ཚེས་25ཉི་ཨུ་གཡུ་དམག་འཁྲུག་དང་ རྒྱལ་སྤྱིའི་གསར་འགྱུར།

文摘   2024-11-26 16:19   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   
   ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ

2024ལོའི་ཟླ་11ཚེས་25ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་1005ཟིན་ཡོད། གཡུ་རེན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་72.83ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་ཤི་1610ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

 དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ6དང་ ཁྲབ་ལྡན་འཁོར་ལོ27དང་།  མེ་སྒྱོགས22  མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་  མཁའ་ཟོན་མ་ལག  མི་མེད་གནམ་གྲུ་114 སྐྱེལ་འདྲེན་རླངས་འཁོར84 དམིགས་བསལ་སྒྲིག་ཆས་2བཅས་གཏོར་ཡོད་པ་རེད། མཁའ་བསྐྱོད་འཕུར་མདའ་8འགོག་ཐུབ་ཡོད་པ་རེད།


ཟླ་11ཚེས་25ཉིན་གྱི་སྔ་དྲོ་ ཨུ་རུ་སུའི་དམག་དཔུང་གིས་དབྱི་སི་ཁན་ཏེར-Mམདེལ་ལམ་འཕུར་མདེལ་སྤྱད་དེ་ གྲོང་ཁྱེར་ལྟེ་གནས་སུ་འཇབ་རྒོལ་བྱས་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་འགན་ཁུར་བ་ ཨའོ་ལེ་ཀེ·ཅི་ཕེའར་གྱིས་ མི་11ལ་འཇབ་རྒོལ་ནང་རྨས་སྐྱོན་ཕོག་པ་དང་ རྨས་མ་སྨན་ཁང་དུ་བསྐྱལ་བ་ དེའི་ནང་བུད་མེད་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། འབར་གས་ཁུལ་གྱི་ཉེ་འཁོར་གྱི་སྡོད་ཁང་དང་། སྨན་བཅོས་སྒྲིག་བཀོད། གཞུང་ལས་ཐོག་བརྩེགས་ཁང་ཆེན། སིལ་ཚོང་སྒྲིག་བཀོད། རླངས་འཁོར་བཅས་ལ་གཏོར་སྐྱོན་ཕོག་པ་མ་ཟད། ས་གནས་དེ་གའི་སློབ་གྲྭ་ཞིག་དང་སློབ་ཆེན་གྱི་ལུས་རྩལ་ཁང་ཞིག་ལའང་གཏོར་སྐྱོན་ཕོག་ཡོད་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུའི་སྙན་ཞུའི་ནང་ཟླ་11ཚེས་25ཉིན་གྱི་མཚན་མོ་མཁའ་ཟོན་དཔུང་སྡེས་ཡུག་རེན་དམག་གིས་འཕེན་གཏོང་བྱས་པའི་རྒྱང་རིང་མི་མེད་གནམ་གྲུ་23གཏོར་བ་དང་འབྲེལ་  དེའི་ཁྲོད་ལ་མི་མེད་གནམ་གྲུ་བརྒྱད་ ཁ་ལུའུ་ཅ་ཀྲོའུ་ཡི་བར་སྣང་ནས་ལྷུང་བ་དང་། གནམ་གྲུ་བདུན་ཁུའུ་ཨེར་སི་ཁོ་ཡི་བར་སྣང་ནས་ལྷུང་བ། གནམ་གྲུ་ལྔ་ པོ་པུའུ་ལིའང་སི་ཁོ་ཡི་བར་སྣང་ནས་ལྷུང་བ། གནམ་གྲུ་གསུམ་པེ་ཨེར་ཀོ་ལོ་ཏེ་ཡི་བར་སྣང་ནས་ལྷུང་བ་རེད། གཞན་ཡང་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་བརྙན་ལམ་ཐོག་ནས་མངོན་པར་གཞིགས་ན། ཁ་ལུའུ་ཅ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ལ་འཇབ་རྒོལ་ཕོག་པ་དེའི་ནང་གི་སྣུམ་གསོག་སྣོད་ཆས་ཤིག་ལ་མེ་ཤོར་བ་དང་འབྲེལ་འབར་གས་ཀྱང་བྱུང་ཡོད་པ་རེད།


ཨུ་རུ་སུའི་གློག་འཕྲིན་ཚོགས་པ་ནས་ཐོན་མ་ཐག་པའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་ཁུར་སི་ཁེ་ས་ཁུལ་དུ། s400དེང་རབས་ཅན་གྱི་རིན་གོང་མཐོ་བའི་མཁའ་ཟོན་འཕུར་མདའ་མ་ལག་ཆ་ཚང་ཞིག་ཡུག་རན་ཕྱོགས་ནས་ATACMSའཕུར་མདའ་བཀོལ་ནས་གཏོར་བརླག་བྱས་པ་དང་། དེ་དང་དུས་མཚུངས་སུ་ཨུ་རུ་སུའི་དམག་དཔོན་ལྔ་བསད་སོང་ཅེས་འཁོད་ཡོད་པ་རེད།

ཡུག་རེན་ནས་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་བ་དང་ ཆུ་ཚོད་ཁ་ཤས་ཀྱི་གོང་ཡུག་རེན་མཁའ་དམག་གིས་ ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་ཕར་སྒོལ་བྱས་ནས་ རང་ལྕེབས་མི་མེད་གནམ་གྲུའི་ཚོགས་པས་ ཨུ་རུ་སུའི་རྒྱལ་སའི་སྣུམ་མཛོད་ཅིག་དང་ཡོ་བྱད་བཟོ་གྲྭ་ཞིག་ལ་འཇབ་རྒོལ་བྱས་པ་དང་ བཟོ་གྲྭ་དེ་ནི་མོ་སི་ཁོའི་ཉེ་འགྲམ་གྱི་ཁ་ལུའུ་ཅ་ཀྲོའུ་རུ་ཡོད་པ་དང་ ཨུ་རུ་སུའི་དམག་དཔུང་གི་ཆེད་མངགས་ ལེ་ཏའི་མ་ལག་དང་ འཕུར་མདེལ་གྱི་ལྷུ་ལག་ཐོན་སྐྱེད་བཟོ་གྲ་ཞིག་ཡིན་པརེད། ད་ཐེངས་ཀྱི་འཇབ་རྒོལ་ནི་ཡུག་རེན་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བཀའ་ཕབ་ནས་ལག་བསྟར་བྱས་པ་ཞིག་རེད།


ཡུག་རེན་གྱི་ཏི་ནེ་པོ་ལུའོ་ལྷོ་ཕྱོགས་འཕྲུལ་ཆས་བཟོ་སྐྲུན་བཟོ་གྲྭར་ཨུ་རུ་སུའི་གླིང་སྐྱོད་འཕུར་མདེལ་གྱི་རྡུང་རྡེག་ཕོག་རྗེས། ཡུག་རེན་གྱིས་དེའི་དབང་གིས་བག་འཁུམས་མེད་པར་ དེ་ལས་ལྡོག་སྟེ་དུས་ཐུང་ཆུ་ཚོད་72ནང་གཞི་ཁྱོན་ཆེ་བའི་ཕར་རྒོལ་བྱས་ནས་ ཨུ་རུ་སུ་རང་ཡུལ་ལ་མུ་མཐུད་རྡུང་རྡེག་བཏང་ཡོད། བྱ་སྤྱོད་དེ་ཐོག་ནས་ཡུག་རེན་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་དང་ཆོད་སེམས་མངོན་པ་དང་ དམག་དོན་གྱི་གནོན་ཤུགས་ཆེན་པོ་འཕྲད་ཀྱང་ཕྱིར་བཤོལ་བྱེད་མྱོང་མེད་རེད།


ཨུ་རུ་སུའི་གཡུལ་སའི་ཐོག་ལ་གློག་བརྙན་འཁྲབ་བྱེད་ཀྱི་འཁྲབ་ཆས་མང་པོ་ཞིག་སྒྲིག་ཡོད་པ་རེད་

འཛམ་གླིང་གི་དམག་དོན་སྟོབས་ལྡན་རྒྱལ་ཁབ་ཨང་གཉིས་པའི་མིང་ཡོད་པའི་ ཨུ་རུ་སུའི་གིས་དམག་དོན་བྱ་སྤྱོད་སྤེལ་ནས་ལོ་གསུམ་ཙམ་འགྲོ་ལ་ཉེ་བའི་དུས་སུ་ གློག་བརྙན་བཟོ་གྲྭས་གློག་བརྙན་འཁྲབ་བྱེད་ཀྱི་འཁྲབ་ཆས་ལ་བརྟེན་ནས་ རྫིག་རྫིག་བྱེད་དགོས་པ་དེ་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ་




 རྒྱལ་སྤྱིའི་གསར་འགྱུར། 


སྨྱན་སྦྱོར་ཚན་པ་མང་པོས་གཟའ་འཁོར་གོང་མར་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེ་དང་དབྱིན་ཇིས་ནས་ཡུག་རེན་གྱིས་ སི་ཁ་ཕུའུ་དང་རླུང་འཚུབ་གྲིབ་གཟུགས་འཕུར་མདའ་ལ་བརྟེན་ནས་ཨུ་རུ་སུའི་མངའ་ཁོངས་ས་ཆ་ལ་རྡུང་རྡེག་གཏོང་ཆོག་པའི་ཁས་བླངས་ཡོད། རླུང་འཚུབ་གྲིབ་གཟུགས”དང་ སི་ཁ་ཕུའུ་ནི་ འཕུར་མདེལ་རིགས་གཅིག་ཡིན་ཞིང་ ཧྥ་རན་སེ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཞིབ་བཟོ་བྱས་པ་དང་ ཡོ་རོབ་འཕུར་མདེལ་ཚོགས་པས་བཟོས་པ་ཞིག་རེད། འདིའི་རིགས་ནི་དམག་གྲུའམ་འཐབ་འཛིང་གནམ་གྲུའི་སྟེང་ནས་འཕེན་ཆོག་པ་དང་། འཕེན་ཐག་ནི་སྤྱི་ལེ250ནས་སྤྱི་ལེ500བར་ཡིན།


ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་24ཉིན་ ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་ མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་ ཨུ་རུ་སུའི“ཀྲེན་ཧྲུའེ”འཕུར་མདེལ་གྱིས་ཡོ་རོབ་ལ་བཟོད་ཐབས་བྲལ་བའི་གཏོར་བཤིག་གཏོང་གི་ཡོད། དེང་རབས་ཀྱི་བྱེད་ཐབས་སྤྱད་ནས་འཕུར་མདེལ་གཏོར་མི་ཐུབ་པ་དང་ མཁའ་ཟོན་གབ་ཁུང་གིས་ཀྱང་ཕན་མི་ཐོགས་པར་བརྟེན་ ཡོ་རོབ་ནས་ཨུ་ཡུག་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་ཞེས་བཤད་པ་རེད།


ཡུག་རེན་གྱི་ཙུང་ཐུང་ལན་སི་ཅི་ཡིས་བརྙན་ལམ་གསུང་བཤད་གནང་སྐབས་ ཨུ་རུ་སུས་འཛམ་གླིང་ལ་འཇིགས་སྐུལ་ཇི་ལྟར་བྱས་རུང་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་གནོན་ཤུགས་སྤྲད་ཚེ་གཞི་ནས་མཐའ་མཇུག་གི་ཞི་བདེ་མངོན་འགྱུར་ཐུབ་རྒྱུ་ཡིན་པའི་ཆོད་སེམས་ཤོར་མི་སྲིད། ཁོང་གིས་འདས་ཟིན་པའི་གཟའ་འཁོར་གཅིག་ནང་ ཡུག་རེན་གྱིས་ཨུ་རུ་སུའི་རེས་སྐོར་གསར་པའི་འཕུར་མདེལ་གྱི་འཇབ་རྒོལ་ལ་སྔར་བཞིན་རྒྱལ་ཁབ་མང་པོའི་རྒྱབ་སྐྱོར་ཐོབ་ཡོད། ཙེ་ལན་སི་ཅིས་ཡི་ ཏེན་མག་དང་། ནོར་ཝེ། སུའེ་ཏེན་བཅས་ཀྱིས་ཡུག་རེན་གྱི་འགོག་སྲུང་བཟོ་ལས་ལ་མ་དངུལ་གྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་རིའི་འགོག་སྲུང་འཆར་གཞི་གསར་པས་ ཧའེ་མ་སིའི་སྒྱོགས་མདེལ་དང་། འཕང་མདུང་འཕུར་མདེལ། མི་མེད་གནམ་གྲུ་སོགས་འགག་རྩའི་སྒྲིག་ཆས་མཁོ་འདོན་བྱས་པ་དང་ འཇར་མན་དང་ཁ་ན་ཏས་ཀྱང་གོ་མཚོན་གྱི་རོགས་སྐྱོར་གསར་པ་བྱས་ཡོད་པ་རེད།


ཡོ་རོབ་བདེ་འཇགས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་ མར་ཨ་ཐར་གྱིས་ ཨུ་རུ་སུར་དམག་འཁྲུག་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་དང་འབྲེལ་ ཡུག་རེན་གྱི་རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཏུ་ཁས་ལེན་བྱེད་པའི་མཐའ་མཚམས་ནས་ ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་རེ་འབོད་བྱས་པ་རེད། མར་ཨ་ཐའི་གྱི་ མགྲིན་ཚབ་པ་ལ་ ཨུ་རུ་སུས་ནས་མི་སེར་དང་། གྲོང་མིའི་སྡོད་ཁུལ། ཡུག་རེན་གྱི་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་བཅས་ལ་དབྱེ་བ་མེད་པར་ཚུར་རྒོལ་བྱས་པ་དེ་ རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་འགལ་ནས་ མི་ཆོས་ཀྱི་ཉམས་ཉེན་ཆེ་རུ་ཕྱིན་ཡོད་ཅེས་ནན་བཤད་བྱས་པ་རེད། ཁོས་ད་དུང་ཁྲིམས་འགལ་གྱིས་བཀག་ཉར་བྱས་པའི་མི་སེར་དཀྱུས་མ་དང་ ཁྲིམས་འགལ་གྱིས་མཐར་སྐྲོད་བཏང་བའི་བུའུ་ཁུ་ལན་གྱི་བྱིས་པ་ཡོད་ཚད་བཙོན་འགྲོལ་གཏོང་རྒྱུའི་རེ་བ་བཏོན། མར་ཨ་ཐ་ཡིས་ མུ་མཐུད་རྒྱལ་སྤྱིའི་རོགས་ཟླ་དང་མཉམ་ལས་བྱས་ཏེ་ཕྱི་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།



འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ

阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章