ཚེས་16ཉིན་ ཨུ་གཡུ་དམག་འཁྲུག་ རྒྱལ་སྤྱིའི་གསར་འགྱུར་གྲགས་ཆེ་ཤོས།་

文摘   2024-11-18 13:58   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   



ཟླ་11ཚེས་17ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ས་ཁོངས་སུ་གཞི་ཁྱོན་ཆེ་བའི་འཕུར་མདེལ་དང་མི་མེད་གནམ་གྲུས་མཉམ་འབྲེལ་འཇབ་རྒོལ་བྱས་པ་དང་། ཅི་ཧྥུ་དང་། ཀྲ་པོ་ལོ་རོ། ཏི་ཉེ་པོ་ལུའོ། ལུའོ་ཕུའུ་ནུའོ། ཁེ་ལི་ཝོ་ལོ་ཀེཨའོ་ཏེ་ས། ལི་ཝོ་ཕུའུ་སོགས་ས་ཁུལ་མང་པོའི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་པ་རེད། ལྕགས་ལམ་སྒྲིག་བཀོད་ཁག་གཅིག་ལ་འཇབ་རྒོལ་ཁྲོད་གཏོར་སྐྱོན་ཕོག་ནས་ལྷོ་རྒྱུད་གྲོང་ཁྱེར་དང་ནུབ་རྒྱུད་ཀྱི་ལྕགས་ལམ་ ལམ་ཐིག་མང་པོ་ཞིག་ལ་གློག་ཆད་པ་དང་ལྕགས་ལམ་བཟོ་པ་གཉིས་རྐྱེན་ལམ་དུ་ཤོར་ཡོད་པ་རེད། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཞོགས་པའི་བརྙན་ལམ་ནང་ དེ་རིང་ཡུག་རེན་མཁའ་དམག་གིས་དམག་འཐབ་གནམ་གྲུ་F16བཏང་ནས་ ཨུ་རུ་སུའི་དམག་དཔུང་གིས་འཕེན་གཏོང་བྱས་པའི་སྐོར་སྐྱོད་གནམ་གྲུ་དང་ སྒྲ་ལས་སྨྱུར་བའི་འཕུར་མདེལ་བཅུ་ལྷག་ཙམ་གཏོར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ད་ཐེངས་ཀྱི་འཇབ་རྒོལ་ནང་ཨུ་རུ་སུའི་དམག་དཔུང་གིས་བཏང་བའི་འཕུར་མདེལ་ཀའོ་ཧྲི་དང་།དབྱི་སི་ཁན་ཏེའར་འཕུར་མདེལ། གློ་གྲི་སོགས་ལས་གྲུབ་པའི་འཕུར་མདེལ་120དང་མི་མེད་གནམ་གྲུ་90ཚུད་ཡོད་པ་རེད། གཡུ་རེན་གྱི་མཁའ་ཟོན་དཔུང་སྡེས་བར་སྣང་གི་དམིགས་འབེན་140གཏོར་ཡོད་ཅེས་བཤད་པ་རེད་ ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨན་ཏེ་ལི·ཤིས་པི་ཅ་ཡིས་ ཉིན་དེར་འཕུར་མདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དེ་ནི་ཨུ་རུ་སུས་ཡུག་རེན་ལ་འཇབ་རྒོལ་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་གྲས་ཤིག་རེད།


ཟླ་11ཚེས་17ཉིན་ཨུ་རུ་སུས་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་ཏེ་མཚོ་ནག་ཆུ་ཁོངས་ནས་ སྐོར་ཞིབ་འཕུར་མདའ་བཏང་བ་དང་ཆབས་ཅིག་ ཁྱུ་དང་ཁྱུ་བྱས་ནས་ མི་མེད་གནམ་གྲུ་བཏང་ནས་གྲོང་ཁྱེར་དང་ མི་སེར་དང་ འགག་རྩའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པ་རེད། ཝུའུ་ཁེ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཞི་པི་ཧ་ཡིས་ ཨུ་རུ་སུས་ཝུའུ་ཁེ་ལན་གྲོང་ཁྱེར་ལ་གཞི་ཁྱོན་ཆེ་བའི་འཇབ་རྒོལ་བྱས་པར་དཔྱད་གཏམ་བརྗོད་སྐབས་ འདི་ནི་ཕུའུ་ཅིང་གིས་ཉེ་དུས་ཁོང་དང་ཁ་པར་རྒྱག་པའམ་ ཡང་ན་མཇལ་འཛོམས་གནང་བའི་འགོ་ཁྲིད་པར་ཨ་ལན་སློག་པ་ཞིག་རེད་ཅེས་བཤད། ཞི་པེ་ཧ་ཡིས་ངེས་པར་དུ་བདེ་སྲུང་སྲིད་ཇུས་དོར་ནས་དྲག་ཤུགས་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས།


ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་ ཤིས་པི་ཧ་ ཟླ་11ཚེས་18ཉིན་གྱི་གཟའ་ཟླ་བར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་རྒྱུ་རེད། གནས་ཚུལ་སྤེལ་བར་གཞིགས་ན།ད་ཐེངས་ཀྱི་ཚོགས་འདུའི་ཐོག་དབྱིན་ཇིའི་ཕྱི་འབྲེལ་དང་། མཉམ་འབྲེལ།འཕེལ་རྒྱས་ཀྱི་ལས་དོན་བློན་ཆེན་ལ་སྨི་ཡིས་ཀྲུའུ་ཞིའི་འགན་འཁུར་རྒྱུ་ ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ནི“ཡུག་རེན་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ”དེ་ཡིན་པ་དང་ཨུ་རུ་སུའི་ཁྱོན་ཡོངས་ཀྱི་དམག་འཁྲུག་གི་ཉིན་1000པ་དང་ཏག་ཏག་འཁེལ་ཞིང་།སྔོན་དཔག་བྱས་ན་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་15:30(ཅི་ཕུའུ་དུས་ཚོད་22:30)གཡས་གཡོན་དུ་འགོ་འཛུགས་རྒྱུ་རེད།


ཝུའུ་ཁེ་ལན་དང་འཇར་པན་དབར་ཆ་འཕྲིན་བདེ་འཇགས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད། ཧྲི་མེ་ཧར་གྱིས་བསྟན་དོན། འཇར་པན་ནི་ཝུ་ཁུ་ལན་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོའི་གྲས་ཤིག་ཡིན། རོགས་སྐྱོར་བསྡོམས་འབོར་ཨ་སྒོར་དུང་ཕྱུར་༡༢༡ལ་སླེབས་ཡོད། ཕྱོགས་གཉིས་ཀས་ད་དུང་ཝུ་ཁུ་ལན་ནུས་ཁུངས་སྡེ་ཁག་དང་མི་ཆོས་རིང་ལུགས་ཀྱི་ཐོག་འབུད་ལ་རྒྱབ་སྐྱོར་བྱེད་པར་བགྲོ་གླེང་བྱས། ཧྲི་མེ་ཧ་ཨར་གྱིས་འཇར་པན་གྱིས་རྒྱལ་ཁབ་བདུན་གྱི་ཚོགས་པའི་གྲོས་གཞི་ལྟར་ཨུ་རུ་སུའི་རྒྱུ་ནོར་ཁྲོད་ནས་ཨ་སྒོར་དུང་ཕྱུར་༣༠བཏང་བའི་སྔོན་རྩིས་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུ།


ཝུའུ་ཁེ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ ཞི་པི་ཧ་ཡིས་ འཇར་པན་གྱི་ཕྱི་འབྲེལ་པུའུ་ཀྲང་ཡན་ཝུའུ་དབྱི་དང་ གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ ཁྲའོ་ཞན་གྱིས་ཨུ་རུ་སུར་གཞོགས་འདེགས་བྱས་ནས་ཝུའུ་ཁེ་ལན་ལ་བཙན་འཛུལ་དམག་འཁྲུག་སློང་བཞིན་ཡོད་ཅེས་བཤད་པ་རེད། རྗེས་ཕྱོགས་་ཡིན་པའི་ཆ་ནས་ ཁྲའོ་ཞན་གྱིས་ཨུ་རུ་སུའི་འཕུར་མདའ་དང་ ཉིང་རྡུལ་མཚོན་ཆ་དེ་བཞིན་དམག་དོན་ལག་རྩལ་གཞན་དག་ཐད་ཀྱི་རྒྱབ་སྐྱོར་ཐོབ་པའི་ཉན་ཁ་ཡོད་པས། ཞི་པི་ཧ་ཡིས་བསྟན་དོན། མཉམ་ལས་འདི་རིགས་ཀྱིས་འཛམ་གླིང་གི་ཞི་བདེ་ལ་འཇིགས་སྐུལ་རང་བཞིན་ལྡན་པ་དང་ ཝུ་ཁུ་ལན་གསང་འཕྲིན་སྡེ་ཁག་གིས་འདི་ལ་དོགས་ཟོན་བྱེད་དགོས་པ་མ་ཟད་  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བྱ་སྤྱོད་འདིས་གོ་ལ་ཧྲིལ་བོའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པ་གསལ་འདེབས་བྱས་པ།


G7གྲོས་འགོར་གཞིགས་ནས་རི་པིན་གྱིས་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་30བཏང་བ་དང་ གྲོན་དངུལ་དེ་དག་ཨུ་རུ་སུའི་རྒྱུ་ནོར་བསྡམས་བཅད་བྱས་པ་ལས་བྱུང་བ་ཞིག་རེད། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡུག་རེན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཐད་རི་པིན་གྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ རི་པིན་གྱིས་ཡུག་རེན་ནུས་རྒྱུ་སྡེ་ཚན་ལ་ནོར་སྲིད་དང་མི་ཆོས་ཀྱི་རོགས་སྐྱོར་རབ་དང་རིམ་པ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།


མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུས(UNDP)ཡུག་རེན་གྱི་ ཨའོ་ཏེ་ས་ས་ཁུལ་གྱི་སློབ་གྲྭ་བསྐྱར་སྐྲུན་བྱས་པ་དེ་ནི་ བསྐྱར་སྐྲུན་དེ་བས་ཡག་པའི་རྣམ་གྲངས་འོག་གི་སློབ་གྲྭ་42པ་དེ་ཡིན་པ་རེད། རྣམ་གྲངས་དེའི་དམིགས་ཡུལ་ནི་དམག་འཁྲུག་ལས་གཏོར་སྐྱོན་ཕོག་པའི་སློབ་གྲྭ་ཉམས་གསོ་བྱས་ནས་ཡུག་རེན་གྱི་བྱིས་པར་མུ་མཐུད་སློབ་གསོ་ཐོབ་རྒྱུའི་འགན་ལེན་བྱ་ཆེད་ཡིན་པ་རེད། ཡོ་རོབ་མནའ་འབྲེལ་གྱི་ཡུག་རེན་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་གཞུང་དོན་ཁང་གི་འགན་འཁུར་ བ་ཧྥོ་ལང་ཀོས་ ཡོ་རོབ་མནའ་འབྲེལ་གྱིས་དམག་འཁྲུག་འོག་ ཡུག་རེན་ལ་སློབ་གསོའི་རྒྱབ་སྐྱོར་བྱ་རྒྱུ་དང་བདེ་འཇགས་ཀྱི་སློབ་སྦྱོང་ཁོར་ཡུག་ཅིག་གཏོད་རྒྱུར་གཞོལ་གྱི་ཡོད། རྣམ་གྲངས་འདིས་སློབ་མ་དང་དགེ་རྒན་14,000ལས་བརྒལ་བར་རོགས་རམ་བྱས་ཟིན་པ།


ཉེ་ཆར་འཇར་མན་གྱི་ ཙུང་ལི་ཧྲོའར་ཚེ་དང་ ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དབར་ ཞལ་པར་ཐོག་ནས་བཀའ་མོལ་ཐེངས་གཅིག་གནང་ཞིང་། ཕྱོགས་གཉིས་པོས་གཙོ་བོ་ཡུག་རེན་གྱི་ཉམས་ཉེན་དང་ དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་བཀའ་མོལ་གནང་བ་རེད། ཧྲོའར་ཚེ་ཡིས་ ད་རེས་ཀྱི་དྲ་ཐོག་ཐུག་འཕྲད་ནང་ རང་འགུལ་ངང་སྐད་ཆ་ནན་པོ་བཤད་དེ་ ཨུ་རུ་སུས་ཡུག་རེན་ལ་ དམག་དོན་བཙན་འཛུལ་བྱས་པར་སྐྱོན་བརྗོད་བྱས་པ་དང་ ཨུ་རུ་སུར་དམག་དཔུང་ཁྱོན་ཡོངས་ནས་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་བཏོན་དང་ གལ་ཏེ་དགོས་མཁོ་ཡོད་ཚེ་ཡུག་རེན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་ཡིན་པ་ནན་བཤད་ཀྱང་བྱས་པ་རེད་། འོན་ཀྱང་ ཕུའུ་ཅིང་གིས་བཏོན་པའི་ལན་དེའང་ ཧ་ཅང་བཙན་པོ་དང་ སྟབས་བདེ་ཞིག་ཡིན་པ་སྟེ་ དཔེ་ན་ ཨུ་རུ་སུས་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་མོད་ འོན་ཀྱང་ མངའ་ཁོངས་གསར་པའི་དོན་དངོས་རྨང་གཞིར་བྱེད་དགོས་ཞེས་བཤད་པ་རེད་ གོ་བདེ་ཙམ་བཤད་ན་ འབྱུང་འགྱུར་གྱི་ཨུ་རུ་སུ་དང་ཡུག་རེན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དེ་ ཨུ་རུ་སུས་གཏན་འཁེལ་བྱ་རྒྱུ་ཡིན་པ་དང་ ཨུ་རུ་སུའི་དམག་དཔུང་གིས་གང་དུ་དམག་བརྒྱབ་ན་ དེ་ནི་ཨུ་རུ་སུ་དང་ཡུག་རེན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཡིན་ཞེས་བརྗོད་ཡིད་པ་རེད།


དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ནེ་ཡ་ཧུའུ་ཡི་སྡོད་ཁང་ལ་འགད་རྫས་ཀྱི་འཇབ་རྒོལ་ཐེབས། 

ཚེས་16ཉིན་གྱི་དགོང་མོར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཁའེ་ས་ལི་ཡའི་སྒེར་གྱི་སྤྲོ་ཁང་དུ་འབར་མདེལ་ཆུང་ངུའི་འཇབ་རྒོལ་བྱས། སྨྱན་སྦྱོར་དེས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུས་དང་དེ་བཞིན་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་བརྟག་དཔྱད་བྱས་པ་ལྟར་ན།འཇབ་རྒོལ་ཐད་སྤྱོད་པ་ནི་འབར་མདེལ་ཆུང་ཞིག་གྲས་ཡིན་དང་ དབྱི་སི་རལ་རྒྱལ་ཁབས་རང་་གི་འབར་མདེལ་ཆུང་གྲས་ཞིག་ཡིན་པ་རེད། དེའི་ནང་གི་འབར་མདེལ་དེ་གཉིས་ ནེ་ཐ་ཉི་ཡ་ཧུའུ་སྤྲོ་ཁང་གི་སྒོ་རའི་ནང་དུ་ལྷུང་བ་དང་སྐབས་དེར་ ཙུང་ལི་དང་ཁོང་གི་ནང་མི་སྐབས་དེར་ཁྱིམ་དུ་མེད་པས་མི་ཤི་རྨས་བྱུང་མེད།





འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ

阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章