མཉེན་ཆས།
རྩོམ་ཡིག
གསར་འགྱུར།
འཆད་ཁྲིད།
གློག་བརྙན།
རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།
ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་གྱི་ཐོ་རེངས་སུ་ཨ་རིའི་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་ ཧྥོ་ལུའོ་ལི་ཏ་ཁུལ་ ཙུང་ལན་ཐན་ཚོགས་འདུའི་ལྟེ་གནས་སུ་ གཏམ་བཤད་སྤེལ་ནས་ 2024ལོར་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད། ཐེ་རོན་ཕུས་གསུང་བཤད་གནང་སྐབས་བཤད་རྒྱུ་ མཐའ་མཚམས་བཀག་སྡོམ་བྱས་ནས་ཁྲིམས་འགལ་གྱི་གནས་སྤོས་བྱེད་པའི་ཡུལ་མི་དེ་དག་བཀག་འགོག་བྱེད་དགོས་ཞེས་གསུངས་པ་རེད། གཞན་ཡང་ཐེ་རོན་ཕུས་ནས་ ་ད་དུག་རྒྱལ་ནང་གི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ་དང་འབྲེལ་ ཨ་རིར་སྟོབས་ཤུགས་ཆེ་བའི་དམག་དཔུང་ཞིག་དགོས་འདོད་ཡོད་ཅེས་བརྗོད་པ་རེད། ཐེ་རོན་ཕུས་ནས་ ཨུ་ཡུག་དམག་འཁྲུག་དང་དབུས་ཤར་དམག་འཁྲུག་མཇུག་འགྲིལ་རྒྱུ་དང་འབྲེལ་ ཨ་རིའི་སྤྱི་དམངས་ལ་ཁས་ལེན་བྱས་པ་རྣམས་བརྩི་སྲུང་ནན་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཚེས་6ཉིན་དབྱིན་ཇིའི་གསར་ཁང་གསར་པའི་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ ཚེས་6ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་བཀྲམ་ནས་ ཐེ་རོན་ཕུ་ཨ་རིའི་འདེམས་བསྐོ་ཆེ་མོར་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། གནས་ཚུལ་སྤེལ་བའི་ནང་། ནེ་ཐ་ཉི་ཡ་ཧུའུ་ནི་ཐེ་རོན་ཕུ་ལ་བཀྲ་ཤིས་བདེ་ལེགས་ཞུ་སྔ་ཤོས་ཀྱི་འཛམ་གླིང་གི་འགོ་ཁྲིད་མི་སྣའི་གྲས་ཤིག་ཡིན་ཞེས་འཁོད་ཡོད་པ་རེད། ཡང་གནས་ཚུལ་སྤེལ་བར་གཞིགས་ན་། ནེ་ཐ་ཉི་ཡ་ཧུའུ་ད་དུང་གླེགས་བུ་ཞིག་གི་ནང་དུ་། དེ་ནི་རྒྱལ་ཁ་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བཤད་ཡོད་པ་རེད།
ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུངགིས་སྤྱི་ཚོགས་འབྲེལ་བའི་སྨྱན་གཟུགས་སྟེང་ནས་ ཐེ་རོན་ཕུ་ལ་རྟེན་འབྲེལ་ཞུས། མ་ཁེ་ལུང་གིས་ ང་ཚོས་འདས་ཟིན་པའི་ལོ་བཞིའི་ནང་བཞིན་མཉམ་དུ་ལས་ཀ་བྱས་ནས་ ཁྱེད་དང་ངའི་དད་སེམས་དང་དེ་བཞིན་བརྩི་འཇོག་དང་དཔའ་སེམས་འཁྱེར་ནས་ཞི་བདེ་དང་སྔོ་ཚལ་དེ་བས་མང་བ་ཞིག་གི་ཆེད་དུ་།
ཚེས་6ཉིན་དབྱིན་ཇིའི་གསར་ཁང་གསར་པའི་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ལ་རྩོམ་ཡིག་སྤེལ་ནས་ ཨ་རིའི་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མི་ཐེ་རོན་ཕུ་ཨ་རིའི་འདེམས་བསྐོ་ཆེ་མོའི་ཁྲོད་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། འདེམས་བསྐོའི་འདིར་ཡི་ནང་ཐེ་རོན་ཕུས་མི་རྣམས་ཀྱིས་དོ་སྣང་བྱེད་དགོས་པའི་རྒྱལ་ཁ་ཆེན་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་ ཡུག་རེན་དང་ཨ་རིའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་རྗོད་ཡོད་པ་རེད
ཡང་ཡུག་རེན་གྱི་ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ང་དང་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུ་དབར་ཁ་པར་ཐོག་ནས་གླེང་མོལ་བྱས་པ་དང་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་ཟབ་མོ་རྒྱུན་འཁྱོངས་དང་མཉམ་ལས་འཕེལ་རྒྱས་གཏོང་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད།
རྒྱ་གར་གྱི་ཙུང་ལི་མོ་ཏི་ནས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་ཐོག་རྩོམ་ཡིག་སྤེལ་ནས་ ཐེ་རོན་ཕུརལོ་རྒྱུས་རང་བཞིན་གྱི་འདེམས་བསྐོའི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཐེ་རོན་ཕུ་དང་མུ་མཐུད་མཉམ་ལས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ ཨའར་པ་ཉི་སིས་ སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་བཀྲམ་ནས་ ཐེ་རོན་ཕུ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ ་ཨའར་པ་ཉི་སིས་བཤད་པ། ཨོ་སི་ཁྲུ་ལི་ཡ་དང་ཨ་རི་རྒྱལ་ཁབ་གཉིས་ནི་གྲོགས་པོ་དང་མནའ་གྲོགས་ཡིན་པ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རོགས་ཟླའི་འབྲེལ་བ་འབྱུང་འགྱུར་རྒྱུན་འཁྱོངས་བྱ་ཐུབ་པར་བྱེད་དགོས།
ཧན་གོ་ འམ་ ལྷོ་ཁོ་རི་ཡ་ ཙུང་ཐུང་དབྱིན་ཤིས་གཡོད།
ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ།ཧན་གོ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན་ཧན་གོའི་ཙུང་ཐུང་དབྱིན་ཤིས་གཡོད་ཀྱིས་ཨ་རིའི་སྤྱི་མཐུན་ཏང་གི་ཙུང་ཐུང་གི་འོས་མི་ཙུང་ཐུང་ཟུར་པ་ཐེ་རོན་ཕུ་དང་ཞལ་པར་གཏང་ནས་ཕྱོགས་གཉིས་པོས་སྔ་ཙམ་མཇལ་འཛོམས་གནང་ནས་ཐུན་མོང་གི་ངོས་འཛིན་བྱུང་བ་རེ་སྒུག་བྱེད་བཞིན་ཡོད་
གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཤིས་གཡོད་དང་ ཐེ་རོན་ཕུའི་དབར་སྐད་ཆ་ཤོད་རེས་སྐར་མ་12ཙམ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཧན་གོ་དང་། ཨ་རི། རི་པིན་བཅས་ཀྱི་མཉམ་ལས་དང་ཧན་གོ་དང་ཨ་རིའི་མནའ་འབྲེལ་སོགས་ཀྱི་དོན་དག་བཤད་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན་པའེ་ཏེང་གིས་གློག་འཕྲིན་བཏང་ནས་ཐེ་རོན་ཕུ་ཨ་རིའི་འདེམས་བསྐོ་ཆེ་མོ་ལས་རྣམ་པར་རྒྱལ་བར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཕོ་བྲང་དཀར་པོར་དབང་ཆ་རྩིས་སྤྲོད་རྩིས་ལེན་གྱི་བྱ་བའི་གྲོས་བསྡུར་བྱ་རྒྱུར་གདན་དྲངས་པ་དང་། ཐེ་རོན་ཕུ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན་གྱི་ཕྱི་དྲོ།ཨ་རིའི་ཙུང་ཐུང་གཞོན་པ་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མི་ཡིན་པའི་ཧ་ལི་སིས་ ཝ་ཧྲིང་ཐོན་དམིགས་བསལ་ཁུལ་གྱི་ཧོ་ཧྭ་ཏེ་སློབ་ཆེན་དུ་གསུང་བཤད་གནང་བ་རེད། ཧ་ལི་སི་ཡིས་འདེམས་བསྐོའི་འབྲས་བུ་དེ་ངས་དང་ལེན་བྱ་རྒྱུ་མ་ཟད། ཐེ་རོན་ཕུ་དང་ཁོང་གི་ཚོགས་པས་ཞི་བའི་ཐོག་ནས་དབང་ཆ་རྩིས་སྤྲོད་ལེགས་སྒྲུབ་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཉིན་དེའི་སྔ་ཙམ་ནས་ ཧ་ལི་སིས་ ཐེ་རོན་ཕུས་ལ་ཁ་པར་ཐོག་ནས་གླེང་མོལ་དང་། རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་ཡོད་པ་རེད།
ཨ་རིའི་ཙུང་ཐུང་ཟུར་པ་ ཁེ་ལིན་ཏུན།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ ཁེ་ལིན་ཏུན་དང་ཁོང་གི་སྐུ་ཟླ་ རྒྱལ་དོན་བློན་ཆེན་ཟུར་པ་ཤིས་ལ་ལི·ཁེ་ལིན་ཏུན་གྱིས་ ཐེ་རོན་ཕུར་རྒྱལ་ཁ་ཐོབ་པའི་རྩོམ་ཡིག་སྤེལ་ནས་ ཧ་ལི་སི་དང་དེ་བཞིན་དེའི་འགྲན་འདེམས་ཀྱི་རོགས་པ་ཨོར་ཙེ་ཡིས་དགེ་མཚན་ལྡན་ལ་མདུན་ཕྱོགས་སུ་ལྟ་བའི་འགྲན་འདེམས་བྱེད་སྒོ་ཞིག་སྤེལ་བར་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་ཅེས་འཁོད་ཡོད་པ་རེད། ཐེ་རོན་ཕུའི་དང་ཁོང་གི་བདམ་ཐོན་ཡོང་བའི་འགྲན་བསྡུར་གྱི་རོགས་པ་ དབན་སི་ སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་དང་ཙུང་ཐུང་གཞོན་པ་ལ་འགྱུར་རྒྱུ་དང་ ཁོང་ཚོའི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་འབྲེལ་ ཁོང་ཚོས་ཨ་རིའི་མི་དམངས་ཡོངས་ལ་སྲིད་འཛིན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཨ་རིའི་ཙུང་ཐུང་ཟུར་པ་ཨོ་པ་མ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ཨོ་པ་མ་དང་སྐུ་ཟླ་སྨི་ཤེར་གྱིས་ཡིག་ཆ་བཀྲམ་ནས་སྤྱི་མཐུན་ཏང་གི་བདམ་བྱའི་འོས་མི་ཐེ་རོན་ཕུ་དང་ཁོང་གི་འདེམས་ཐོན་གྱི་རོགས་པ་ དབན་སིར་ རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ།
ཨའོ་པ་མས་གསུངས་དོན། མངའ་ཁོངས་ཡངས་ཤིང་རྒྱ་ཆེ་ལ་སྣ་མང་ཅན་གྱི་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན། ཚང་མས་ནམ་ཡང་དོན་དག་ཚང་མའི་ཐད་བསམ་འཆར་གཅིག་མཐུན་ཡོང་མི་སྲིད། དེར་བརྟེན། ཡར་ཐོན་གྱིས་ང་ཚོར་ལྷག་བསམ་དང་བཟོད་སྒོམ་གྱི་བླང་བྱ་འདོན་དགོས། བསམ་འཆར་མི་མཐུན་པའི་མི་ཡིན་ནའང་། ཡར་རྒྱས་ཀྱིས་ང་ཚོར་ལྷག་བསམ་དང་བཟོད་སྒོམ་གྱི་བླང་བྱ་འདོན་དགོས། དེ་ནི་ང་ཚོ་ད་ལྟའི་གནས་སུ་སླེབས་པའི་རྒྱུ་རྐྱེན་ཡིན། ང་ཚོས་ཀྱང་མུ་མཐུད་དེ་ དེ་བས་དྲང་གཞག་དང་། དེ་བས་འདྲ་མཉམ།དེ་བས་རང་དབང་བཅས་ཀྱི་རྒྱལ་ཁབ་ཅིག་བསྐྲུན་རྒྱུ་རེ་བ་ཡིན།
ཨ་རིའི་ཙུང་ཐུང་ཟུར་པ་པུའུ་ཧྲི་ཆུང་བ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ ཆའོ་ཀྲི་ པུའུ་ཧྲི་ཆུང་བ་ཡིས་ ཡིག་ཆ་སྤེལ་ནས་ཐེ་རོན་ཕུ་དང་དེའི་འགྲན་འདེམས་ཀྱི་ལས་རོགས་ དབན་སི་ཨ་རིའི་ཙུང་ཐུང་དང་ཙུང་ཐུང་གཞོན་པར་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། པུའུ་ཧྲི་ཆུང་བས་ ད་ལྟ་ཨ་རིའི་ཙུང་ཐུང་པའེ་ཏེང་དང་ཙུང་ཐུང་གཞོན་པ་ཧ་ལི་སིས་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ ཨ་རིའི་སྤྱི་དམངས་ཡོངས་དང་མཉམ་དུ་སྲིད་གཞུང་ཁྲོད་ཀྱི་རིམ་ཁག་འགོ་ཁྲིད་པ་གསར་པར་གྲུབ་འབྲས་ཐོབ་པའི་ངང་གསོལ་བ་སྨོན་ལམ་འདེབས་རྒྱུ་ཡིན། ངས་ཡང་ང་ཚོའི་རླབས་ཆེན་རྒྱལ་ཁབ་ལ་མུ་མཐུད་སྐྱབས་འཇུག་ཞུ་འདོད་ཡོད་ཅེས་བཤད་པ་རེད།
ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་པ་ ཕེ་སི་ཁོ་ཕུའུ།
ཟླ་11ཚེས་6ཉིན ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་པ་ ཕེ་སི་ཁོ་ཕུའུ་ཡིས་བཤད་པ་ ཕུའུ་ཅིང་གིས་ ཐེ་རོན་ཕུའུ་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྩིས་མེད་ཅེས་བརྗོད་ཡོད་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན་ཐེ་རོན་ཕུའི་འགྲན་འདེམས་ཚོགས་པས་གསལ་བསྒྲགས་སྤེལ་ནས། ཐེ་རོན་ཕུ་དང་ཧ་ལི་སི་ཁ་པར་ཐོག་ནས་བཀའ་མོལ་གནང་བ་དང་ཧ་ལི་སི་ཡིས་ཐེ་རོན་ཕུར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཐེ་རོན་ཕུས་ཧ་ལི་སི་ཡིས་བདམས་ཐོན་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མངོན་པའི་སྟོབས་ཤུགས་དང་། ཆེད་ལས་ཀྱི་སྙིང་སྟོབས་དང་སེམས་ཤུགས་བཅས་ལ་ཐེ་རོན་ཕུས་ཁས་ལེན་བྱས་པ་དང་། རྒྱལ་ཁབ་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ཐད་འགོ་ཁྲིད་པ་གཉིས་དབར་ཐུན་མོང་གི་ངོས་འཛིན་བྱུང་བ་རེད།
ཟླ་11ཚེས་6ཉིན་ ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་པ་ ཕེ་སི་ཁོ་ཧྥུས་བཤད་པ་ ་ཕུའུ་ཅིན་གྱིས་ཐེ་ལང་ཕུའུ་རྒྱལ་ཁའི་ངང་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་རྩིས་མེད་ཅེས་རྗོད་ཡོད་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་5ཉིན་ཐི་སི་ལ་CEOཨེ་ལུང་མ་སི་ཁི་ སྒེར་གྱི་གནམ་གྲུ་ཨ་རིའི་ཧྥོ་ལོ་ལི་ཏ་ཁུལ་དུ་འབབ་ན་ ཁོས་མཚོ་མཚེའུ་གཞིས་ཀར་ཐེ་རོན་ཕུ་དང་མཉམ་དུ་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་པོའི་ཐོག་གི་འདེམས་ཤོག་གི་འབྲས་བུ་ལ་གཟིགས་པ་རེད།
ཐེ་རོན་ཕུས་མ་སི་ཁི་ཁྱིམ་ཚང་གི་ཁོངས་མིར་རྩིས་འདུག།
འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས། | ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས། |
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས། | པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར། |
སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས། | ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས། |
ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས། | པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར། |
མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།
多卫康电视台在线直播
01
དབུས་སྐད། 卫藏话
བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།
སང་རྒྱས་རྣམ་ཐར།
ནུབ་ཕྱོག་སྐྱོད་པའི།
ལྷ་བཀོས་རྡོ་རིང་།
ཆུ་ངོགས་གཏམ་རྒྱུད།
སྦྲུལ་དཀར་ལྷ་མའི།
བོད་ཀྱི་གསང་སྒྲུང་།
དམར་ཆུང་ཀྲང་ཀ།
ཆམ་ལ་ཕབ་པ།
ལིལུ་ལའོ་ཀེན
ཅིང་ཀུང་།
སེམས་ཀྱི་ཉི་ཟླ།
ཇ་རྟའི་གནའ་ལམ།
དར་མདོའི་མཛའ་གཞས།
重试
ཏིའི་རན་ཅན།
重试
དྲི་མེད་ཀུན་ལྡན།
དར་མདོའི་མཛའ་གཞས།
བོད་ལྗོངས་ཉེན་རྟོག
དྲི་མེད་ཀུན་ལྡན།
མི་དམང་ཉེན་རྟོག
སང་རྒྱས་རྣམ་ཐར།།
འཇང་ཕོ་བྲང་གོ་དོན་རྐྱེན།
བོད་སྐད་གློག་བརྙན1
བོད་སྐད་གློག་བརྙན2
举起手来
ཡི་ཤེས་སྒྲོན་མ།
重试
བོད་སྐད་གློག་བརྙན
བོད་སྐད་གློག་བརྙན
ས་ཕུག་དམག་འཐབ
སད་ལས་དཀར་པོ།
གངས་ལྷ་མེ་ཏོག
ཕོད་སྒོད་ཀོན་ཡུན།
| 藏族歌曲 | 藏族文化 | 藏传佛教 | 品牌推广 |
投稿邮箱:2579943337@qq.com
zx13618951033
阿拉耶工作室
长按二维码 关注我们