ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ2024ལོའི་ཟླ་11ཚེས་13ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་993ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་71.43ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1770ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ24དང་ ཁྲབ་ལྡན་འཁོར་ལོ49དང་། མེ་སྒྱོགས56 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་ མི་མེད་གནམ་གྲུ་61 སྐྱེལ་འདྲེན་རླངས་འཁོར96དང་ དམིགས་བསལ་སྒྲིག་ཆས3བཅས་གཏོར་ཡོད་པ་རེད།
ཨུ་རུ་སུའི་རྒྱལ་སྲུང་པུའི་བརྡ་ཁྱབ་ཁང་ནས་ ཟླ་11ཚེས་13ཉིན་གྱི་མཚན་མོ་ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ནས་ ཨུ་རུ་སུའི་མངའ་ཁོངས་ཀྱི་མཁའ་དབྱིངས་སུ་ཡུག་རེན་གྱི་མི་མེད་གནམ་གྲུ་29གཏོར་སྐྱོན་བཏང་བ་རེད། ཁུའུ་ཨེར་སི་ཁི་ས་ཁུལ་གྱི་མཁའ་དབྱིངས་སུ་ མི་མེད་གནམ་གྲུ་7དང་། པེ་ཨེར་ཀོ་ལོ་ཏེ་བར་སྣང་དུ་ མི་མེད་གནམ་གྲུ་7དང་ ཐི་ཝེར་སི་ཁི་བར་སྣང་དུ་མི་མེད་གནམ་གྲུ་5དང་ པུའུ་ལིའང་སི་ཁི་བར་སྣང་དུ་མི་མེད་གནམ་གྲུ་5དང་ པིན་ས་བར་སྣང་དུ་མི་མེད་གནམ་གྲུ་3དང་ ཝོ་ལོ་ནེ་རི་ བར་སྣང་དུ་ མི་མེད་གནམ་གྲུ་2རྩར་གཏོར་བཟོས་ཡོད་་པ་རེད།
གཡུ་རེན་མཁའ་དམག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་དམག་དཔུང་གིས་དེ་རིང་ཞོགས་པར་ གཡུ་རེན་ལ་s300མཁའ་ཟོན་འཕུར་མདའ་གཉིས་དང་ x-101སྐོར་ཞིབ་འཕུར་མདའ་གཉིས་དང་ m-knདབྱི་སི་ཁན་ཏེར་མདེལ་ལམ་འཕུར་མདའ་གཉིས་དང་ དེ་བཞིན་ ཧྲ་ཧོ་ཏེ་མི་མེད་གནམ་གྲུ་90་བཅས་བཏང་བ་རེད། གཡུ་རེན་མཁའ་ཟོན་རུ་ཁག་གིས་ x-101འཕུར་མདའ་གཉིས་དང་ m-knདབྱི་སི་ཁན་ཏེར་འཕུར་མདའ་གཉིས་ དེ་བཞིན་ མི་མེད་གནམ་གྲུ་37རྩལ་གཏོར་གཏང་ཡོད་པ་རེད། གཞན་ཡང་ མི་མེད་གནམ་གྲུ་47གཡུ་རེན་གྱི་གློག་རྡུལ་དམག་འཁྲུག་མ་ལག་གིས་བཙན་གྱིས་མར་ས་ལ་ལྷུང་དུ་བཅུག་པ་རེད།
རྒྱལ་སྤྱིའི་གསར་འགྱུར།
ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་དང་ཁ་པར་ཐོག་ནས་གླེང་མོལ་གནང་སྟེ་G20དབུ་ཚོགས་གི་མཉམ་ལས་གོ་རིམ་ལ་གྲོས་བསྡུར་གནང་བ་རེད། ཁ་ན་ཏས་ཡུག་རེན་ལ་རྒྱབ་སྐྱོར་གནང་བར་ཙེ་ལན་སི་ཅི་ཡིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ ཡུག་རེན་ལ་ཁ་ན་ཏས་བྱང་ཆིངས་ཀྱི་གདན་ཞུའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། ཁོས་ད་དུང་ཁ་ན་ཏས་རྒྱང་རིང་མཚོན་ཆ་བཀོལ་ནས་ཨུ་རུ་སུའི་མངའ་ཁོངས་ཀྱི་དམག་དོན་དམིགས་འབེན་ལ་རྡུང་རྡེག་བྱེད་པར་ལ་སྤྱི་བསྒྲགས་ཀྱིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། འགོ་ཁྲིད་གཉིས་པོས་ད་དུང་G20དབུ་ཚོགས་གི་མཐུན་སྦྱོར་ལས་དོན་སྐོར་ལ་གྲོས་བསྡུར་གནང་བ་དང་འབྲེལ་ འགོག་སྲུང་ལས་དོན་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུག་རེན་གྱི་དགོས་གཏུག་ཆེ་བའི་དགོས་མཁོར་ཁ་གཏད་གཅོག་རྒྱུའི་ཐད་གྲོས་བསྡུར་ཡང་གནང་བ་རེད།
འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ པེ་ཨར་པོ་ཁེས་པེར་ལིན་གྱི་ ཕྱི་འབྲེལ་སྲིད་ཇུས་གླེང་སྟེགས་ཐོག་ ཡུག་རེན་དང་ཡོ་རོབ་ལ་དམག་མཚམས་འཇོག་རྒྱུ་ཁོ་ན་མིན་པར་ ཡུན་རིང་བརྟན་ལྷིང་གི་ཞི་བདེ་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། ཁོང་གིས་ཨ་རི་གཡུ་རེན་ལ་ཅི་འདྲ་ཞིག་ཡིན་རུང་ འཇར་མན་གྱིས་ཡུག་རེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་འབྲེལ་ ཡོ་རོབ་ཀྱིས་ཡུག་རེན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། འོན་ཀྱང་ཁོ་མོས་མངགས་གཏོང་བྱས་པའི་ཞི་བདེ་སྲུང་སྐྱོང་གི་དམག་དཔུང་ལ་གཟབ་ནན་གྱི་རྣམ་འགྱུར་བཟུང་ཡོད། ཁོང་གིས་ད་དུང་ཡོ་རོབ་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་ ཡུག་རེན་གྱིས་ཡོ་རོབ་ཀྱི་ཞི་བདེ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ཉེ་ཆར་ཨ་རིས་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་13.5རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ མ་དངུལ་དེ་ཡུག་རེན་གྱི་རྒྱལ་ཁབ་ཀྱི་སྔོན་རྩིས་ནང་ཐད་ཀར་འགོད་རྒྱུ་རེད། ཡུག་རེན་གྱི་ཙུང་ལི་ ཧྲེ་སྨི་ཧར་གྱིས་རོགས་སྐྱོར་དེ་ཨ་རི་སྲིད་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་གསར་སྤེལ་ཧྲུའུ་དང་ ཨ་རིའི་ནོར་སྲིད་པུའུ་ རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་མཐུན་སྦྱོར་ངང་མཁོ་འདོན་བྱས་པ་ཞིག་རེད། ཡུག་རེན་གྱི་ནོར་སྲིད་པུའུ་ཀྲང་ མའར་ཆིང་ཁོའོ་ཡིས་2022ལོའི་ཟླ་2པ་ནས་བཟུང་ ཨ་རིས་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་282ཀྱི་སྔོན་རྩིས་རྒྱབ་སྐྱོར་བྱས་པ་དེ་ནི་ གོ་ལ་ཧྲིལ་པོས་ཡུག་རེན་ལ་གཞི་ཁྱོན་ཆེ་ཤོས་ཀྱི་ནོར་སྲིད་རོགས་སྐྱོར་བྱས་པ་ཞིག་རེད་ཅེས་བཤད་པ་རེད།
དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་གདོང་གཏུག་སྐོར།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་ནས་ འདས་ཟིན་པའི་ཆུ་ཚོད་24ཡི་ནང་དབྱི་སི་རལ་གྱི་དམག་་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བའི་ནང་མི་47རྐྱེན་ལམ་དུ་ཤོར་བ་དང་མི་182ལ་རྨས་སྐྱོན་ཕོག་ཡོད། ན་ནིང་ཟླ་10ཚེས་7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐོན་པ་ནས་བཟུང་ དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་43712རྐྱེན་ལམ་དུ་ཤོར་བ་དང་མི་103258ལ་རྨས་སྐྱོན་ཕོག་ཡོད་པ་རེད།
འབྱུང་ཁུངས་ ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར།
ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བརྙན་ལམ་བརྒྱུད་ནས་ དབྱི་རན་གྱི་མི་དམངས་ལ་གསུང་བཤད་གནང་བ་རེད། ཁོང་གིས་དབྱི་སི་རལ་མི་དམངས་ཀྱིས་དམག་འཁྲུག་མི་ལངས་རྒྱུའི་རེ་བ་བྱེད་ཀྱི་ཡོད་པས་ གཟའ་འཁོར་ཁ་ཤས་གོང་ ཁོང་གིས་དབྱི་རན་གྱི་མི་དམངས་ལ་ཐད་ཀར་གསུང་བཤད་ཐེངས་དང་པོ་གནང་རྗེས་ དབྱི་རན་གྱིས་དབྱི་སི་རལ་ལ་མདེལ་ལམ་འཕུར་མདེལ་བརྒྱ་ཕྲག་ཁ་ཤས་འཕང་ཡོང་བ་རེད་ ཡིན་ན་ཡང་ དབྱི་སི་རལ་ལ་གནོད་འཚེ་དེ་ཙམ་ཕོག་མེད་པ་རེད། ནེ་ཐ་ཉི་ཡ་ཧུའུ་ཡིས་ ད་ཐེངས་ཀྱི་འཇབ་རྒོལ་ནང་ཁྱེད་ཚོའི་རྩ་ཆེ་བའི་དངུལ་ལོ་ཨ་སྒོར་དུང་ཕྱུར་23ཙམ་ཟིན་ཡོད་པས་ དབྱི་རན་གྱིས་མ་དངུལ་དེ་དག་གོ་མི་ཆོད་པའི་ཕར་རྒོལ་ཐོག་འཕྲོ་བརླག་བཏང་བ་ལས་ དབྱི་རན་གིས་ཐོན་ཁུངས་དང་ འགྲིམ་འགྲུལ་ལེགས་གཏོང་དང་ ལམ་ ཆུ་ སློབ་གསོ་ སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་ན་ཅི་མ་རུང་ཅེས་ སྐྱོན་བརྗོད་བྱས་པ་རེད། ཁོང་གིས་ད་དུང་ འབྱུང་འགྱུར་ལ་སྤྲོ་སྣང་གི་རྣམ་འགྱུར་བསྟན་པ་དང་འབྲེལ་ སླད་ཕྱིན་དབྱི་སི་རལ་དང་ དབྱི་རན་བར་ཐུན་མོང་ཐོག་དར་རྒྱས་དང་ཞི་བདེའི་འབྱུང་འགྱུར་གཏོད་རྒྱུའི་ངོས་འཛིན་ཡང་བྱས་པ་རེད། ད་ཐེངས་ཀྱི་གསུང་བཤད་ཐད་མིག་སྔར་དབྱི་རན་སྲིད་གཞུང་གིས་ལན་བཏབ་མེད་པ་རེད།