས་ཤུགས་དང་ སྒྲིག་ཆས་བསྡུ་རུབ་བྱ་ཡུལ་དང་ དེ་བཞིན་དམག་སྤྱོད་གནམ་ཐང་དང་ རྨང་གཞིའི་སྒྲིག་བཀོད་དང་ ཡུག་རེན་གྱི་དམག་དོན་བཟོ་ལས་དང་ ཁེ་ལས་འཁོར་སྐྱོད་འགན་ལེན་བྱེད་པའི་ནུས་རྒྱུའི་སྒྲིག་བཀོད་ མི་མེད་གནམ་གྲུའི་བཀོལ་སྤྱོད་པའི་སྦྱོང་བརྡར་བྱ་ཡུལ་དང་ མི་མེད་གནམ་གྲུའི་མཛོད་ཁང་བཅས་ལ་རྡུང་རྡེག་བཏང་བ་དང་ མི་མེད་གནམ་གྲུ་106གཏོར་སྐྱོན་བཏང་ཡོད་ཅེས་འཁོད་ཡོད་པ་རེད།


ཟླ་11ཚེས་18ཉིན་ཨུ་རུ་སུའི་དམག་དཔུང་གིས་ ཨའོ་ཏེ་སར་ གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པའི་ནང་ སློབ་ཆེན་ཞིག་གི་ཐོག་བརྩེགས་ཁང་ཆེན་གཙོ་བོ་ཚུད་པའི་ས་གནས་དེ་གའི་སྒྲིག་ཆས་མང་པོར་ཨུ་རུ་སུའི་དམག་དཔུང་གི་འཕུར་མདེལ་ཕོག་པ་དང་ ཨའོ་ཏེ་སའི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་ཅིང་། མིག་སྔར་གྲོང་ཁྱེར་དེ་ཡོངས་སུ་གློག་ཆད་པ་རེད་ རོགས་སྐྱོབ་མི་སྣས་སྤེལ་བའི་ཆ་འཕྲིན་གསར་ཤོས་ལ་གཞིགས་ན། ད་རེས་ཀྱི་འཇབ་རྒོལ་ནང་མི་8རྐྱེན་ལམ་དུ་ཤོར་བ་དང་མི་18ལ་རྨས་སྐྱོན་ཕོག་ཡོད་པ་རེད། ས་གནས་དེ་གའི་ལྕགས་ལམ་སྐྱེལ་འདྲེན་ཆད་ནས་ཆུ་ཚོད་ཁ་ཤས་སོང་རྗེས་ཤར་བགྲོད་སླར་གསོ་བྱས་ཟིན་།


འདས་ཟིན་པའི་ཆུ་ཚོད་24ཡི་རིང་ ཨུ་རུ་སུའི་དམག་དཔུང་གིས་གཡུ་རེན་གྱི་ སུའུ་མེ་དང་ ཨའོ་ཏེ་ས་སོགས་གྲོང་ཁྱེར་མང་པོར་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་རེད། གཡུ་རེན་ཕྱོགས་ཀྱིས་ དགྲ་དམག་གི་སྐོར་ཞིབ་འཕུར་མདའ་112བཀག་འགོག་བྱས་ཡོད་ཅེས་བརྗོད་ཀྱང་ སྔར་བཞིན་གྲོང་མི་འབོར་ཆེན་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད་པས་ སུའུ་མའེ་ས་གནས་དེ་གའི་སྲིད་གཞུང་གིས་མི་400ལྷག་ཙམ་ཛ་དྲག་ངང་ཁ་འགྲེམས་བྱས་ཟིན་པ་དང་ མིག་སྔའི་བར་མི་11རྐྱེན་ལམ་དུ་ཤོར་བ་དང་མི་68ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད།


 རྒྱལ་སྤྱིའི་གསར་འགྱུར། 


རྒྱལ་སྤྱིའི་ཆབ་སྲིད་མཁས་ཅན་དང་ཕྱི་འབྲེལ་དཔོན་གྱིས་ དེ་སྔ་ཨུ་རུ་སུས་ཡུག་རེན་ལ་གཞི་ཁྱོན་ཆེ་བའི་འཕུར་མདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་རེད། ཡུག་རེན་དུ་བཅའ་སྡོད་པ་ཨ་རིའི་གཞུང་ཚབ་ཆེ་མོ་བ་ པུའུ་ལིན་ཁེས་གྱིས་འཇབ་རྒོལ་བྱས་པ་དེས་ཡུག་རེན་གྱི་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏེས་ ཨུ་རུ་སུས་མི་སེར་ལ་ཕར་རྒོལ་བྱས་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་ཚབས་ཆེན་བྱས་པ་ཞིག་རེད། དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཟུར་པ་ ཧྲ་ཕུའུ་སིས་ ཕུའུ་ཅིང་གིས་གློག་ཤུགས་སོགས་དམངས་སྤྱོད་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དེ་དམག་འཁྲུག་གི་ནག་ཉེས་སུ་གྱུར་ཡོད་ཅེས་བཤད་པ་རེད། ཕྱི་འབྲེལ་དཔོན་གཞན་དག་གིས་ཀྱང་ཡུག་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ།


ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ ཡུག་རེན་ལ་རྒྱང་ཁྲིད་ATACMSའཕུར་མདེལ་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་སུ་ཕར་རྒོལ་བྱེད་པའི་དབང་ཆ་ཐེངས་དང་པོ་སྤྲད་པ་དེ་ཐོག་ནས་ ཨ་རིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། གཏན་འབེབས་དེ་ནི་ཁྲའོ་ཞན་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ནང་ཞུགས་པར་ལན་སློག་ཆེད་ཡིན་པ་རེད། བྱེད་སྟངས་དེས་འཕྲལ་དུ་དམག་འཁྲུག་གི་གནས་ཚུལ་ལ་འགྱུར་ལྡོག་གཏོང་མི་སྲིད་ཀྱང་ ཡུག་རེན་ནས་ཨུ་རུ་སུའི་ས་གནས་ལ་རྡུང་རྡེག་གཏོང་བའི་ནུས་པ་ཆེན་པོ་ལྡན་ཡོད་པ་རེད་  ཨ་རིའི་དཔོན་རིགས་ཀྱིས་སྲིད་ཇུས་ལ་འགྱུར་ལྡོག་གཏོང་བའི་ཐད་ ལྟ་སྟངས་མི་འདྲ་བ་འཛིན་གྱི་ཡོད། འགའ་ཞིག་གིས་ བྱ་སྤྱོད་དེར་ཨུ་རུ་སུས་འཁོན་ལན་སློག་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་མོད། འོན་ཀྱང་དཔོན་རིགས་ཁག་གཅིག་གིས་དེའི་ཐད་སེམས་ཁྲལ་བྱེད་ཀྱི་མེད་པ་རེད།


ཧྥ་རན་སི་དང་ དབྱིན་ཇིས་ནས་ ཡུག་རེན་གྱིས་SCALPདང་Storm Shadow་འཕུར་མདའ་བཀོལ་ནས་ ཨུ་རུ་སུའི་མངའ་ཁོངས་ལ་རྡུང་རྡེག་བྱེད་དུ་འཇུག་པའི་ཐག་བཅད། ཐག་གཅོད་འདི་ནི་ཨ་རིས་གཡུ་རེན་ལ་རྒྱང་ཁྲིད་ཀྱི་ATACMSའཕུར་མདེལ་བཀོལ་ཆོག་པའི་དབང་ཆ་སྤྲད་རྗེས་ཐག་བཅད་པ་ཡིན་པ་རེད་  གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེ་དང་དབྱིན་ཇིའི་བྱེད་ཐབས་དེས་ ཡུག་རེན་གྱི་རྡུང་རྡེག་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་ATACMSལ་བརྟེན་ཐུབ་པ་མ་ཟད། ད་དུང་SCALPདངStorm Shadowསྤྱད་དེ་ཨུ་རུ་སུ་རང་སའི་ཡུལ་དུ་རྒྱང་རིང་ནས་རྡུང་རྡེག་གཏོང་ཐུབ་པ་བྱུང་ཡོད།


ཐུར་ཁེའི་ཙུང་ཐུང་ ཨེར་ཏུའོ་ཨན་གྱིས་ རྒྱལ་ཁབ་ཉི་ཤུའི་ཚོགས་པའི་(་G20)་དབུ་ཚོགས་རིང་ གྲོས་གཞི་ཞིག་བཏོན་ནས་ གཡུ་རེན་གྱི་དམག་འཁྲུག་མཚམས་འཇོག་རྒྱུའི་འཆར་གཞི་ཡོད་པ་རེད། གནས་ཚུལ་མི་སྣས་བཤད་པ་ལྟར་ན། ཨེར་ཏའོ་ཨན་གྱིས་ གཡུ་རེན་ཆིངས་སུ་ཞུགས་པའི་གྲོས་བསྡུར་མ་མཐའ་ཡང་ལོ་༡༠ཕྱིར་འགྱངས་བྱས་ནས། ཨུ་རུ་སུ་ལ་བཟོད་སྒོམ་བྱེད་པའི་གྲོས་གཞི་བཏོན།  གྲོས་གཞིའི་ནང་གཡུ་རེན་ཤར་རྒྱུད་དུ་དམག་དོན་མ་ཡིན་པའི་ས་ཁུལ་འཛུགས་རྒྱུ་དང་འབྲེལ་ རྒྱལ་སྤྱིའི་དམག་དཔུང་བཀོད་སྒྲིག་བྱ་རྒྱུ་དང་དུས་མཚུངས་སུ་ གཡུ་རེན་ལ་དགོས་ངེས་ཀྱི་དམག་དོན་འགན་སྲུང་མཁོ་འདོན་བྱས་ནས་ གཡུ་རེན་གནས་སྐབས་བྱང་ཆིངས་རྩ་འཛུགས་སུ་མི་ཞུགས་རྒྱུའི་མོས་མཐུན་ཐོབ་ཐབས་བྱ་རྒྱུ་དང། གཡུ་རེན་ནས་གྲོས་གཞི་འདི་དང་ལེན་བྱེད་དཀའ་ནའང་ འཆར་གཞི་འདི་དམག་མཚམས་འཇོག་པའི་རེ་བ་ཡོད་

འཇར་མན་ཀུང་སིས་ནས་ཡུག་རེན་ལ་མི་ཐབས་རིག་ནུས་4KMini-Taurusསྒྲིག་སྦྱོར་བྱས་པའི་མི་མེད་གནམ་གྲུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། མི་མེད་གནམ་གྲུ་དེ་དག་ལ་སྔོན་ཐོན་གྱི་མ་ལག་ལྡན་པ་དང་ ཨུ་རུ་སུའི་གློག་རྡུལ་དམག་འཐབ་དང་GPSཡི་འགོག་རྐྱེན་འགོག་མི་ཐུབ་པ་དང་ འཕུར་སྐྱོད་ཀྱི་བར་ཐག་ནི་ཚད་ལྡན་གྱི་ ལྷ་རླུང་སྲོག་གཅོད་མི་མེད་གནམ་གྲུའི་ལས་ ལྡབ་བཞི་ཡི་མཐོ་བ་མ་ཟད། གནམ་གཤིས་ངན་པའམ་ ཡང་ན་རྨང་གཞིའི་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་འོག སྔར་བཞིན་ལས་འགན་གནད་ལ་འཕིགས་པའི་ངང་སྒྲུབ་ཐུབ་པ་ འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཕི་སི་ཐུའོ་ལི་ཝུའུ་སིས་ཡི་ འཇར་མན་གྱིས་ཟླ་12པ་ནས་བཟུང་ཟླ་རེར་མི་མེད་གནམ་གྲུ་དེ་རིགས་ བརྒྱ་གྲངས་སྤྲོད་རྒྱུ་དང་མིག་སྔར་ཡུག་རེན་ཤར་རྒྱུད་འཐབ་ཁུལ་དུ་ དཔེ་སྟོན་གནམ་གྲུ་ཚོད་ལྟ་བྱེད་བཞིན་ཡོད་པའི་གཏན་འཁེལ་བྱས་པ་རེད།





འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ

阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章