ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ
2024ལོའི་ཟླ་11ཚེས་5ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་985ཟིན་ཡོད། ཝུའུ་ཁི་ལན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་70•16ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་1260ཤི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
དེ་ལས་གཞན། ཝུའུ་ཁེ་ལན་གྱི་མིས་ད་དུང་དགྲ་ཕྱོགས་ཀྱི་ཐན་ཁེ15དང་ ཁྲབ་ལྡན་འཁོར་ལོ43དང་། མེ་སྒྱོགས29 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་43མི་མེད་གནམ་གྲུ་29 སྐྱེལ་འདྲེན་རླངས་འཁོར41དང་ དམིགས་བསལ་སྒྲིག་ཆས བཅས་གཏོར་ཡོད་པ་རེད། མཁའ་བསྐྱོད་འཕུར་མདའ་གཉིས་འགོག་ཐུབ་ཡོད་པ་རེད།
ཁུའུ་ཨར་སི་ཁིའི་ས་ཁོངས། ཁུའུ་ཨེར་སི་ཁེའི་འཐབ་ཕྱོགས་ཧྲིལ་པོར་ལ་ ཕྱོགས་གཉིས་པོ་མུ་མཐུད་ཁ་གཏད་དུ་ལངས་པ་དང་གཞི་ཁྱོན་ཆེ་བའི་ཕར་རྒོལ་དང་འགོག་སྲུང་དམག་འཐབ་མེད་ལ་ ཡུག་རེན་གྱི་དམག་དཔུང་དང་ཚའོ་རྫོང་གི་དམག་དཔུང་དབར་དམག་འཐབ་རྒྱག་པའི་འབྲེལ་ཡོད་གནས་ཚུལ་ཡང་གསལ་པོ་མེད་པ་རེད།
ཧར་ཁོ་ཧྥུའི་མཐའ་མཚམས་ས་ཁོངས་སུ། ཕྱོགས་གཉིས་ཀས་ཝོ་ཧྥུ་ཁྲང་སི་ཁེའི་ས་ཁོངས་སུ་ གཞི་ཁྱོན་ཆུང་བའི་འཐབ་འཛིང་ཐེངས་10བྱས་ནས་རྒྱལ་ཕམ་གྱི་དབྱེ་བ་མེད།
ཐུའོ་ལེ་ཚེ་ཁེ་གྲོང་ཁུལ་དུ། གཡུ་རན་་དམག་གིས་ཆབ་སོ་ཧྥུ་ཡར་དང་ སི་ཐུའུ་པོ་ཅི་གྲོང་ཚོར་ ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་5ཕྱིར་ཟློག་བྱས། ཨུ་རུ་སུའི་དམག་དཔུང་གིས་ཐོ་ལེ་ཚི་ཁེ་གྲོང་ཁྱེར་དང་ ཏ་ཧོ་ནང་ ཞེར་པི་ཉི་ཧྥུ་ཁ་ས་ཁོངས་སུ་ཚུར་རྒོལ་ཐེངས་7སྒྲིག་འཛུགས་བྱས།
ལི་མན་-ཁི་ལི་མི་ན་-ཧྲེར་སི་ཁིའི་ཁ་ཕྱོགས་སུ། ཡུག་རེན་གྱི་དམག་དཔུང་གིས་ ཆེར་ཉེ་ཧྲི་ཆི་ན་དང་ ཀེ་ལེ་ཁོ་ཧྥུ་ཁ་ ཁོ་ལི་སི་ཉི་ཁོ་ཧྥུ་ཁ་ ཁ་ཅེ་ལིན་ཧྥུ་ཁ་ མ་ཅི་ཡེ་ཧྥུ་ཁ་ ཐེར་ཉི་ཧྥུ་ ཀྲ་ལི་ཆི་ན་ ཐོར་སི་ཅི་བཅས་ལ་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་32་ཕྱིར་བཟློག་པ་རེད།
ཀྲ་པོ་ལོ་རེ་ནི་ ཏ་ནུའོ་ཝོ་ཞིར་ཁའི་ཕྱོགས་ལ། ཕྱོགས་གཉིས་པོའི་ ཏ་ཉི་ཕུའུ་ཁ་དང་། ཨན་ཏེ་ལེ་ཕུའུ་ཁ། མ་ལི་ཤེར་ཅེ་ཁུ། ཨའོ་ལི་ཀེ་ཕུའུ་བཅས་ས་ཁོངས་སུ་འཐབ་རེས་ཐེང6བྱས་ཡོད་པ་རེད།
ཧེར་ཝ་སུང་གཡོན་ངོགས་ས་ཁོངས་སུ། ཕྱོགས་གཉིས་པོས་ཏི་ནེ་པོ་གཙང་པོའི་འབབ་རྒྱུད་ཀྱི་ཟུར་གསུམ་གླིང་དུ་གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་3ཡོད་།
ཡུག་རེན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་5ཉིན་གྱི་སྔ་དྲོ་ཨུ་རུ་སུའི་དམག་དཔུང་གིས་ཀྲ་པོ་ལུའོ་རེ་ས་ཁུལ་ལ་འཕུར་མདེལ་གྱི་འཇབ་རྒོལ་བྱས་ཤིང་། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ཞིག་ལ་མེ་མདའ་ཕོག་ནས་ས་གནས་དེ་གའི་མི་6རྐྱེན་ལམ་དུ་ཤོར་བ་དང་མི་20ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད།འཇབ་རྒོལ་བྱས་ཚུལ་ཞིབ་ཕྲ་གསལ་བཤད་བྱས་མེད་པ་དེ་ནི་ཝུའུ་ཅུན་གྱིས་དམག་དོན་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་པའི་ངོས་འཛིན་བྱས་པར་བརྗོད།
ཡུག་རེན་མཁའ་དམག་གིས་གནས་ཚུལ་སྤེལ་བར་གཞིགས་ན།ཟླ་11ཚེས་5ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ས་ཁོངས་སུ་ ་མི་མེད་གནམ་གྲུ་79དང་ Kh-59/69རྟགས་ཅན་གྱི་བཀག་གཏོང་འཕུར་མདེལ་གཉིས་འཕངས་པ་རེད། ཡུག་རེན་མཁའ་དམག་གིས་ཨའོ་ཏེ་ས་དང་། ཅི་ཝུའུ།སུའུ་མེ། པོའར་ཐ་ཝ། རི་ཐོ་སྨིར། ཆེའར་ཁ་སི། ཆེའར་ཉི་ཀེ་ཧྥུའུ། ཧོ་མེ་ལི་ཉི་ཚི་ཅི་བཅས་ཀྱི་མཁའ་དབྱིངས་སུ་འཇབ་རྒོལ་བྱེད་པར་ཡོང་བའི་ཧྲ་ཧོ་ཏེའི་མི་མེད་གནམ་གྲུ་48གཏོར་བ་རེད། གཞན་ཡང་མི་མེད་གནམ་གྲུ་30གློག་རྡུལ་དམག་འཐབ་མ་ལག་གིས་འགོག་གནོན་བྱས་ཡོད་པ་རེད།
ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེ་མོ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་5ཉིན་2024ལོར་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེ་མོའི་ནང་དངོས་སུ་འདེམས་ཤོག་འཕེན་འགོ་ཚུགས་ཡོད་པ་རེད། སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་ནི་དམངས་གཙོ་ཏང་གི་ཙུང་ཐུང་གི་བདམ་བྱའི་འོས་མི་སྟེ། ད་ལྟའི་ཙུང་ཐུང་གཞོན་པ་ཡིན་པའི་ ཁ་མ་ལ་ཧ་ལི་སི་དང་སྤྱི་མཐུན་ཏང་གི་ཙུང་ཐུང་གི་བདམ་བྱའི་འོས་མི། ཙུང་ཐུང་ཟུར་པ་ཐང་ན་ཏེ་ཐེ་རོན་ཕུའི་བར་ནས་འདེམས་རྒྱུ་རེད། ཁྱོན་འདེམ་ཤོག་538ཡོད་པའི་པའི་ཁྲོད་ནས་འདེམས་ཤོག་270སུ་ལ་ཐོབ་ན་རྒྱལ་ཁ་ཐོབ་པ་རེད།
ཨ་རིའི་སྤྱི་མཐུན་ཏང་གི་སྤྱི་ཁྱབ་བདམ་བྱའི་འོས་མི། ཙུང་ཐུང་ཟུར་པ་ཐེ་རོན་ཕུ་ ལ་ཁེན་ཐ་ཅི་ཀྲོའུ་དང་། དབྱིན་ཏི་ཨན་ན་ཀྲོའུ། ཞི་ཧྥུ་ཅི་ཉི་ཡ་ཀྲོའུ། ཡ་ལ་པ་མ་ཀྲོའུ། སྨི་ཞི་ཞི་པི་ཀྲོའུ། ཁ་ལོ་ལའེ་ན་ཀྲོའུ། ཨུ་ཁེ་ལ་ཧོ་མ་ཀྲོའུ།ཧྥོ་ལོ་ལི་ཏ་ཀྲོའུ། ཐེན་ན་ཞི་ཀྲོའུ།ཨ་ཁེན་སེ་ཀྲོའུ། ཧོའེ་ཨེ་མིན་ཀྲོའུ།ལུའུ་དབྱི་སི་ཨན་ན་ཀྲུའུ། ནན་ཏ་ཁོ་ཐ་ཀྲོའུ། ནེ་པུ་ལ་སི་ཅ་ཀྲོའུ། ཨུ་ཧ་ཨེ་ཀྲོའུ།ཏེ་ཁེ་ས་སི་ཀྲོའུ། སྨི་སུའུ་ལི་ཀྲོའུ།ཡོ་ཐ་ཀྲོའུ།ཏེ་ཁེ་ས་སི་ཀྲོའུ།སྨི་སུའུ་ལི་ཀྲུའུ། ཡའོ་ཐ་ཀྲོའུ།ཏེ་ཁེ་ས་སི་ཀྲོའུ། མེན་ས་སི་ཀྲོའུ། ཨའེ་ཨའོ་ཝ་ཀྲོའུ་བཅས་ལ་རྒྱལ་ཁ་ཐོབ་པ་རེད། མིག་སྔར་འདེམས་བསྐོའི་འདེམས་ཤོག་ཁྱོན་214ཐོབ་ཡོད།
ཨ་རིའི་དམངས་གཙོ་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི། ཙུང་ཐུང་གཞོན་པ་ཧ་ལི་སི་ལ་ ཧྥོ་མེང་ཐེ་ཁུལ་དང་། མཱ་ས་ཀྲུའུ་སའེ་ཁུལ། ཁང་ཉེ་ཏི་ཀོ་ཀྲུའུ། མ་ལི་ལན་ཀྲོའུ། ལུའོ་ཏེ་ཏའོ་ཀྲོའུ། ཝ་ཧྲིང་ཐོན་དམིགས་བསལ་ཁུལ། ཞིན་ཙེ་ཞི་ཁུལ།ཐེ་ལ་ཧྭ་ཀྲོའུ། དབྱི་ལི་ནོ་དབྱི་ཀྲུའུ། ཉིའུ་ཡུའེ་ཀྲུའུ། ཁོ་ལུའོ་ལ་ཏུའོ་ཁུལ་བཅས་ལ་རྒྱལ་ཁ་ཐོབ་པ་རེད། མིག་སྔར་འདེམས་བསྐོའི་འདེམས་ཤོག་ཁྱོན་179ཐོབ་པ།
དུས་ཚོད་༡༢དང་སྐར་མ་༥༥སྟེང་ཆེས་གསར་བའི་གཞི་གྲངས་སྟོན་པ།
ཨ་རིའི་ཙུང་ཐུང་འདེམས་བསྐོ་བྱེད་པར་འདེམས་བསྐོ་པའི་ཚོགས་པའི་ལམ་ལུགས་སྤྱད་དེ་ཁུལ་50ལ་མི་འབོར་གྱི་བསྡུར་ཚད་ལྟར་འདེམས་བསྐོའི་འདེམས་ཤོག་བགོ་བཤའ་བརྒྱབ་པ་དང་ འདེམས་བསྐོའི་འདེམས་ཤོག་ཁྱོན་538ཡོད་པའི་ཁྲོད་ནས་ཉུང་མཐར་ཡང་270ལ་རྒྱལ་ཁ་ཐོབ་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་5ཉིན་གྱི་དགོང་མོའི་ཆུ་ཚོད་10བར་ཡིན་པ་སྟེ། པེ་ཅིང་གི་དུས་ཚོད་དེ་རིང་(ཟླ་11ཚེས་6ཉིན)གི་སྔ་དྲོའི་ཆུ་ཚོད་11ཐོག་ཨ་རིར་ཁུལ་35དང་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་གྱི་འདེམས་ཤོག་འཕེན་ས་གཅིག་རྗེས་གཉིས་མཐུད་ངང་སྒོ་བརྒྱབ་པ་རེད།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་ས་གནས་དེ་གའི་དུས་ཚོདཟླ་11ཚེས་5ཉིན་གནས་ཚུལ་བར་གཞིགས་ན། ནེ་ཧྭ་ཏ་ཁུལ་ཡི་འདེམས་ཤོག་འཕེན་ས་དེ་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཉིན་དེའི་དགོང་མོའི་ཆུ་ཚོད་22པར་སྔོན་ནས་གཏན་འཁེལ་བྱས་པ་དང་། འོན་ཀྱང་འདེམས་ཤོག་འཕེན་ས་མང་པོ་ཞིག་ཏུ་སྔར་བཞིན་མི་མང་པོ་ཞིག་གིས་བང་བསྒྲིགས་ཡོད་པས་ འདེམས་ཤོག་འཕེན་ས་ཁ་ཤས་ཀྱི་རུ་སྒྲིག་སྒུག་པའི་དུས་ཚོད་ཆུ་ཚོད་གཅིག་ལས་བརྒལ་སྲིད