ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་ཅིག་གི་ནང་དུ་ཟླ་10ཚེས་20ཉིན་གྱི་ཐོ་རེངས་སུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་110བཏང་ནས་ཨུ་རུ་སུའི་ས་ཁུལ་དུ་གཏོར་སྒོལ་བཏང་བ་རེད། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཁུའུ་ཨར་སི་ཁེ་ མཁའ་དབྱིན་ལ་མི་མེད་གནམ་གྲུ་43རྩ་གཏོར་བཟོས་པ་དང་། ལི་ཕེ་ཚི་ཁེའི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་27རྩ་གཏོར་གཏང་བ་དང་ ཨོ་ལེའོ་ཨར་མཁའ་དབྱིངས་སུ་མི་མེད་གནམ་གྲུ་18དང་། ནོ་ཧྥུ་རོ་ཏེའི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་8་ པུར་ཀེ་ལོ་ཏེའི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་7་དང་། པུ་ལི་སི་ཁེའི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་6དང་། མོ་སི་ཁོ་ལ་མི་མེད་གནམ་གྲུ་1་བཅས་རྩ་གཏོར་གཏང་བ་ཡིན་ཟེར་བཤད་འདུག
ཟླ་10ཚེས་18ཉིན་ཨུ་རུ་སུའི་གསར་བསྒྲགས་སྤེལ་བ་ལྟར་ན་ ཨུ་རུ་སུའི་དམག་དཔུང་གིས་འདས་ཟིན་པའི་གཟའ་འཁོར་གཅིག་གི་ནང་དུ་ཁྱོན་བསྡོམས་འཇབ་རྒོལ་ཐེངས་36བྱས་ནས་ཝུའུ་ཁི་ལན་གྱི་དམག་ཤུགས་ཉམས་དམས་སུ་ཆེས་ཆེར་བཏང་ནས། ཉིན་ཁ་ཤས་ཀྱི་ནང་ཝུའུ་ཁི་ལན་གྱི་དམག་དཔུང་གྱོང་གུན་མི་གྲངས་15500ལ་ཉེ་བ་གྱོང་གུན་བྱུང་བ་བཤད་འདུག
ཨུ་རུ་སུ་ཕྱོགས་ཀྱིས་ ཏོན་པ་སི་དང་བཀྲ་པོ་ལོ་རེ་ས་ཁུལ་གྱི་གཏན་སྡོད་བྱེད་ས་ལྔ་བཅིངས་འགྲོལ་བཏང་བ་དེ་ནི་ས་ཆ་འགའ་བཙན་བཟུང་བྱེད་པའི་གནད་དོན་ཙམ་མ་ཡིན་པར། ཨུ་རུ་སུས་གཡུལ་སར་འཐབ་ཇུས་ཀྱི་དགེ་མཚན་སྔར་ལས་སྲ་བརྟན་དུ་བཏང་བ་མཚོན་ཡོད། ཝུའུ་ཁི་ལན་གྱི་མཁའ་ཟོན་དམག་དཔུང་གིས་ཨུ་རུ་སུའི་མི་མེད་གནམ་གྲུ་80ལ་འཇབ་རྒོལ་བྱས་མོད། འོན་ཀྱང་དམག་འཁྲུག་ཁྱོན་ཡོངས་ཀྱི་འགྱུར་ལྡོག་དང་བསྡུར་ན་གྲུབ་འབྲས་དེ་ཧ་ཅང་ཉུང་ཉུང་རེད། མི་མེད་གནམ་གྲུ་བརྒྱ་རྩ་མེད་དུ་བཏང་བ་དེས་དམག་མི་ཁྲི་ཕྲག་ཁ་ཤས་ཀྱི་ཚེ་སྲོག་དང་བརྗེ་ན་ཕམ་ཁ་དེ་ལས་ཆེ་བ་ཅི་ཡོད།
ཝུའུ་ཁི་ལན་དྲག་པོའི་སྟོབས་ཤུགས་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གསར་ཤོས་ལྟར་ན། ཨུ་རུ་སུའི་ གཤམ་གྱི་ནོ་ཧྥུ་རོ་ཏེ་ཀྲོའུ་རུ་ཅེར་ཏེ་སི་ཁེ་ས་ཁུལ་གྱི་ཝེར་ཏེ་ནོ་ཧྥུའི་ འབར་རྫས་བཟོ་གྲྭའི་ནང་དུ་དེ་རིང་ཞོགས་པ་ ཝུའུ་ཁི་ལན་ནས་འཇབ་རྒོལ་བྱས་པ་རེད། ཝུའུ་ཁི་ལན་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་རྒྱང་རིང་གི་རྡུང་རྡེག་བྱ་སྤྱོད་ནི་ཝུའུ་ཁི་ལན་གྱི་བདེ་འཇགས་སྡེ་ཁག་དང་། དམིགས་བསལ་དམག་འཐབ་དམག་དཔུང་དང་ གསང་འཕྲིན་ཅུས་གཙོ་བོ་བཅས་ཀྱིས་མཉམ་འབྲེལ་ཐོག་ལག་བསྟར་བྱས་པ་རེད། ཁེ་ལས་འདིས་གཙོ་བོ་འབར་རྫས་དང་། མཁའ་འགྲུལ་སྒྱོགས་མདེལ། མཁའ་འགྲུལ་འབར་མདེལ། (ལྷག་པར་དུ་མཁའ་ཟོན་འཕུར་མདའ་དང་། ཐན་ཁེ་ལ་རྒོལ་བའི་འཕུར་མདའ་སྣ་ཚོགས། མཁའ་ཟོན་འཕུར་མདའི་མདེལ་མདེལ་བཅས་ཐོན་སྐྱེད་བྱེད་ས་བཟོ་གྲྭ་ཞིག་ཡིན་པ་མ་ཟད་ ཨུ་རུ་སུའི་རྒྱལ་སྲུང་འགད་རྫས་ཀྱི་ཁོངས་སུ་གཏོགས་པའི་བཟོ་གྲྭ་ཆེ་ཤོས་ཡིན་པ་རེད་ བཟོ་གྲྭ་འདི་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་བར་ཐག་སྤྱི་ལེ་900ཙམ་ཡོད།
གསར་བསྒྲགས་བྱེད་པ་ལྟར་ན། ཨ་རིས་ཡི་ཝུའུ་ཁི་ལན་ལ་ཨ་སྒོར་དུང་ཕྱུར་200ཟིན་པའི་དངུལ་བུན་གཡར་རྩིས་ཡོད་པ་རེད་འདུག་ དེ་རྒྱལ་ཁབ་བདུན་གྱི་ཚོགས་པ་(G7)འདོན་སྤྲོད་བྱས་པའི་ཨ་སྒོར་དུང་ཕྱུར་500ཡི་དངུལ་བུན་གྱི་ཆ་ཤས་ཤིག་ཡིན་པ་རེད། དངུལ་བུན་འདི་ནི་ནུབ་ཕྱོག་པས་བཀག་སྡོམ་བྱས་པའི་ཨུ་རུ་སུའི་གི་རྒྱུ་ནོར་གྱིས་སྐྱིན་ཚབ་སྤྲོད་རྒྱུ་ཆ་བཞི་རེད་འདུག་ གལ་ཏེ་ཟླ་11པར་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་པོ་ནང་ ཐེ་ལང་ཕུའུ་ལ་ཐོབ་སོང་ན། མ་འོངས་པར་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་མཚམས་ཆད་སྲིད་པས་ ནུབ་ཕྱོགས་ཀྱི་དཔོན་རིགས་རྣམས་ཀྱིས་ གྲོས་མོལ་འདི་འགྱོགས་སུ་ཐག་ཆོད་ནས་ལོ་མཇུག་གི་སྔོན་ལ་མ་དངུལ་གཏོང་སྤྲོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
གསར་བསྒྲགས་བྱས་པ་ལྟར་ན། འཛམ་གླིང་ཚགས་པར་གྱི་རྩོམ་ཡིག་ཅིག་གི་ནང་དུ་རྩོམ་ཡིག་ཅིག་གི་ནང་དུ་ཨ་རིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གདན་ཞུ་ལ་རྩ་བའི་རང་བཞིན་ལྡན་པའི་ངོ་རྒོལ་གྱི་བསམ་འཆར་ཅི་ཡང་མེད་ཅེས་བསྟན་པ་རེད། ཨ་རིའི་ཙུང་ཐུང་པའེ་ཏེང་དང་།ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་ཧྲོར་ཚི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོས་གནད་དོན་འདིའི་ཐད་ལ་ཕྱོགས་འགལ་བྱུང་བར་བཀག་འགོག་བྱས། ཨ་རི་དང་འཇར་མན་གྱི་སྔོན་ཆད་ཝུའུ་ཁེ་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས་གང་རུང་ལ་བཀག་འགོག་བྱས་པ་རེད།ཨ་རིའི་ལངས་ཕྱོགས་ཀྱི་འགྱུར་ལྡོག་གིས་འཇར་མན་གྱི་རྣམ་འགྱུར་ལ་ཤུགས་རྐྱེན་ཐེབས་སྲིད།
ཨ་རིའི་ཙུང་ཐུང་པའེ་ཏེང་དང་ ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་ དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མེན་ གནད་དོན་ཐད་ཕྱོགས་གཅིག་ཚུང་བྱུང་མེད་ རྩོམ་ཡིག་ནང་དུ་ཨ་རི་དང་འཇར་མན་གྱིས་དེ་སྔོན་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས་ལ་མཉམ་དུ་བཀག་འགོག་བྱས་ཡོད་
འཇར་མན་དང་ ཨ་མེ་རི་ཁ་ ཧྥ་རན་སི་ དབྱིན་ཇི་ རྒྱལ་ཁབ་བཞིའི་འགོ་ཁྲིད་རྣམ་འཇར་མན་གྱི་རྒྱལ་ས་པོ་ལེན་དུ་འཛོམ་ནས་ ཨུ་རུ་སུའི་འཁྲུག་རྩོད་དང་དབུས་ཤར་གྱི་གནས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་མ་ཟད། མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཕྱོགས་སོ་སོས་ཝུའུ་ཁི་ལན་ལ་རྗེས་མཐུད་ཀྱི་བདེ་འཇགས་རོགས་སྐྱོར་དང་། དཔལ་འབྱོར་རོགས་སྐྱོབ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་ཀྱི་འཆར་གཞི་ལ་གྲོས་བསྡུར་བྱས་པ་དང། ཕྱོགས་སོ་སོས་ད་དུང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་བཏོན་པའི་རྒྱལ་ཁའི་འཆར་གཞི་ལ་གྲོས་བསྡུར་བྱས་ཏེ། ཝུའུ་ཁི་ལན་གྱིས་དྲང་བདེན་དང་རྒྱལ་སྲིད་གི་ཞི་བདེ་མངོན་འགྱུར་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས།
འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས 18 ཉིན་པོ་ལེན་དུ་བཤད་རྒྱུར། འཇར་མན་གྱིས་ཝུའུ་ཁི་ལན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་མོད། འོན་ཀྱང་ངེས་པར་དུ་གནོད་འཚེ་དེ་ལས་ཆེ་བ་མི་ཡོང་བ་ཆེད་དུ་ བྱང་ཆིངས་རྩ་འཛུགས་དེ་གཡུལ་འགྱེད་ཕྱོགས་སུ་མི་འགྱུར་བར་ཁག་ཐེག་བྱ་དགོས་ཞེས་བཤད།
བཀག་སྡོམ་བྱས་པའི་ཨུ་རུ་སུའི་རྒྱུ་ནོར་ལ་བརྟེན་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་པ་དང་།
ད་དུང་ ཕཱ་ལེ་སི་ཐན་གྱི་འགོག་རྒོལ་འགུལ་སྐྱོད་རུ་ཤོག་ཧ་མ་སི་ཡི་མགོ་ཁྲིད་པ་ ཞིན་ཝ་ཨར་ གྱིས་ཤི་བའི་ཤུགས་རྐྱེན་ཀྱི་ དབྱི་སི་རལ་དང་དབྱི་རན་བར་གྱི་འགལ་བ་ཇེ་ཆེར་འགྲོ་བའི་ཉེན་ཁ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1701པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་ ཁོང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ན་གཞི་ནས་འཛམ་གླིང་ཧྲིལ་པོའི་ཞི་བདེ་དང་བརྟན་ལྷིང་འགན་ལེན་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཚང་མར་བདེ་འཇགས་དང་དར་རྒྱས་ཡོང་བའི་འགན་ལེན་བྱེད་ཐུབ།
གྲོས་མོལ་འདི་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བར་གྱི་འདུ་ཚོགས་ཤིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་བར་གྱི་གླེང་མོལ་ཞིག་ཀྱང་ཡིན། རྒྱལ་ཁབ་བཞིའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཀྱིས་འཛམ་གླིང་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་བྱེད་རྒྱུ་
འགྲན་སློང་དང་གོ་སྐབས་ཀྱིས་ཁེངས་པའི་དུས་རབས་འདིར་ང་ཚོས་རྒྱལ་སྤྱིའི་མཉམ་ལས་དང་གོ་བ་སྔར་ལས་མང་བ་ལེན་དགོས། ང་ཚོས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མདུན་དུ་སྐྱོད་པ་དང་། འཛམ་གླིང་ཡོངས་ལ་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་སྐབས་གཞི་ནས་སྔར་ལས་མཛེས་སྡུག་ལྡན་ཞིང་ཞི་བདེ་ལྡན་པའི་འཛམ་གླིང རྒྱལ་ཁབ་བཞིའི་འགོ་ཁྲིད་པས་པོ་ལིན་གྱི་ཐེངས་འདིའི་གྲོས་མོལ་ནི་འདུ་ཤེས་འདིའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། ང་ཚོས་ཁོང་ཚོའི་ཐུན་མོང་གི་འབད་བརྩོན་འོག་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བརྟན་ལྷིང་གི་ལེའུ་གསར་པ་ཞུས་ནས་སྤེལ་བར་རེ་སྒུག་བྱས་ཡོད།