ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ
2024ལོའི་ཟླ་11ཚེས་21ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་1001ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་72.72ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1510ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ8དང་ ཁྲབ་ལྡན་འཁོར་ལོ24དང་། མེ་སྒྱོགས50 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་1 མཁའ་ཟོན་མ་ལག2 མི་མེད་གནམ་གྲུ་57 སྐྱེལ་འདྲེན་རླངས་འཁོར97་བཅས་གཏོར་ཡོད་པ་རེད།
ཕྱོགས་མང་པོའི་སྨྱན་སྦྱོར་གྱིས་ཕྱོགས་བསྡུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་21ཉིན་གྱི་ཐོ་རེངས་ཆུ་ཚོད་5ཙམ་ལ་ ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་ལ་གླིང་སྐྱོད་མདེལ་ལམ་འཕུར་མདེལ་ཞིག་འཕེན་གཏོང་བྱས་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། འཕུར་མདེལ་གྱི་བཟོ་དབྱིབས་ནི་RS-26 Rubezhཡིན་པ་དང་། འཕེན་ཐག་ནི་སྤྱི་ལེ་6000ཡིན་པ་དང་ ཤུགཚད་ཏུན་1.5ཡིན་པ། དབྱེ་འབྱེད་རྣམ་པའི་མདེལ་མགོ་བཞི་འཁྱེར་ཆོག་པ་བཅས་རེད། ཡུག་རེན་ཕྱོགས་ཀྱིས་བཤད་པ་འཕུར་མདེལ་འདི་ནི་ ཨུ་རུ་སུའི་ཨ་སི་ཐེ་ལ་ཧན་ས་ཁུལ་ནས་འཕེན་གཏོང་བྱས་པ་ཞིག་ཡིན་པ་དང་ འཕུར་མདེལ་སྤྱི་ལེ་500འཕུར་སྐྱོད་བྱས་པ་དང་ འཕུར་སྐྱོད་དུས་ཚོད་སྐར་མ་5ཙམ་ཟིན་ཡོད། ཡུག་རེན་ལྟ་ཞིབ་བྱས་པའི་ཆ་འཕྲིན་ལ་གཞིགས་ན། འཕུར་མདའ་དེས་ཏི་ཉེ་པོ་ལུའོ་གྲོང་ཁྱེར་དུ་གནས་པའི་ཡུག་རེན་གྱི་སྐད་གྲགས་ཡོད་པའི་དམག་དོན་བཟོ་ལས་ཁེ་ལས་འཕྲུལ་ཆས་བཟོ་གྲྭར་ཞིག་ལ་ཕོག་པ་དང་ མིག་སྔར་མི་སྣ་ཤི་རྨས་དང་རྨང་གཞིའི་སྒྲིག་བཀོད་ལ་གྱོང་གུན་ཕོག་པའི་ཞིབ་ཕྲའི་གནས་ཚུལ་ཐོན་མེད་པ་རེད། ཐེངས་ཀྱི་འཕུར་མདེལ་ཉིང་རྡུལ་འབར་མདེལ་ཁྱེར་མེད་མོད། འོན་ཀྱང་གོ་ལ་ཧྲིལ་པོའི་གླེང་ཕྱོགས་ལ་གཡོ་འགུལ་ཐེབས་པ་རེད།
ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས་ནས་བཤད་པ་ ལས་གནས་ལས་བྲལ་གྲབས་ཡོད་པའི་ཨ་རིའི་པའེ་ཏེང་སྲིད་གཞུང་གིས་མུ་མཐུད་ཡུག་རེན་གྱི་གདོང་གཏུག་ཐོག་ མེ་འབར་ཐོག་ཏུ་སྣུམ་བླུགས་ནས་ དམག་འཁྲུག་གི་བཞི་བརྒྱ་ཆེ་རུ་གཏང་ཡོད་ཅེས་བཤད་པ་རེད།ཧྥ་རན་སེ་གསར་འགྱུར་ཁང་དང་ ལུའུ་ཐོའུ་གསར་འགྱུར་ཁང་སོགས་ ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་མཁའ་དམག་གིས་ཨུ་རུ་སུས་ཡུག་རེན་གྱི་ས་ཁོངས་སུ་གླིང་སྐྱོད་མདེལ་ལམ་འཕུར་མདེལ་འཕེན་གཏོང་བྱས་པ་དེ་ནི་ ཨ་རིའི་ནུབ་ཕྱོགས་ཀྱིས་ཡུག་རེན་ལ་མཚོན་ཆའི་ཚོད་འཛིན་བཀག་རྒྱ་གློད་པར་གཏང་བ་ཨ་ལན་སློག་པ་ཞིག་ཡིན་ལ་ ཨུ་རུ་སུས་ཉིང་རྡུལ་མཚོན་ཆ་མ་སྤྱད་གོང་གི་མཐའ་མཇུག་གི་ཐ་ཚིག་ཅིག་ཀྱང་ཡིན་ཞེས་བཤད་པ་རེད།
ད་ལྟ་དང་ལས་ཐོག་སྔ་མའི་ཨུ་རུ་སུའི་དཔོན་རིགས་ལྔ་ཡིས་བཤད་པ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨ་རིའི་ཙུང་ཐུང་ཐུའུ་ལོང་ཕའོ་དང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་གྲོས་བསྡུར་བྱེད་རྩིས་ཡོད་མོད། འོན་ཀྱང་མངའ་ཁོངས་ལ་བཟོད་སྒོམ་ཆེན་པོ་བྱེད་མི་སྲིད་པ་དང་། ཁེ་ལི་སྨི་ཡ་ནི་གྲོས་མོལ་བྱེད་ཐབས་བྲལ་བའི་མངའ་ཁོངས་སུ་བརྩི་རྒྱུ་དང་། དུས་མཚུངས་སུ་ ཡུག་རེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་དེ་འདོར་དགོས་པའི་བླང་བྱ་དྲག་པོ་བཏོན་ཡོད། གཞན་ཡང་ཕུའུ་ཅིན་གྱིས་ཏུན་ཉེ་ཚི་ཁེ་དང་། ལུའུ་ཀན་སི་ཁེ། ཀྲ་པོ་རོ་རེ་དང་ ཧོར་སུང་ས་ཁུལ་བཅས་ལ་དབྱེ་བ་ཕྱེ་ནས་གྲོས་བསྡུར་བྱ་རྒྱུར་མོས་མཐུན་བྱེད་ཤས་ཆེ། ས་ཁུལ་དེ་དག་མིག་སྔར་ཨུ་རུ་སུའི་ལག་ཏུ་ཡོངས་སུ་ཚོད་འཛིན་བྱས་མེད། ཕུའུ་ཅིན་གྱིས་ད་དུང་ཝུ་ཁུ་ལན་ལ་ ཝུ་ཁུ་ལན་དྲག་ཆས་རུ་ཁག་གི་གཞི་ཁྱོན་ལ་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད་ ཨུ་རུ་སུའི་སྐད་ཀྱི་བཀོལ་སྤྱོད་ལ་ཚོད་འཛིན་མི་བྱེད་པའི་ཁས་ལེན་བྱེད་རྒྱུ།
ཟླ་11ཚེས་21ཉིན་ཕུའུ་ཅིང་གིས་བརྙན་འཕྲིན་གསུང་བཤད་ཅིག་གནང་སྐབས་ ཡུག་རེན་གྱི་ས་ཁོངས་སུ་ཚོད་ལྟ་བྱེད་བཞིན་པའི་མྱུར་ཚད་ཆེས་མཐོ་བའི་འཕུར་མདེལ་ཞིག་འཕེན་གཏོང་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། བྱེད་སྟངས་དེ་ནི་ནུབ་ཕྱོགས་ཀྱིས་ཡུག་རེན་ལ་ཁོང་ཚོས་མཁོ་འདོན་བྱས་པའི་རྒྱང་ཁྲིད་འཕུར་མདེལ་སྤྱད་དེ་ཨུ་རུ་སུའི་ས་ཁུལ་དུ་འཇབ་རྒོལ་བྱེད་ཆོག་པའི་ཁས་བླངས་པར་ལ་ལན་བཏབ་པ་ཞིག་རེད
རྒྱལ་སྤྱིའི་གསར་འགྱུར།
ཁ་ན་ཏའི་རྒྱལ་སྲུང་པུས་ཡུག་རེན་ལ་NASAMSམཁའ་ཟོན་མ་ལག་ནང་བཤུག་གཏོང་རྒྱུའི་གཏན་འཁེལ་བྱས་པ་དང་མིག་སྔར་མ་ལག་དེ་ཕོ་ལན་དུ་འབྱོར་ཡོད་པ་རེད། ཁ་ན་ཏའི་རྒྱལ་སྲུང་པུའི་པུའུ་ཀྲང་པུའུ་ལེའར་གྱིས་ཁ་ན་ཏས་ཨ་རི་དང་དེ་བཞིན་ལུའེ་ཧྲེན་ཀུང་སི་དང་མཉམ་ལས་དམ་ཟབ་བྱས་ནས་མ་ལག་དེ་སྒྲིག་སྦྱོར་བྱས་ཟིན་ནས་རྩིས་སྤྲོད་ཟིན་ཉེར་ཡོད་ཅེས་བརྗོད་པ་རེད། ཁོང་གིས་མཁའ་ཟོན་མ་ལག་དེ་ད་ཆ་ཕོ་ལན་དུ་གནས་པ་དང་སྔོན་དཔག་བྱས་ན་ཡུག་རེན་གྱི་མཐའ་མཚམས་སུ་མགྱོགས་མྱུར་དབོར་རྒྱུ་རེད་ཅེས་བཤད་པ་རེད། པུའུ་ལེར་གྱིས་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་ཁ་པར་རྒྱག་སྐབས་ཁོང་ལ་NASAMSམ་ལག་སླེབས་ཉེར་ཡོད་ཅེས་བཤད་པ་རེད།
དབྱི་ཐ་ལིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའི་པུའུ་ཀྲང་གཅིག་ལྕོགས་པ་ ཐ་ཡ་ཉིས་དབྱི་ཐ་ལི་ཡི་ ཡུག་རེན་གྱི་ཚོང་ལས་གླེང་སྟེགས་ཐོག་དབྱི་ཐ་ལིས་ཡོ་སྒོར་དུང་ཕྱུར་2བཏང་ནས་ཡུག་རེན་གྱི་གློག་དང་དྲ་བ་བསྐྱར་སྐྲུན་བྱ་རྒྱུའི་ཐད་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་ཐ་ཡ་ཉིས་ ད་དུང་དབྱི་ཐ་ལིས་2025ལོར་ ཡུག་རེན་བསྐྱར་སྐྲུན་སྐོར་གྱི་ཚོགས་འདུ་ཞིག་སྒྲིག་འཛུགས་བྱས་ནས་ ཡུག་རེན་བསྐྱར་སྐྲུན་བཟོ་ཆེད་རོགས་སྐྱོར་དེ་བས་མང་བ་གྲབས་གསོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། གླེང་སྟེགས་རིང་སྔོན་དཔག་བྱས་ན་དྲན་ཐོ་ཁ་ཤས་ལ་མིང་རྟགས་འགོད་རྒྱུ་ཡིན་པ་རེད། དབྱི་ཐ་ལིའི་ཕྱི་འབྲེལ་པུས་ཚོགས་འདུ་དེ་2025ལོའི་ཟླ་7ཚེས་10ནས་ཚེས་11ཉིན་བར་འཚོག་རྒྱུ་ཡིན་ཞེས་བཤད་པ།
ཨ་རིའི་ཙུང་ཐུང་པའེ་ཏེང་གིས་རྒྱལ་ཚོགས་ལ་འདོད་བློའི་གསལ་བསྒྲགས་ཤིག་ཕུལ་ནས་ ཡུག་རེན་གྱིས་ཨ་སྒོར་དུང་ཕྱུར་46.5ཙམ་གྱི་དཔལ་འབྱོར་རོགས་སྐྱོར་གྱི་བུ་ལོན་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་མི་ལེས་གསར་འགྱུར་གནད་བསྡུས་ནང་། རྒྱལ་ཚོགས་ཐོག་2024ལོའི་ཟླ་4པར་གྲོས་འཆམ་བྱུང་བའི་ ཡུག་རེན་གྱི་བདེ་འཇགས་ཁ་གསབ་ཀྱི་དངུལ་གཏོང་ཁྲིམས་གཞིའི་ ནང་ཨ་སྒོར་དུང་ཕྱུར་100ཙམ་གྱི་དཔལ་འབྱོར་རོགས་སྐྱོར་ནི་ཆ་རྐྱེན་ཡོད་པའི་སྒོ་ནས་ དངུལ་བུན་འཇལ་བའི་རྣམ་པའི་ཐོག་ནས་མཁོ་འདོན་བྱས་པ་ཞིག་རེད་ཅེས་བསྟན་ཡོད། འོན་ཀྱང་ པའེ་ཏེང་གིས་ཕུལ་བའི་གསལ་བསྒྲགས་ནང་ དངུལ་བུན་དེའི་50%སྟེ་ཨ་སྒོར་དུང་ཕྱུར་46.5མེད་པ་བཟོ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད་པ་རེད། སྨི་ལེས་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་དང་་ངོ་རྒོལ་བྱེད་ཆོག་མོད། འོན་ཀྱང་ངོ་རྒོལ་གྱི་བསམ་འཆར་ཐོན་སྲིད་ཀྱི་མ་རེད་ཅེས་བཤད།
མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ(WFP)ལག་བསྟར་ཅུས་ཀྱིས་2025ལོ་ནས་2027ལོ་བར་གྱི་ཡུག་རེན་གྱི་གནས་སྐབས་འཐབ་ཇུས་འཆར་གཞིར་ཆོག་མཆན་སྤྲད་པ་དང་ སྤྱིའི་སྔོན་རྩིས་ནི་ཨ་སྒོར་དུང་ཕྱུར་21ཡིན་པ་རེད། ཡུག་རེན་གྱི་ཙུང་ལི་ཧྲེ་མེ་ཧར་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྔོན་རྩིས་དེ་ མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་ཐད་ གཙོ་གནད་དུ་སྤྱད་དེ་མི་སེར་དང་ས་འོག་གི་འབར་མདེལ་འབུད་པའི་བྱ་སྤྱོད་འགན་ལེན་བྱ་རྒྱུ་དང་ དེ་བཞིན་ཡུག་རེན་གྱི་ཞིང་ལས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་གཏོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་སྤྱོད་རྩིས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཁོས་རྒྱལ་སྤྱིའི་རོགས་ཟླས་ཡུག་རེན་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
ཨོ་སི་ཁྲུ་རི་ཡས་ཡུག་རེན་ལ་འབྲུ་རིགས་ཡོ་སྒོར་ཁྲི་200བསྐྱར་སྣོན་བྱ་རྒྱུའི་གྲོས་འགོ་བཏོན་ནས་ དམག་འཁྲུག་ཛ་དྲག་ཏུ་འགྲོ་བའི་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་མེད་པའི་གནད་དོན་ལ་ཁ་གཏད་གཅོག་རྒྱུའི་ཁས་ལེན་བྱས་ཡོད། ཨོ་སི་ཁྲུ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ལུན་པེ་ཀེས་དང་ ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ཤིས་པི་ཧ་དང་མཉམ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ མ་དངུལ་དེ་ཨོ་སི་ཁྲུ་རི་ཡའི་འཕེལ་རྒྱས་ཧྲུའུ་བརྒྱུད་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཧྲ་ལུན་པེ་ཀེས་ཨུ་རུ་སུའི་བཙན་འཛུལ་གྱིས་ཡུག་རེན་མི་དམངས་ལ་འཇིགས་སྣང་བཟོ་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཡུག་རེན་གྱི་འབྲུ་རིགས་ལ་རྟེན་མཁན་དམངས་ཚོགས་ཁྲི་བརྒྱ་ཕྲག་མང་པོར་ཤུགས་རྐྱེན་ཡང་ཐེབས་ཡོད་ཅེས་ནན་བཤད་བྱས་པ་རེད།