མཉེན་ཆས།
རྩོམ་ཡིག
གསར་འགྱུར།
འཆད་ཁྲིད།
གློག་བརྙན།
རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།
2024ལོའི་ཟླ་11ཚེས་15ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་995ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་71.75ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1520ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ11དང་ ཁྲབ་ལྡན་འཁོར་ལོ21དང་། མེ་སྒྱོགས20 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་ མཁའ་ཟོན་མ་ལག1 མི་མེད་གནམ་གྲུ་34 སྐྱེལ་འདྲེན་རླངས་འཁོར77དང་ དམིགས་བསལ་སྒྲིག་ཆས་16བཅས་གཏོར་ཡོད་པ་རེད། སྐོར་ཞིབ་འཕུར་མདའ་4་བདེ་བླག་ངང་བཀག་འགོག་བྱས་པ་རེད།
ཨུ་རུ་སུའི་རྒྱལ་སྲུང་པུས་ཟླ་11ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་9ནས་15ཉིན་བར་གྱི་གཟའ་འཁོར་གཅིག་ནང་གིས་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་སྤེལ་བའི་རིང་ ཡུག་རེན་གྱི་དམག་དཔུང་ལ་ དམག་མི་15570གྱོང་གུན་ཕོག་ཡོད་པ་རེད། ཨུ་རུ་སུའི་དབུས་རྒྱུད་ ཀྱི་འབུམ་ཤོག་དམག་གིས་དཔུང་འཇུག་བྱས་ནས་ ཏུན་ཉེ་ཚེ་ཁེའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་སྡོད་གནས་ཁག་གཅིག་བཅིངས་འགྲོལ་བཏང་བས་དང་ འདས་ཟིན་པའི་གཟའ་འཁོར་གཅིག་རིང་ ཡུག་རེན་གྱི་དམག་དཔུང་ལ་དེ་གར་དམག་མི་3235དང་། ཐན་ཁེ་5(འཇར་མན་གྱི་གཟིག་གཟིགརྟགས་ཅན་1དང་ ཁྲབ་ལྡན་དམག་འཁོར26་ འཇར་མན་གྱི་སྲེ་མོང་གི1དང་ ཨ་རིས་བཟོས་པའི་M113རྟགས་ཅན་2 རླངས་འཁོར་33 མེ་སྒྱོགས་30བཅས་རྩལ་གཏོར་གཏང་ཡོད་ཅེས་བཤད།
གཡུལ་སའི་འཐབ་ཁུལ་ཁག་ལ་ཚེས་9ནས་15བར་གྱི་་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ
ཨུ་དམག་ ལྷོ་རྒྱུད་ནས་ ་ཤོག་སྒྲིག་དཔུང་ཚོགས་ཀྱིས་ཕན་ཡོད་ཀྱི་གནས་བཟུང་ནས་ གཡུ་རེན་དམག་ལ་རྡུང་རྡེག་བཏང་བ་དང་། གཡུ་དམག་གི་དམག་མི་4715་དང་། ཐན་ཁེ་5་ཁྲབ་ལྡན་འཐབ་འཁོར་7་ རླངས་འཁོར་39་ མེ་སྒྱོགས་27་ དེ་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པ་10་ཚུད་ཡོད་ གློག་རྡུལ་ས་ཚིགས་15་ བྱེས་འཐབ་མདེལ་རྫས་མཛོད་22་བཅས་གཏོར་ཡོད་པ་རེད་།
ཨུ་དམག་ ནུབ་རྒྱུད་ནས་ ཤོག་སྒྲིག་དཔུང་ཚོགས་ཀྱིས་གཡུ་དམག་གི་སྐྱེ་ལྡན་སྟོབས་ཤུགས་དང་སྒྲིག་ཆས་ལ་རྡུང་རྡེག་བཏང་བ་དང་། ཧར་ཁོ་ཧྥུ་ཁུལ་གྱི་སྡོད་དམངས་ཁུལ་ཞིག་བཅིངས་འགྲོལ་བཏང་བ་དང་ གཡུ་དམག་གི་དམག་མི་3435དང་། ཐན་ཁེ་3་ཁྲབ་ལྡན་འཐབ་འཁོར་9 རླངས་འཁོར་40 མེ་སྒྱོགས་18་ བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་7གྱིས་ཐོན་སྐྱེད་བྱས་པའི་རང་འགུལ་མེ་སྒྱོགས་དང་ཁ་ཞེང་ཧའོ་སྨི་155ཡོད་པའི་མདེལ་འུ་ མེ་སྒྱོགས་ཚུད་ཡོད་ གློག་རྡུལ་དམག་འཐབ་ས་ཚིགས་11 བྱེས་འཐབ་མདེལ་རྫས་མཛོད་22བཅས་གཏོར་ཡོད་པ་རེད།
ཨུ་དམག་ ཤར་རྒྱུད་ཀྱི་ནས་ ཤོག་སྒྲིག་དཔུང་ཚོགས་ཀྱིས་ ཏུན་ཉེ་ཚི་ཁེ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་སྡོད་གནས་ཤིག་བཅིངས་འགྲོལ་བཏང་བ་དང་འབྲེལ་ གཡུ་དམག་ལ་རྡུང་རྡེག་བཏང་བས་ གཡུ་དམག་གིས་དམག་མི་960དང་། ཐན་ཁེ་2 ཁྲབ་ལྡན་འཐབ་འཁོར12་ དེའི་ནང་ཨ་རིས་བཟོས་པའི་M113་ཚུད་ཡོད་ རླངས་འཁོར་38་ མེ་སྒྱོགས་6་བཅས་གཏོར་ཡོད་པ་རེད་།
ཨུ་དམག་ བྱང་རྒྱུད་ནས་ ཤོག་སྒྲིག་དཔུང་ཚོགས་ཀྱིས་མུ་མཐུད་ནས་ཁུར་ཝ་སི་ཁེ་ཀྲོའུ་ལ་བཙན་འཛུལ་བྱེད་མཁན་ གཡུ་དམག་ལ་ཧར་ཁོ་ཧྥུ་ཕྱོགས་སུའང་རྡུང་རྡེག་བཏང་བ་དང་ གཡུ་དམག་གིས་རང་གི་འགན་འཁྲིའི་ས་ཁོངས་སུ་ དམག་མི་2760དང་། ཐན་ཁེ་24་ དབྱིན་ཇིའི་ལམ་ལུགས་ཀྱི་འགྲན་སློང་པ་དང་། འཇར་མན་གྱི་ལམ་ལུགས་ཀྱི་གཟིག་སྟགཅན་དང་ ་རླངས་འཁོར་1 རྐང་དམག་འཐབ་འཁོར་15་ དེའི་ནང་ཨ་རིས་བཟོས་པའི་པུའུ་ལ་ཏེ་ལེ་2་དང་།འཇར་མན་གྱི་བྱི་བ་སེར་པོ་དང་ སྤྱང་ཀི་སྟག་ཅན2 ཁྲབ་ལྡན་དམག་འདྲེན་རླངས་འཁོར་5 དེའི་ནང་ཨ་རིའི་M113་ཚུད་ཡོད) ཁྲབ་ལྡན་འཐབ་འཁོར་གཞན་དག་76་ རླངས་འཁོར་135་ མེ་སྒྱོགས་30་བཅས་གཏོར་ཡོད་པ་རེད
རྒྱལ་སྤྱིའི་གསར་འགྱུར།
ཨ་རིའི་རྒྱལ་དོན་ཁང་གི་ལས་རོགས་མགྲིན་ཚབ་པ་ ཕ་ཐེའར་གྱིས་ ཝ་ཧྲིང་ཐོན་གྱི་གསར་འགྱུར་མདོར་བསྡུས་ཚོགས་འདུའི་ཐོག་ ཡུག་རེན་གྱིས་རྒྱང་ཁྲིད་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་ནང་གི་གཏིང་ཟབ་སར་རྡུང་རྡེག་གཏོང་རྒྱུར་ཚོད་འཛིན་བྱེད་པའི་ཐད་ཀྱི་ཨ་རི་སྲིད་གཞུང་གི་ལངས་ཕྱོགས་ལ་འགྱུར་ལྡོག་བཏང་མེད་ཅེས་བཤད་པ་རེད། གཞན་ཡང་ཕ་ཐེར་གྱིས་ ད་དུང་ཨ་རིའི་རྒྱལ་དོན་བློན་ཆེན་ པུའུ་ལིན་ཁེན་གྱིས་ པུ་རུ་སེར་དུ་འཚམས་འདྲི་བྱེད་སྐབས་ མནའ་གྲོགས་དང་མཉམ་དུ་ཁྲའོ་ཞན་གྱི་དམག་དཔུང་ཨུ་རུ་སུ་དང་ ཡུག་རེན་གྱི་དམག་འཁྲུག་ནང་ཞུགས་པར་ཁ་གཏད་ཇི་ལྟར་གཅོག་རྒྱུའི་ཐད་གྲོས་བསྡུར་བྱས་ཡོད་ཅེས་བཤད་པ་རེད། ཁྲའོ་ཞན་གྱི་དམག་དཔུང་ཞུགས་པ་དེས་ཡོ་རོབ་ཀྱིས་དོ་ཁུར་བྱས་པ་མ་ཟད། ད་དུང་རྒྱ་གར་ཧན་རྡུ་ས་ཁུལ་ལ་ཡང་སེམས་ཁྲལ་ཡང་བྱུང་།
ཧྥ་རན་སེས་ནས་ཡུག་རེན་གྱི་དམག་མི་2000ལ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་བ་དང་ ཉིང་ཤས་རྗེས་སུ་ཡུག་རེན་དུ་ལོག་ནས་ཨུ་རུ་སུའི་དམག་དཔུང་དང་དམག་རྒྱག་རྒྱུ་ཡིན་པ་རེད། ཉེ་དུས་ཨུ་རུ་སུའི་དམག་དཔུང་གིས་ཁུའར་སི་ཁེ་ས་ཁུལ་ནས་ཁྲའོ་ཞན་གྱི་དམག་མི་12000ལྷག་ཙམ་གྱི་དཔུང་རོགས་དང་ལེན་བྱས་པར་ ཡུག་རེན་ཕྱོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཧྥ་རན་སེས་ད་དུང་ཡུག་རེན་ལ་མཚོམ་ཆ་ཡག་གྲས AMXཐན་ཁེ་ཡང་གྲས་10དང་། ཁའེ་ས་མེ་སྒྱོགས་མ་ལག་18 ཁྲབ་ལྡན་དམག་སྐྱེལ་རླངས་འཁོར་128སོགས་ཚུད་པའི་མཚོན་ཆ་མཁོ་འདོན་བྱས་པ་དང་ སྦྱོང་བརྡར་ཐོབ་པའི་དམག་མིས་སྒྲིག་ཆས་དེ་དག་བེད་སྤྱོད་གཏང་རྒྱུ་ཡིན་པ་རེད།
ཨ་རིའི་རྒྱལ་སྲུང་པུའུ་ཡིས་གཟའ་འཁོར་རེར་ཝུའུ་ཁེ་ལན་ལ་མཚོན་ཆ་ཁག་གཅིག་སྐྱེལ་འདྲེན་བྱ་རྒྱུའི་འཆར་གཞི་བཀོད་དེ་ པའེ་ཏེང་སྲིད་གཞུང་གི་འགན་འཛིན་ཡུན་ཚད་མ་རྫོགས་གོང་ཨ་སྒོར་དུང་ཕྱུར་71རོགས་སྐྱོར་དོན་འཁྱོལ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་པ། ཟུར་ལྔའི་ཐོག་ཁང་ཆེན་མོའི་གསར་འགྱུར་དྲུང་ཡིག་གཞོན་པ་ ཞིན་གུ་ཡིས་བཤད་རྒྱུར། ཨ་རི་ནས་ཝུ་ཁུ་ལན་ལ་མཁོ་བའི་རོགས་སྐྱོར་དུས་ཚོད་འདང་ངེས་འགན་ལེན་ཐུབ་རྒྱུ་དང་། ཙུང་ཐུང་གསར་བས་འགན་མ་ཁུར་བའི་སྔོན་ལ་རྩིས་སྤྲོད་ལེགས་འགྲུབ་བཟོ་རྒྱུ་ཡིན་པ་རེད། ཞིན་གུ་ཡིས་མུ་མཐུད་དུ་བཤད་རྒྱུ་ མཚོན་ཆའི་རོགས་སྐྱོར་མཁོ་འདོན་བྱེད་པ་ནི་ པའེ་ཏིན་སྲིད་གཞུང་གིས་ཝུ་ཁུ་ལན་ལ་ཁས་ལེན་བྱས་པ་ཡིན་པ་མ་ཟད། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏིན་གྱིས་ མཛོད་ཉར་བྱེད་ཚད་དེ་ཚད་དུ་མི་སླེབས་པའི་འགན་ལེན་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།
ཨ་རིའི་ཡུག་རེན་གྱི་དཔལ་འབྱོར་སླར་གསོའི་གནད་དོན་གྱི་དམིགས་བསལ་འཐུས་མི་ རྒྱལ་དོན་བློན་ཆེན་གཞོན་པ་ ཝེའར་མ་ ཉེ་ཆར་གཡུ་རེན་རྒྱལ་ས་ཅི་ཧྥུ་ལ་འཚམས་འདྲི་བྱེད་པར་འབྱོར་ཞིང་། ཡུག་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ པུའུ་ལིན་ཁེས་ཡི་ སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ ཝེའར་མ་ཅི་ཧྥུ་རུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཡུག་རེན་གྱི་དཔལ་འབྱོར་སླར་གསོ་བྱ་རྒྱུ་དེས་ ཨ་རིའི་ཁེ་ལས་ཀྱིས་ཡུག་རེན་དུ་མ་འཇོག་བྱ་རྒྱུར་འབྱུང་འགྱུར་གོ་སྐབས་གཏོད་རྒྱུ་དང་འབྲེལ་ རྒྱལ་ཁབ་གཉིས་པོས་རྒྱལ་སྲུང་དང་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ ཕྱོགས་གཉིས་པོར་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཐུབ་རྒྱུ་ཡིན་ཞེས་བཤད་པ་རེད།
ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡུག་རེན་ལ་ཡོ་སྒོར་དུང་ཕྱུར་41གཏོང་རྒྱུའི་ཆོག་མཆན་སྤྲད་པ་དང་ མ་དངུལ་དེ་དག་ཡུག་རེན་གྱི་ཐེབས་རྩ་བརྒྱུད་བགོ་བཤའ་རྒྱག་རྒྱུ་ཡིན་པ་རེད། ཡུག་རེན་གྱི་ཙུང་ལི་ཧྲེ་སྨི་ཧའར་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡུག་རེན་གྱི་སྒྱུར་བཅོས་ལ་གདེང་འཇོག་བཟང་པོ་བྱས་ནས་ཡུག་རེན་གྱིས་མ་དངུལ་བསྡུ་ལེན་བྱེད་པའི་ཆ་རྐྱེན་བཞག་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་རེད། ཁོང་གིས་ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་གཏན་འབེབས་དེར་ གང་མགྱོགས་ཆོག་མཆན་སྤྲོད་རྒྱུའི་རེ་སྒུག་བྱེད་པ་དང་སྐབས་དེ་དུས་ཡུག་རེན་གྱི་ཐེབས་རྩའི་སྤྱིའི་རྒྱབ་སྐྱོར་མ་དངུལ་ཡོ་སྒོར་དུང་ཕྱུར་161ཟིན་རྒྱུ་ཡིན་པ།
རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་11རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་ སྔོན་དཔག་བྱས་ན་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་སྤྲོད་རྒྱུ་ཡིན་པ་རེད།
ཨ་རིས་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་8.25ཡི་རོགས་སྐྱོར་བྱས་ནས་ཨུ་རུ་སུའི་འཇབ་རྒོལ་ཕོག་པའི་ནུས་རྒྱུའི་མ་ལག་ཉམས་གསོའི་ཐད་སྤྱད་ཡོད། ཡོ་རོབ་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ གནས་སྐབས་ལས་ཚབ་པུའུ་ལུའུ་ཁེས་ ཡོ་རོབ་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་བཙུགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ ཟླ་9པར་ཁྱབ་བསྒྲགས་བྱས་པའི་ཨ་སྒོར་དུང་ཕྱུར་3.25ཡི་རོགས་སྐྱོར་གསར་པ་དེའི་ནང་ཚུད་པ་དེས་ ཡུག་རེན་གྱི་གློག་གཏོང་སྒྲིག་ཆས་ཉམས་གསོ་བྱེད་རོགས་བྱས་པ་དང་ཆུ་དང་ཚ་ནུས་སོགས་ཀྱི་འགག་རྩའི་ཞབས་ཞུར་ཛ་དྲག་གི་སྤྱོད་དམིགས་གློག་ཁུངས་མཁོ་འདོན་བྱས་ནས་ཡུག་རེན་ལ་འཚོ་བའི་འགན་ལེན་ངེས་ཅན་ཞིག་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་ནས་ འདས་ཟིན་པའི་ཆུ་ཚོད་24ནང་ དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བའི་དབང་གིས་མི་28རྐྱེན་ལམ་དུ་ཤོར་བ་དང་མི་120ལ་རྨས་སྐྱོན་ཕོག་ཡོད། ན་ནིང་ཟླ་10ཚེས་7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་རེས་སྐོར་གསར་པའི་གདོང་ཐུག་ཐོན་པ་ནས་བཟུང་ དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་མི་43764ཤི་བ་དང་ མི་103490ལ་རྨས་སྐྱོན་ཕོག་ཡོད།
འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས། | ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས། |
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས། | པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར། |
སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས། | ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས། |
ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས། | པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར། |
མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།
多卫康电视台在线直播
01
དབུས་སྐད། 卫藏话
བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།
སང་རྒྱས་རྣམ་ཐར།
ནུབ་ཕྱོག་སྐྱོད་པའི།
ལྷ་བཀོས་རྡོ་རིང་།
ཆུ་ངོགས་གཏམ་རྒྱུད།
སྦྲུལ་དཀར་ལྷ་མའི།
བོད་ཀྱི་གསང་སྒྲུང་།
དམར་ཆུང་ཀྲང་ཀ།
ཆམ་ལ་ཕབ་པ།
ལིལུ་ལའོ་ཀེན
ཅིང་ཀུང་།
སེམས་ཀྱི་ཉི་ཟླ།
ཇ་རྟའི་གནའ་ལམ།
དར་མདོའི་མཛའ་གཞས།
ཏིའི་རན་ཅན།
དྲི་མེད་ཀུན་ལྡན།
དར་མདོའི་མཛའ་གཞས།
བོད་ལྗོངས་ཉེན་རྟོག
དྲི་མེད་ཀུན་ལྡན།
མི་དམང་ཉེན་རྟོག
སང་རྒྱས་རྣམ་ཐར།།
འཇང་ཕོ་བྲང་གོ་དོན་རྐྱེན།
བོད་སྐད་གློག་བརྙན1
བོད་སྐད་གློག་བརྙན2
举起手来
ཡི་ཤེས་སྒྲོན་མ།
བོད་སྐད་གློག་བརྙན
བོད་སྐད་གློག་བརྙན
ས་ཕུག་དམག་འཐབ
སད་ལས་དཀར་པོ།
གངས་ལྷ་མེ་ཏོག
ཕོད་སྒོད་ཀོན་ཡུན།
| 藏族歌曲 | 藏族文化 | 藏传佛教 | 品牌推广 |
投稿邮箱:2579943337@qq.com
zx13618951033
阿拉耶工作室
长按二维码 关注我们