ཚེས་8ཉི་ཨུ་ཡུག་དམག་འཕྲུག་དང་ རྒྱལ་སྤྱིའི་གསར་འགྱུར་གྲགས་ཆེ་ཤོས།

文摘   2024-11-09 13:10   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   

        ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ

2024ལོའི་ཟླ་11ཚེས་8ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་988ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་70.58ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1580ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

 དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ9དང་ ཁྲབ་ལྡན་འཁོར་ལོ49དང་། མེ་སྒྱོགས32  མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་  མི་མེད་གནམ་གྲུ་118 སྐྱེལ་འདྲེན་རླངས་འཁོར84དང་ དམིགས་བསལ་སྒྲིག་ཆས6 བཅས་གཏོར་ཡོད་པ་རེད། 


ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ཐོག་ནས་ཟླ་11ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་སྲུང་པུས་ཟླ་11ཚེས་8ཉིན་གཟའ་འཁོར་གཅིག་གི་དམག་འཐབ་ཚགས་པར་ཡོངས་བསྒྲགས་བྱས་པའི་ནང་ འདས་ཟིན་པའི་གཟའ་འཁོར་གཅིག་ནང་ ཨུ་རུ་སུའི་དམག་དཔུང་གིས་གནད་ལ་འཕིགས་པའི་ཚོད་འཛིན་དང་སྣེ་ཁྲིད་མཚོན་ཆ་དང་ མི་མེད་གནམ་གྲུ་སྤྱད་དེ་ཡུག་རེན་གྱི་དམག་དོན་བཟོ་ལས་ཁེ་ལས་དང་ ཡུག་རེན་གྱི་ནུས་རྒྱུའི་སྒྲིག་བཀོད་ དམག་སྤྱོད་གནམ་ཐང་ ཡུག་རེན་དམག་གི་མི་མེད་གནམ་གྲུ་ཐོན་སྐྱེད་དང་ གསོག་ཉར་སྒྲིག་ཆས་བཅས་ལ་རྡུང་རྡེག་ཐེངས་38བཏང་ཡོད་ཅེས་འཁོད་ཡོད་པ་རེད། ཨུ་རུ་སུའི་ཕྱོགས་ཁག་གི་འབུམ་ཤོག་ཆེ་མོ་དེས་སོ་སོའི་འཐབ་ཕྱོགས་ཐོག་ཡུལ་མིའི་སྡོད་གནས་6ཚོད་འཛིན་བྱས་པ་དང་ ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་ཡུག་རེན་དམག་དཔུང་གི་སྨི་ཀེ-29རྟགས་ཅན་གྱི་དམག་འཐབ་གནམ་གྲུ་1དང་ རིགས་ཁག་གི་མི་མེད་གནམ་གྲུ་290གཏོར་སྐྱོན་བཏང་བ་ཡོད་ཅེས་འཁོད་ཡོད་པ་རེད།

ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་ཚན་མོའུ་པུས་ནས་ ཉིན་དེ་རང་དུ་ གཡུལ་སའི་ས་ཁུལ་དུ་དམག་འཐབ་ཐེངས་114བྱས་པ་དང་། གཡུལ་སའི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་ ལྷག་པར་དུ་པོ་ཁེ་ལུའོ་ཕུའུ་སི་ཁེ་དང་ ཁུའུ་ལ་ཧོ་ཝོའི་ཕྱོགས་སུ་ཛ་དྲག་ཆེ་ཤོས་རེད་ཅེས་བཤད་པ་རེད། སུའུ་མེ་ཀྲོའུ་དང་ཆེར་ཉི་ཀོ་ཧྥུ་ཀྲོའུ་ལ་མུ་མཐུད་ནས་ ཨུ་རུ་སུའི་དམག་དཔུང་གིས་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་པ་དང་ པོ་ཁེ་ལུའོ་ཕུའུ་སི་ཁེའི་ཕྱོགས་ སུ་ཨུ་རུ་སུ་ཕྱོགས་ཀྱིས་ཤུགས་དྲག་མི་འདྲ་བའི་ཚུར་རྒོལ་ཐེངས་24བྱས་པ་དང་ ཨུ་ཟ་བྷེ་ཁི་སི་ཐན་གྱི་དམག་དཔུང་གིས་ ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་19གྲུབ་འབྲས་ཐོབ་པའི་ངང་ཕྱིར་བཟློག་ཡོད་བཅེས་བཤད་ཡོད།


ཁུའུ་ཨར་སི་ཁིའི་ས་ཁོངས།  ཁུའུ་ཨར་སི་ཁེའི་འཐབ་ཕྱོགས་ཧྲིལ་པོར་ཕྱོགས་གཉིས་ཀར་གཞི་ཁྱོན་ཆུང་བའི་འཐབ་འཛིང་ཡོད་ཅིང་། གཙོ་བོ་ ལིའུ་པི་མོ་ཧྥུ་ཁའི་ཉེ་འདབས་སུ་ཡོད་པ་དང་། དབྱི་ཝན་ནོ་ཧྥུ་ཁ་་པ་དང་ ཏ་ལི་ནོ་ས་ཁོངས་སུ་ཡིན་པ་རེད།


ཧར་ཁོ་ཧྥུའི་མཐའ་མཚམས་ས་ཁོངས་སུ། ཕྱོགས་གཉིས་པོས་ ཝོ་ཕུའུ་ཁྲང་སི་ཁེ་ལ་ གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་3ཡོད།རྒྱལ་ཕམ་གྱི་དབྱེ་བ་འབྱེད་མེད།


ཐུའོ་ལེ་ཚེ་ཁེ་གྲོང་ཁུལ་དུ། གཡུདམག་གིས་སི་ཐུའུ་པོ་ཆི་ཅི་དང་ པི་ལ་ཧོ་ལ་ནས་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་7ཕྱིར་ཟློག་བྱས།  ཨུ་རུ་སུའི་དམག་གིས་ཐོ་ལེ་ཚི་ཁུ་གྲོང་ཁྱེར་ནས་ཚུར་རྒོལ་ཐེངས་དྲུག་རྩ་འཛུགས་བྱས།


ལི་མན་-ཁི་ལི་མི་ན་-ཧྲེར་སི་ཁིའི་ཁ་ཕྱོགས་སུ། ཨུ་རུ་སུའི་དམག་སྤུང་གིས་ཚུ་རྒོལས་ཁུལ་ ཏེ་ལུའུ་རེ་ལིའུ་པི་ཁ་དང་། ཀེ་ལེ་ཁོ་ཧྥུ་ཁ། མ་ཅི་ཡེ་ཧྥུ་ཁ། ཁ་ཅེ་ལིན་ཉི་ཧྥུ་ཁ། ཐེར་ཉི་ཧྥུ།ཐོར་སི་ཅི། ཞེ་ལེ་པུའུ་ལིའང་ཁ། པི་ལོ་ཀོ་ལི་ཧྥུ་ཁ། ཧོ་ལི་ཧུའོ་ལི་ཧྥུ་ཁ་བཅས་ལ་ཚུར་རྒོལ་ཐེངས་17བྱས་པས་གཡུ་རེན་དམག་ནས་ཕྱིར་བཟློག་བྱས་ཡོད་པ་རེད།


ཀྲ་པོ་ལོ་རེ་ནི་ ཏ་ནུའོ་ཝོ་ཞིར་ཁའི་ཕྱོགས་ལ། ཕྱོགས་གཉིས་ཀས་ས་ཁོངས་འདིར་ལ་ གཞི་ཁྱོན་ཆེ་བའི་འཐབ་འཛིང་བྱས་མེད་ ཨུ་རུ་སུའི་དམག་དཔུང་གིས་ གཡུ་དམག་གི་གཡུལ་སར་ འདྲེད་འཁོར་འབར་མདེལ་བཅུ་ལྷག་འཕངས་ཡོད་པ་རེད།


ཧེར་ཝ་སུང་གཡོན་ངོགས་ས་ཁོངས་སུ། ཕྱོགས་གཉིས་པོས་ཏི་ནེ་པོ་གཙང་པོའི་འབབ་རྒྱུད་ཀྱི་ཟུར་གསུམ་གླིང་དུ་གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་3ཡོད་པ་རེད།

                                         རྒྱལ་སྤྱིའི་གསར་འགྱུར།

ཙུང་ཐུང་པའེ་ཏེང་གི་འགན་འཁུར་ཡུན་མཇུག་མ་འགྲིལ་བར་ཨ་རིས་ཡུག་རེན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།  ཨ་རིའི་ཟུར་ལྔའི་ཐོག་བརྩེགས་ཁང་ཆེན་གྱི་གསར་འགྱུར་དྲུང་ཡིག་གཞོན་པ་ ཤིན་ཀེས་བཤད་པ་ ཨ་རིས་ཡུག་རེན་ལ་མུ་མཐུད་དམག་དོན་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་དང་འབྲེལ་ ད་ལྟའི་པའེ་ཏེང་སྲིད་གཞུང་གི་ལས་འགན་ཁུར་ཡུན་ནང་ རོགས་སྐྱོར་འཆར་གཞི་རྒྱུན་མཐུད་ངང་གོ་ཆོད་རྒྱུའི་ཁས་ལེན་བྱས་པ་རེད། ཁོང་གིས་ཨ་རིར་མ་དངུལ་ཨ་སྒོར་དུང་ཕྱུར་20ཙམ་ཡོད་པ་དེས་ སླད་ཕྱིན་གྱི་གཟའ་འཁོར་ཁ་ཤས་ནང་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཤིན་ཀེས་ནས་ ཡུག་རེན་ལ་རྒྱབ་སྐྱོར་བྱེད་པར་ཨ་རིའི་རྒྱལ་ཚོགས་ཀྱི་ཏང་གཉིས་པོའི་ཁྲོད་རྒྱབ་སྐྱོར་རྒྱ་ཁྱབ་བྱས་ཡོད། ཁོང་གིས་ད་དུང་བགོ་བཤའ་བརྒྱབ་པའི་སྔོན་རྩིས་ནང་གི་ཨ་སྒོར་དུང་ཕྱུར་40ལྷག་ཡོད་པ་དེ་སྔོན་དཔག་བྱས་ན་ པའེ་ཏེང་གི་ཙུང་ཐུང་འགན་ཡུན་ནང་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།


ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བསྐྱར་དུ་འདྲི་གཅོད་བྱས་པ། ཝི་ཨེན་ནར་འཚོགས་པའི་ཡོ་རོབ་བདེ་འཇགས་རྩ་འཛུགས་ཀྱི་རྒྱུན་བཙུགས་ལས་འཛིན་ལྷན་ཚོགས་ཀྱི་འཆར་ཅན་ཚོགས་འདུའི་ཐོག་ ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་ཁས་ལེན་བསྐྱར་བསྒྲགས་བྱས་ཡོད། གསལ་བསྒྲགས་ནང་ ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་གྱི་དགོས་མཁོར་གཞིགས་ནས་ཕྱོགས་མང་པོའི་ཐད་ཀྱི་རོགས་སྐྱོར་མུ་མཐུད་བྱ་རྒྱུ་དང་འབྲེལ་ ཨུ་རུ་སུས་ཡུག་རེན་ལ་ཕྱོགས་ཡོངས་ནས་བཙན་འཛུལ་བྱས་པ་དེ་ནི་རང་དབང་ཡོ་རོབ་ལ་ཚུར་རྒོལ་བྱས་པ་ཞིག་རེད་ཅེས་ནན་བཤད་བྱས་པ་རེད། ཡུག་རེན་གྱིས་དེའི་བདག་དབང་དང་ མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱ་རྒྱུར་ ཡོ་རོབ་མནའ་འབྲེལ་གྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་འབྲེལ་ བཀག་སྡོམ་གྱི་བྱ་སྤྱོད་སྤེལ་ནས་ཨུ་རུ་སུའི་བཙན་འཛུལ་ནུས་པ་ཆུང་དུ་གཏོང་རྒྱུ་ཡིན་པ་ཅེས་བཤད་པ་རེད།


ཟླ་11ཚེས་6ཉིན་ཨ་རིའི་སྤྱི་མཐུན་ཏང་གི་ཙུང་ཐུང་གི་འོས་མི་ཐེ་རོན་ཕུས་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་རྗེས་སུ་ དབྱི་སི་རལ་དང་། ཧ་མ་སི། ཡུག་རེན། ཨུ་རུ་སུ། ཧྥ་རན་སེ། འཇར་མན་སོགས་ཕྱོགས་མང་གིས་གྲུབ་འབྲས་དེའི་ཐད་གཅིག་རྗེས་གཉིས་མཐུད་ངང་རྣམ་འགྱུར་བསྟན་པ་རེད། འབྱུང་འགྱུར་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱིས་རྒྱལ་སྤྱིའི་ཐོག་གླེང་མང་བའི་གནད་དོན་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་ཧྲོའར་ཚེ་སོགས་ ཡོ་རོབ་ཀྱི་འགོ་ཁྲིད་པས་ཐེ་རོན་ཕུའི་འདེམས་བསྐོ་ཆེ་མོའི་ནང་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། འཇར་མན་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ད་དུང་ཡོ་རོབ་ཀྱིས་རང་ཉིད་ཀྱི་ལས་དབང་ དེ་བས་མང་བ་སྟངས་འཛིན་བྱེད་པ་དང་འགན་འཁྲི་དེ་བས་མང་བ་འཁུར་དགོས་ཞེས་ནན་བཤད་བྱས་ཡོད།


ཚེས་6ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་ཨ་རིའི་ཙུང་ཐུང་འདེམས་བསྐོའི་ཐད་གསལ་བསྒྲགས་སྤེལ་ནས་ཨུ་རུ་སུ་ཕྱོགས་ཀྱིས་གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་ཙུང་ཐུང་ལ་རེ་སྟོང་འཆང་གི་མེད་ཅེས་བཤད་ཡོད། ཉིན་དེར་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུའུ་ཡིས་དེང་སྐབས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་དེ་ལོ་རྒྱུས་ཐོག་གི་གནས་ཚུལ་སྡུག་ཤོས་སུ་གནས་ཡོད།འབྱུང་འགྱུར་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་དེ་སྐབས་རྗེས་མའི་ཨ་རིའི་འགོ་ཁྲིད་ལ་རག་ལས་ཡོད་ཅེས་བཤད་པ་རེད།


ཐེ་རོན་ཕུས་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་རྗེས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ཐེ་རོན་ཕུས་ཕོ་བྲང་དཀར་པོར་བསྐྱར་ལོག་བྱས་པ་དེས་ཨ་རིར་འགོ་གསར་པ་ཞིག་བཙུགས་པ་མ་ཟད།དབྱི་སི་རལ་དང་ཨ་རིའི་དབར་གྱི་མནའ་འབྲེལ་ལ་སླར་ཡང་ཁས་ལེན་ནུས་ལྡན་བྱས་ཡོད་ཅེས་བཤད།


ཉིན་དེ་ ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ ཨ་རིའི་ཏང་གཉིས་ཀྱིས་ཡུག་རེན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཁོང་གིས་ད་དུང་ སྔོན་9པར་ནང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་སྐབས་ ཡུག་རེན་དང་ཨ་རིའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་དེ་བཞིན་ ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཇི་ལྟར་བྱས་ནས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་ཞིབ་ཕྲ་གནང་ཡོད་ཞེས་གསུངས་པ་རེད།


ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན་ པེ་ཨར་ཀེ་ཚི་ཡིས་ སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེགས་བུ་རུ་ཡིག་ཆ་བཏང་ནས་ སྤྱི་མཐུན་ཏང་གི་བདམ་བྱའི་འོས་མི་ཐུའུ་ལོང་ཕའོ་དང་དེའི་འདེམས་བསྐོའི་རོགས་པ་ཝན་སི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། པེ་ཨར་ཀེ་ཚི་ཡིས་བསྟན་དོན། ང་ཚོས་སྤྱང་གྲུང་དང་བློ་གྲོས་ལ་བརྟེན་ནས་ཨ་རི་དང་འཛམ་གླིང་ས་གནས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་གཏོད་དང་ལེགས་བཅོས་བྱེད་ན། ཨ་རི་ནི་ད་གཟོད་ཆེས་སྟོབས་ལྡན་ཞིག་ཡིན། ང་ཚོས་ད་ལྟ་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མི་ཚང་མར་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད་།


ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་ཐེ་རོན་ཕུར་རྒྱལ་ཁ་ཐོབ་རྒྱུ་གཏན་འཁེལ་བྱས་རྗེས་ Metaདང་། ཀུ་ཤུ་ཀུ་སི་དང་ ཀུའུ་ཀོ་ཀུ་སི་  ཝུའེ་རུན་ དབྱིན་ཐེར། OpenAIསོགས་ ཚན་རྩལ་མཁས་དབང་CEOརྣམ་ནས་ ་ཐེ་རོན་ཕུར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ ཁོང་ཚོ་དང་མཉམ་ལས་བྱེད་པའི་རེ་བ་ཡོད་ཅེས་བཤད།







འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་

阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章