2024ལོའི་ཟླ་10ཚེས་21ཉིན་ཡུག་རེན་གྱི་རྒྱལ་སྲུང་དམག་འཁྲུག་བྱས་ནས་ཉིན་970པ་ཟིན་པ་རེད་འདུག
ཝུའུ་ཁི་ལན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་གསར་བསྒྲགས་བྱས་པ་ལྟར་ན་ ཨུ་རུ་སུའི་དམག་མི་ཤི་ཚད་རིམ་རྩིས་བྱས་ན་མི་ཁྲི་68ལས་བརྒལ་ཡོད་པ་བཤད་འདུག་ སྔོན་ཆད་ཉིན་གཅིག་གི་ནང་དམག་མིའི་དམག་འཐབ་ལ་གཏོར་སྐྱོན་ཕོག་ཚད་མི་1710ལ་སླེབས་པ་དང་། དམག་འཁྲུག་བརྒྱབ་པ་ནས་བཟུང་ཉིན་མ་རེ་རེ་ལ་དམག་འཁྲུག་གི་གཏོར་སྐྱོན་ཕོག་ཚད་ཆེ་ཤོས་སུ་གྱུར་ཡིད་པ་་རེད།
དེ་ལས་གཞན། ཝུའུ་ཁེ་ལན་གྱི་མིས་ད་དུང་དགྲ་ཕྱོགས་ཀྱི་ཐན་ཁེ 24 དང་། ཁྲབ་ལྡན་འཁོར་ལོ 64 དང་། མེ་སྒྱོགས24 མཁའ་ཟོན་བཅས་མ་ལག 1 དང་། མི་མེད་གནམ་གྲུ་46 སྐྱེལ་འདྲེན་རླངས་འཁོར 47 དང་ དམིགས་བསལ་སྒྲིག་ཆས 3 བཅས་རྩ་གཏོར་བྱས་ཡོད་འདུག
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། འདས་ཟིན་པའི་ཉུན་འགའ་གི་ནང་ལ་ ཨུ་རུ་སུའི་དམག་དཔུང་གིས་ས་ཁུལ་131ལ་ ཝུའུ་ཁི་ལེན་གྱི་དམག་གི་སྐྱེ་ལྡན་སྟོབས་ཤུགས་དང་སྒྲིག་ཆས་བསྡུ་རུབ་བྱས་པའི་ས་ཁུལ་ལ་རྡུང་རྡེག་གཏང་ཡོད་ཟེར་ ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ཨ་རིས་བཟོས་པའི་ཧའེ་མ་སི་མེ་ཤུགས་འཕུར་མདའ་དང་མི་མེད་གནམ་གྲུ 142 ལ་འཇབ་རྒོལ་བྱས་ཡོད་ཟེར། ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་སུའུ་མའེ་ཀྲོའུ་དང་ཧར་ཁོ་ཧྥུ་ཀྲོའུ་རུ་ ཝུའུ་ཁི་ལན་གྱི་འཕྲུལ་ཆས་ཐོན་སྐྱེད་འཁོར་ཁང་དང་འཕེན་ཁུལ་དུ་རྡུང་རྡེག་གྲག་པོ་གཏང་ཡོད་ཟེར།
ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་བསྟན་དོན། གཡུལ་སའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ལྷག་པར་དུ་པོ་ཁེ་རོ་ཧྥུ་སི་ཁེ་དང་ ཁུའུ་ལ་ཧོ་ཝོའི་ཕྱོགས་སུ་འཐབ་འཛིང་ཛ་དྲག་ཆེ་ཤོས་བྱེད་བཞིན་ཡོད་པ་མ་ཟད། གཞན་ཡང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སུའི་ལི་ཕེ་ཚི་ཁེ་ས་ཁུལ་གྱི་དམག་སྤྱོད་གནམ་གྲུ་ཐང་ཞིག་ལ་འཇབ་རྒོལ་བྱས་ཡོད་ཅེས་བཤད།
ཉིན་དེའི་ཐོ་རེངས་ཝུའུ་ཁི་ལན་གྱི་རྒྱལ་སྲུང་དམག་གིས་ཨུ་རུ་སུའི་ལི་ཕེ་ཚི་ཁི་ས་ཁུལ་གྱི་ལི་ཕེ་ཚི་ཁི་ནས་2བར་གྱི་དམག་སྤྱོད་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་ དེར་ཡོད་པའི་སྒྲིག་ཆས་ཚང་མ་ལ་མེ་ཧ་ཅང་འཆེན་པོ་འབར་གི་ཡོད་པ་རེད་ ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་བཤད་པ་ ད་ཐེངས་ཀྱི་འཇབ་རྒོལ་གྱི་དམིགས་འབེན་གཙོ་བོ་ནི་རྫས་མདེལ་མཛོད་ཁང་དང་། འབར་རྫས་སྣུམ་འཇམ་ སྣུམ་མཛོད། དེ་བཞིན་མཁའ་འགྲུལ་སྒྲིག་ཆས་བཅས་ཡིན་ཅེས་བཤད་འདུ། ཝུའུ་ཁི་ལན་ཕྱོགས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། ཨུ་རུ་སུའི་དམག་དཔུང་གི་སུའུ་-34དང་སུའུ་-35དང་སྨི་ཀི་ནས་31གི་གནམ་གྲུ་ཅེས་གནམ་ཐང་དེ་ནང་དུ་བསྡད་ཡོད་ཟེར།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བཤད་པ་ ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་ཉིན་དེའི་ཐོ་རེངས་སུ་ལི་ཕེ་ཚི་ཁི་ཁུལ་དུ་ ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་27རྩ་མེད་དུ་བཏང་ཡོད་བཤད་འདུག
ས་གནས་དེ་གའི་དུས་ཚོད་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་བདུན་གྱི་ཚོགས་པའི་ཚོགས་མི་རྣམ་དབྱི་ཐ་ལིའི་གྲོང་ཁྱེར་ནི་ལེ་སི་དུ་ཐུག་འཕྲད་བྱས། ཐུག་འཕྲད་བྱས་རྗེས་སྤེལ་བའི་ཐུན་མོང་གི་གསལ་བསྒྲགས་ནང་རྒྱལ་ཁབ་བདུན་གྱི་ཚོགས་པས་ཁས་བླངས་པའི་ཁྱབ་ཁོངས་སུ་ཝུའུ་ཁི་ལན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་མ་ཟད། ཝུའུ་ཁི་ལན་མུ་མཐུད་དུ་ཕྱོགས་ཡོངས་ནས་ཡོ་རོབ་གླིང་ནུབ་མའི་གཞུང་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་བཤད།
ས་གནས་དེ་གའི་དུས་ཚོད་ཚེས 18 ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་མོ་སི་ཁོ་རུ་ ཀྲུང་གོ་དང་དང་། པར་ཙི། ཨེ་ཅིབ། རྒྱ་གར། ཨ་རབ་དང་། ཨི་ཐོ་པེ་ཡ། ཨ་ཧྥེ་རི་ཁ་ལྷོ་མ་སོགས་་ལ་མཇལ་འཕྲད་གནང་སྐབས། འབོ་གསེར་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་འཐུས་མིས་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་ ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་གནད་དོན་སྐོར་གླེང་སྐབས་ གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཨུ་རུ་སུས་ཝུའུ་ཁི་ལན་ལ་ཉིང་རྡུལ་མཚོན་ཆ་བཟོ་རུ་འཇུག་མི་སྲིད་ཅེས་བསྟན་པ་རེད། ཙེ་ལེན་སི་ཅིས་ཝུའུ་ཁི་ལན་གི་ཉིང་རྡུལ་ནུས་པའི་མཚོན་ཆ་བཟོ་སྲིད་པའི་གསལ་བསྒྲགས་ནི་འཁྲུག་རྐྱེན་སློང་བའི་སྐོར་རེད་ཅེས་བཤད་འདུག
ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨའོ་སི་ཏིང་གིས་ཟླ 10 ཚེས 21 ཉིན་འཕྲལ་དུ་ཝུའུ་ཁེ་ལན་གྱི་རྒྱལ་ས་ཅི་ཕུའུ་ལ་འཚམས་འདྲི་བྱས་པ་དང་། ཝུའུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་མེ་རོ་ཧྥུ་དང་ཐུག་འཕྲད་བྱས། ཝུའུ་ཁི་ལན་གྱི་མཚོན་ཆའི་དགོས་མཁོར་སྐོར་ལ་གྲོས་བསྡུར་བྱས། ཨའོ་སི་ཐིན་གྱིས་ཨ་རིའི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། ཨ་རི་དང་དེའི་མནའ་འབྲེལ་གྲོགས་པོས་རྣམ་ནས་ སང་ལོར་མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པར་ཡིད་ཆེས་ཡོད་པར་མ་ཟད་ NASA མཁའ་ཟོན་མ་ལག་སོགས་མ་འཇོག་བྱས་པར་ནུས་པ་ཐོན་གྲབས་ཡོད་པས་དེའི་སྔོན་ལ་ཁོས་པུའུ་ལུའུ་སེ་ཨར་ནས་ཀྱང་ཝུའུ་ཁེ་ལན་ལ་མཚོན་ཆའི་རོགས་སྐྱོར་ཐོབ་ནས་ཨུ་རུའུ་སུའི་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་སྤྱོད་པའི་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་དུ་རྒྱུན་སྐྱོང་བྱ་རྒྱུ་ནན་བཤད་བྱས།
ས་གནས་དེ་གའི་དུས་ཚོད་ཚེས 21 ཉིན་གྱི་ཕྱི་དྲོར་ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུར་བཅའ་སྡོད་བྱེད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོར་མཇལ་འཕྲད་གནང་ནས་ཁྲའོ་ཞན་གྱིས་ཨུ་རུ་སུར་དམག་མི་བཏང་བར་རྒོལ་གཏམ་བཏང་བའི་ཚུལ་བསྟན།
་ཨུ་རུ་སུའི་ཧན་གོར་བཅའ་སྡོད་གཞུང་ཚབ་ཁང་གིས་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་རྩིས་ཐོའི་ཐོག་གནས་ཚུལ་སྤེལ་བ་ ་ཨུ་རུ་སུ་དང་ཁྲའོ་ཞན་བར་གྱི་མཉམ་ལས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་ཚུད་ཡོད་པ་མ་ཟད། ཧན་གོའི་བདེ་སྲུང་ཁེ་ཕན་ལ་འགལ་བ་གང་ཡང་མེད་བཅེས་རྗོད་འདུག་
ད་ལོ་དབྱི་ཐ་ལིར་འཚོགས་པའི་རྒྱལ་ཁབ་བདུན་གྱི་ཚོགས་པའི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་པའི་གྲོས་གཞི་མི་ཉུང་བ་ཞིག་ནི་ དཔེར་ན། ཕ་ལེ་སི་ཐན་བར་གྱི་གདོང་གཏུག་དང་། ཨུ་རུ་སུའི་བར་གྱི་འཁྲུག་རྩོད། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ། ཁྲའོ་ཞན་དང་ཨུ་རུ་སུའི་དམག་དོན་མཉམ་ལས་སོགས་ལྟ་བུ་ཡིན།
ཕཱ་ལེ་སི་ཐན་དང་དབྱི་སི་ལན་གྱིས་ཟླ་10ཚེས་22ཉིན་གྱི་གནས་ཚུལ་གསར་ཤོས།
ས་གནས་དེ་གའི་དུས་ཚོད་ཚེས་ཉི་ཤུ་ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲས་ཁུལ་དུ་དམག་དོན་འགུལ་སྐྱོད་རྒྱ་ཆེན་པོ་སྤེལ་བཞིན་ཡོད། དམག་དཔུང་གིས་ད་རེས་ཀྱི་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་གཙོ་བོ་དེ་ཅཱ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དང་། ལྷོ་རྒྱུད། དབུས་རྒྱུད་ས་ཁུལ་བཅས་སུ་གཅིག་སྡུད་བྱས་ཡོད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལྟར་དམག་དཔུང་གིས་བྱ་སྤྱོད་ནང་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཅུ་ཕྲག་ཁ་ཤས་བསད་པ་མ་ཟད། གོ་མཚོན་སྒྲིག་ཆས་འབོར་ཆེན་གཞུང་བཞེས་བཏང་བ་རེད། བྱ་སྤྱོད་འདི་དག་ནི་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉེ་ལམ་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ཀྱི་ཆ་ཤས་ཤིག་ཡིན་ཞིང་། ཕ་ལེ་སི་ཐན་གྱི་དྲག་པོའི་སྟོབས་ཤུགས་ཉམས་དམས་སུ་གཏོང་བའི་ཆེད་དུ་ཡིན་པར་མ་ཟད། དབྱི་སི་རལ་གྱིས་དབྱི་སི་རལ་ལ་ཕར་རྒོལ་བྱེད་པར་བཀག་འགོག་བྱས་པ་རེད། ཕ་ལེ་སི་ཐན་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ཀྱི་པུའུ་ལེ་ཅི་ས་ཁུལ་གྱི་ཁང་པ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པས། རྨས་མ་11དེ་དག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཤིན་ཡོད་པ་རེད།
ཕ་ལེ་སི་ཐན་ནས་དབྱི་སི་ལན་གྱིས་འགོག་རྒོལ་བྱེད་པའི་ལས་འགུལ་ ཧ་མ་སི་ ཁོངས་སུ་གཏོགས་པའི་དམག་དོན་རྩ་འཛུགས་ ཁྭ་ས་ལུའི་ཤོག་གིས་ཀྱང་ཚེས་20ཉིན་དམག་ དབྱི་སི་ལན་གྱི་དམག་དཔུང་ལ་རྒོལ་ལན་སྤྲད་པ་རེད། ཁྭ་ས་ལུའི་ཤོག་གིས་གསལ་བསྒྲགས་སྤེལ་བ་ལྟར་ན་ ་ཁྭ་ས་ལུའི་ཤོག་དྲག་ཆས་རྩ་འཛུགས་གིས་ཅཱ་ཧྲ་ས་ཁུལ་གྱི་ཅཱ་ཧྲ་གྲོང་ཁྱེར་རུ་ཅེ་པ་ལི་ཡེ་ས་ཁུལ་དུ་དབྱི་སི་ལན་གྱི་དམག་དཔུང་གི་ཐན་ཁེ་དང་ཁྲབ་ལྡན་རླངས་འཁོར་ལ་འཇབ་རྒོལ་བྱས་པ་ཡིན་འདུག། ཅེ་པ་ལི་ཡེས་ས་ཁུལ་དུ་ ཁྭ་ས་ལུའི་ཤོག་གིས་འབར་གས་ཆེན་པོ་བཏང་ནས་དབྱི་སི་ལན་གྱི་དམག་་དཔུང་གི་མེ་ཁ་ཝ་ཐན་ཁེ་ཞིག་རྩ་མེད་དུ་བཏང་ནས་དམག་མི་ཤི་རྨས་མང་པོ་བཟོས་ཡོད་ཟེར་ དབྱི་སི་ལན་་གྱི་རྒྱལ་སྲུང་དམག་དཔོན་ཞིག་ཅཱ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་ཡོད་པའི་ཅེ་པ་ལི་ཡེ་ས་ཁུལ་གྱི་འཐབ་འཛིང་ཁྲོད་དུ་བསད་ཡོད་ཟེར་ མིང་ལ་ ཧྲང་ཞའོ་ཟེར་ ཧྲང་ཞའོ་འདི་འགས་གཏོར་སྒྲིག་ཆས་ཀྱི་འཇབ་རྒོལ་ཁྲོད་ཚེ་ལས་འདས་པ་དང་། དམག་དཔོན་གསུམ་ལ་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་ཅེས་བཤད་འདུག།
ཧུའུ་སའེ་དྲག་ཆས་དམག་སྤུང་ནས་ ང་ཚོས་དབྱི་སི་རལ་ལ་དམག་རྒྱག་རྒྱུའི་མཐའ་མའི་བཀའ་སྒུག་བཞིན་ཡོད་ལ། ང་ཚོས་དམག་དཔུང་གིས་པ་ལེ་སི་ཐན་མི་དམངས་ལ་རོགས་བྱས་ནས་ ཡིའུ་ཐའེ་ རྒྱལ་དོན་རིང་ལུགས་པར་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག་བྱས་ཡོད་ཟེར་