ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ2024ལོའི་ཟླ་11ཚེས་12ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་992ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་71.26ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1950ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ23དང་ ཁྲབ་ལྡན་འཁོར་ལོ81དང་། མེ་སྒྱོགས38 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་4 མི་མེད་གནམ་གྲུ་61 སྐྱེལ་འདྲེན་རླངས་འཁོར68དང་ དམིགས་བསལ་སྒྲིག་ཆས6བཅས་གཏོར་ཡོད་པ་རེད།
ཟླ་11ཚེས་12ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུའི་དམག་དཔུང་གིས་ ཡུག་རེན་གྱི་ས་ཁོངས་སུ་ཧྲ་ཧོ་ཏེའི་མི་མེད་གནམ་གྲུ་110དང་ འཕུར་མདེལ་3འཕངས་པ་དང་ ཡུག་རེན་མཁའ་ཟོན་དཔུང་སྡེས་ནས་ ཅི་ཕུའུ་དང་། རི་ཐོ་སྨིར། པོར་ཐ་ཝ། སུའུ་མེ། ཧར་ཁོ་ཕུའུ། ཆེར་ཁ་སི། ཀྲ་པོ་ལོ་རའོ། ཆེའར་ཉི་ཀེ་ཧྥུའུ། ཏི་ཉེ་པོ་ལུའོ་ཕི་ཏེ་ལུའོ་ཕུའུ་སི་ཁེ། ཉི་ཀུའུ་ལ་ཡེ་ཕུའུ་བཅས་ས་ཁུལ་དུ་མི་མེད་གནམ་གྲུ་46གཏོར་སྐྱོན་བཏང་བ་དང་ གཞན་ཡང་མི་མེད་གནམ་གྲུ་60གློག་རྡུལ་དམག་འཐབ་མ་ལག་གིས་མནན་ནས་ལྷུངས་་ཡོད་པ་རེད།
ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་12ཉིན་བརྡ་ཁྱབ་བཏང་བ། འདས་ཟིན་པའི་ཉིན་གཅིག་གིས་ནང་ ཨུ་རུ་སུའི་དམག་དཔུང་གིས་ཧར་ཁོའོ་ཕུའུ་དང་། ཏུན་ཉེ་ཚེ་ཁེ། ཀྲ་པོ་ལོ་རེ། ཧོའར་སུང་ སོགས་ཕྱོགས་མང་པོར་ཕར་རྒོལ་བྱས་པ་དང་འབྲེལ་ ཡུག་རེན་དམག་གི་ཚུར་རྒོལ་དེ་ཕྱིར་བཟློག་བྱས་པ་དང་ ཡུག་རེན་དམག་གི་གཟིག་སྟག་ཅན་གྱི་ཁེ་དང་ཁྲབ་ལྡན་འཁོར་ལོ་སོགས་སྒྲིག་ཆས་40ཙམ་གཏོར་སྐྱོན་བཏང་ཡོད་ཅེས་བཤད་པ་རེད། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ནས་ ཡུག་རེན་དམག་དཔུང་གིས་འཕེན་པའི་ཧེ་མ་སི་མེ་ཤུགས་འཕུར་མདེལ་6དང་མི་མེད་གནམ་གྲུ་71གཏོར་སྐྱོན་བཏང་བ་པ་རེད། ཉིན་དེར་ གཡུ་རེན་དྲག་དཔུང་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ དམག་འཐབ་ཚགས་པར་ཡོངས་བསྒྲགས་བྱས་ནས་ ཉིན་དེའི་ཕྱི་དྲོའི་བར་གཡུལ་སའི་ས་ཁུལ་དུ་ཁྱོན་དམག་འཐབ་ཐེངས་110བརྒྱབ་པ་དང་ གཡུ་རེན་དམག་གིས་མུ་མཐུད་གཡུལ་ས་བརྟན་སྲུང་བྱས་པ་མ་ཟད་ ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་བཀག་འགོག་བྱས་པའི་ནང་ ཁུའུ་ལ་ཧུའོ་ཝོ་དང་ པོ་ཁེ་ལོ་ཧྥུ་སི་ཁེའི་ཁ་ཕྱོགས་ཛ་དྲག་ཆེ་ཤོས་ཡིན་ཞེས་བཤད་པ་རེད། ཧར་ཁོ་ཧྥུ་ཀྲོའུ་། སུའུ་མེ་ཀྲོའུ། ཆེར་ཉི་ཀོ་ཧྥུ་ཀྲོའུ་བཅས་ལ་མུ་མཐུད་ནས་ཨུ་རུ་སུའི་དམག་དཔུང་གིས་མེ་སྒྱོགས་བརྒྱབ་བཞིན་ཡོད་ཅེས་བཤད་ཡོད་པ་རེད།
རྒྱལ་སྤྱིའི་གསར་འགྱུར།
དབྱིན་ཇིའི་དབུ་བཞུགས་བློན་ཆེན་ སི་ཐ་མོ་ཡིས་ ཨ་རིའི་ཙུང་ཐུང་པའེ་ཏེང་ལ་ ཐེ་རོན་ཕུའི་གོ་གནས་མ་འཁུར་གོང་ ཨུ་རུ་སུའི་བསྡམས་བཅད་རྒྱུ་ནོར་སྤྱད་དེ་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་200ཡི་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སི་ཐ་མོས་ ད་དུང་ཡུག་རེན་གྱིས་རྒྱང་ཁྲིད་རླུང་འཚུབ་ཀྱི་གྲིབ་ནག་འཕུར་མདེལ་སྤྱད་དེ་ཨུ་རུ་སུར་རྡུང་རྡེག་གཏོང་ཆོག་པའི་གྲོས་འགོ་བཏོན་པ་རེད་ ཡུན་ཡང་པའེ་ཏེང་གིས་ཁས་ལེན་བྱས་མེད་པ་རེད་ སི་ཐ་མོ་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གཉིས་གིས་ ཟླ་11ཚེས་11ཉིན་ གྲོས་མོལ་བྱས་ནས་ རླུང་འཚུབ་ཀྱི་གྲིབ་ནག་འཕུར་མདེལ་ལ་འཛིན་པའི་ཨ་རིའི་ལངས་ཕྱོགས་ལ་འགྱུར་ལྡོག་ཇི་ལྟར་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་པ་དང་ འགོ་ཁྲིད་གཉིས་པོས་ཡུག་རེན་གྱི་དགུན་དུས་འགན་ལེན་བྱ་རྒྱུའི་ཐད་གྲོས་བསྡུར་བྱས་པ་རེད།
ཧྥ་རན་སེའི་ཕྱི་འབྲེལ་པུའི་པུའུ་ཀྲང་ པ་ལུའོ་ཐེས་ སྐབས་བདུན་པའི་ཕ་རི་སིའི་ཞི་བདེའི་གླེང་སྟེགས་ཐོག་ ཧྥ་རན་སེས་ཨ་རིའི་སྲིད་གཞུང་གསར་པ་དང་མཉམ་ལས་བྱས་ནས་ ཡུག་རེན་གྱི་རོགས་སྐྱོར་འདང་ངེས་ཡོད་པར་རྒྱལ་ཁ་འཐོབ་རྒྱུའི་འགན་ལེན་བྱ་རྩིས་ཡོད་ཅེས་བཤད་པ་རེད། ཁོང་གིས་ཡོ་རོབ་མནའ་འབྲེལ་དང་ཧྥ་རན་སེས་ཡུག་རེན་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། པ་ལུའོ་ཐེས་ དབྱིའར་ཕིང་དང་ཧྥ་རན་སེས་ ཨུ་རུ་སུའི་དམག་འཁྲུག་གི་ནག་ཉེས་རྒྱ་ཡན་དུ་གཏོང་མི་སྲིད་པས་ངེས་པར་དུ་ཡུག་རེན་ལ་ཞི་བདེ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཅེས་བཤད་པ་རེད།
བདམ་ཐོན་འགྲན་བསྡུར་རིང་ ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུས་ ཕུའུ་ཅིང་དང་གྲོས་མཐུན་འཇོག་སྲིད་ཅེས་བཤད་མྱོང་མོད། འོན་ཀྱང་ཙུང་ཐུང་གིས་ལས་འགན་ཁུར་རྗེས་ ཨུ་རུ་སུས་ཡུག་རེན་ལ་འཛིན་པའི་དམག་འཁྲུག་ལ་ལངས་ཕྱོགས་དེ་བས་ནན་པོ་འཛིན་སྲིད་ཅེས་བཤད། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཕུང་ཕེ་ཨའོ་ཡིས་ ཉིའུ་གཡོད་གོ་ལ་ཧྲིལ་པོའི་གླེང་སྟེགས་ཐོག་ ཐེ་རོན་ཕུས་ཨུ་རུ་སུས་ཡུག་རེན་གྱི་ས་ཁོངས་ནང་མུ་མཐུད་བྱ་སྤྱོད་སྤེལ་དུ་འཇུག་མི་སྲིད་ཅེས་བཤད་པ་དང་འབྲེལ་ གལ་ཏེ་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཁན་ཕྱིར་འཐེན་བྱས་ཚེ་ཨུ་རུ་སུའི་བཙན་འཛུལ་གྱི་བྱེད་སྤྱོད་སྤེལ་ཤུགས་ཆེ་རུ་འགྲོ་ངེས་རེད་ཅེས་ནན་བཤད་བྱས་པ་རེད། ཡུག་རེན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ལྷན་གྱི་ཁོངས་མི་ ཁོ་ཝ་ལེན་ཁོས་ ཐེ་རོན་ཕུས་བདམ་ཐོན་འགྲན་བསྡུར་རིང་ཡུག་རེན་གྱི་ཞི་བདེའི་སྐོར་གྱི་གཏམ་བཤད་སྤེལ་བ་དེ་ནི་སྨྱན་སྦྱོར་གྱིས་འུད་སྒྲོག་བྱས་པ་ཞིག་ཡིན་པ་ལས་དོན་དངོས་ཀྱི་གཞི་འཛིན་ས་མ་རེད།
སྙན་ཞུ་གསར་ཤོས་ལ་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་2025ལོའི་ཟླ་1ཚེས་20ཉིན་ཐེ་རོན་ཕུས་ལས་འགན་མ་བཞེས་གོང་ ཁུའར་སི་ཁེ་ས་ཁུལ་བསྐྱར་དུ་ཚུར་ལེན་རྩིས་ཡོད་པ་རེད། དམིགས་ཚད་དེ་མངོན་འགྱུར་ཡོང་ཆེད་ ཕུའུ་ཅིང་གིས་ཨུ་རུ་སུ་དང་ཁྲའོ་ཞན་གྱི་དམག་མི་ཁྲི་5ཙམ་བཀོད་སྒྲིག་བྱས་པ་དང་འབྲེལ་ སླད་ཕྱིན་གྱི་ཉིན་ཤས་ནང་ཡུག་རེན་གྱི་དམག་སར་ མི་མེད་གནམ་གྲུས་འཇབ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་སྲིད་ཅེས་བརྗོད་པ་རེད། བྱང་ཆིངས་མནའ་འབྲེལ་རྒྱལ་ཁབ་ཀྱིས་ ཕུའུ་ཅིང་གིས་ཐེ་རོན་ཕུས་འགན་མ་འཁུར་གོང་མངའ་ཁོངས་ས་ཆའི་འཕེལ་རིམ་ཐོབ་ནས་ཨུ་རུ་སུའི་འབྱུང་འགྱུར་གྱི་ཞི་བའི་གྲོས་མོལ་ཁྲོད་ཀྱི་གྲོས་མོལ་གྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་པའི་ངོས་འཛིན་བྱས་པ་རེད།
ཟླ་11ཚེས་11ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ ཁེ་ཝིར་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ པོ་ལེ་ལི་དང་མཇལ་འཛོམས་གནང་བ་དང་གྲོས་གཞི་གལ་ཆེན་མང་པོ་ཞིག་ལ་གྲོས་བསྡུར་གནང་བ་རེད། ཙེ་ལན་སི་ཅི་ཡིས་ཡོ་རོབ་ཀྱི་རོགས་ཟླས་ལོ་མཇུག་གོང་ ཡུག་རེན་ལ་སྒྱོགས་མདེལ་ཁྲི་100མཁོ་འདོན་བྱས་ནས་ཡུག་རེན་གྱི་མེ་སྒྱོགས་དམག་འཐབ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཕྱོགས་གཉིས་པོས་ད་དུང་ཡུག་རེན་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ སྔར་བས་མཉམ་ལས་བྱ་རྒྱུའི་སྐོར་གྲོས་བསྡུར་ཡང་གནང་བ་རེད། ཙེ་ལན་སི་ཅི་ཡིས་ད་དུང་ཡོ་རོབ་ཞི་བདེ་ཐེབས་རྩས་ནང་ཁུལ་གྱི་འགོག་རྐྱེན་ལས་ཚད་བརྒལ་བྱས་ཏེ་ རོགས་སྐྱོར་ཨ་སྒོར་དུང་ཕྱུར་500བདེ་བླག་ངང་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ ཨེ་སོ་ནི་ཡའི་རྒྱལ་སྲུང་པུའུ་ཀྲང་ ཕེ་ཕུའུ་ཁུར་དང་མཇལ་འཛོམས་གནང་ནས་ རེས་སྐོར་གསར་པའི་དམག་དོན་རོགས་སྐྱོར་ཁུག་ལ་གྲོས་བསྡུར་གནང་བ་རེད། ཕེ་ཕུའུ་ཁུའར་གྱིས་ ཨེ་སོ་ནི་ཡས་ཡུག་རེན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་ རོགས་སྐྱོར་འཆར་གཞི་གསར་པར་མིང་རྟགས་ཀྱང་བཀོད་པ་རེད་ དེའི་ནང་གྱོན་གོས་དང་གོ་མཚོན་ཆུང་གྲས་སོགས་ཚུད་ཡོད་ སྔོན་དཔག་བྱས་ན་ལོ་རྗེས་མ་སྐྱེལ་ཐུབ་རྒྱུ་དང་ རོགས་སྐྱོར་མ་དངུལ་གྱིས་ཨེ་སོ་ནི་ཡའི་GDPཡི་0.25%ཟིན་རྒྱུ་རེད་ཅེས་བཤད། ཙེ་ལན་སི་ཅི་ཡིས་ཨེ་སོ་ནི་ཡས་མུ་མཐུད་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ ཡུག་རེན་དུ་བཅའ་སྡོད་ཨེ་སོ་ནི་ཡའི་གཞུང་ཚབ་ཆེ་མོ་ཁང་ལ་ འཇབ་རྒོལ་ཕོག་པའི་སྐོར་དང་ཨུ་རུ་སུར་བཀག་སྡོམ་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད་པ་རེད།