མཉེན་ཆས།
རྩོམ་ཡིག
གསར་འགྱུར།
འཆད་ཁྲིད།
གློག་བརྙན།
རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།
༢༠༢༤ལོའི་སྲིད་འཛིན་འདེམ་བསྐོ་ལས་ཕམ་རྗེས་ཀྱི་ཧ་ལི་སིའི་གཏམ་བཤད།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུའི་ཇུས་འདོན་ཚོགས་པའི་ཝའར་ཏའེ་རྒྱལ་སྤྱིའི་རྩོད་གླེང་སྤྲོ་སྐྱིད་ཁང་གི་ལོ་ཚོགས་སྐབས་21པའི་ནང་ཞུགས་སྐབས་ ཐེ་རོན་ཕུ་ཨ་རིའི་ཙུང་ཐུང་ལ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ།
ཕུའུ་ཅིང་གིས་གལ་སྲིད་ནུབ་ཕྱོགས་ཀྱི་འགོ་ཁྲིད་མི་སྣའི་རང་འགུལ་རང་བཞིན་མངོན་ཚེ་ ཁོང་གིས་ཁོང་ཚོ་དང་འབྲེལ་གཏུག་སླར་གསོ་བྱེད་འདོད་ཡོད་ཅེས་བཤད་པ་རེད། དེ་དང་ཆབས་ ཅིག་ཕུའུ་ཅིང་གིས་བདམས་ཐོན་འགྲན་བསྡུར་རིང་ཐེ་རོན་ཕུས་ཡུག་རེན་གྱི་གདོང་ཐུག་སྐོར་ལ་འཛིན་པའི་རྣམ་འགྱུར་ལ་དོ་སྣང་བྱེད་འོས་པ་ཞིག་ཡོད་ཅེས་བཤད།
ཚེས་8ཉིན་གྱི་ཐོ་རེངས་སུ་ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་པ་ ཕེ་སི་ཁོ་ཕུའུ་ཡིས་ ཕུའུ་ཅིང་གིས་ཐེ་རོན་ཕུར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དེ་གཞུང་ཕྱོགས་ཀྱི་རྟེན་འབྲེལ་ཞིག་ཏུ་བརྩི་ཆོག་ མིག་སྔར་ཕུའུ་ཅིང་དང་ཐེ་རོན་ཕུའི་དབར་གྱི་ཁ་པར་རྒྱག་རྒྱུའི་ཚོགས་འདུ་དེ་ དུས་ཚོད་ནམ་ཞིག་དང་གྲོས་རིམ་གང་ཞིག་སྤེལ་དགོས་པ་གསལ་པོ་ཤེས་ཀྱི་མེད་ཅེས་བཤད་པ་རེད།
ཨུ་རུ་སུའི་དང་གཡུ་རེན་ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ
2024ལོའི་ཟླ་11ཚེས་7ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་987ཟིན་ཡོད། ཝུའུ་ཁི་ལན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་79.34ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་1400ཤི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
དེ་ལས་གཞན། གཡུ་རེན་གྱི་དམག་མིའི་ནས་དགྲ་ཕྱོགས་ཀྱི་ཐན་ཁེ10དང་ ཁྲབ་ལྡན་འཁོར་ལོ20དང་། མེ་སྒྱོགས24 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་ མི་མེད་གནམ་གྲུ་42 སྐྱེལ་འདྲེན་རླངས་འཁོར78དང་ དམིགས་བསལ་སྒྲིག་ཆས8 བཅས་གཏོར་ཡོད་པ་རེད།
ཟླ་༡༡་པའི་ཚེས་༦ཉིན་ ཨུ་རུ་སུའི་འཕྲུལ་ཆས་ཅན་གྱི་དམག་དཔུང་གིས་ ཞི་ཝེར་སི་ཁེའི་ཕྱོགས་སུ་ ཕར་རྒོལ་དྲག་པོ་ཞིག་བྱས་པ་རེད་ དེ་སྔོན་གཡུ་རེན་གྱི་དམག་མི་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་ཨུ་རུ་སུའི་དམག་དཔུང་ཕྱིར་ཟློག་ཐེངས་མང་བྱས་ཡོད་མོད། འོན་ཀྱང་ ད་ལྟ་ཨུ་རུ་སུའི་དམག་དཔུང་གིས་ཡང་བསྐྱར་དབྱི་ཝན་ནོ་ཏ་ལི་ཧྥུ་ཁ་ལ་བཙན་འཛུལ་བྱས་པ་རེད། གཞན་ཡང་ཁུའུ་ལ་ཧུའོ་ཧྥུ་ས་ཁུལ་གྱི་གནས་བབ་ཀྱང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། བརྙན་ལམ་མང་པོའི་ཐོག་ནས་གཡུ་རེན་གྱི་མི་མེད་གནམ་གྲུ་ནས་དགྲ་དམག་འཕྲུལ་ཆས་ཅན་དུ་འགྱུར་བའི་ དམག་དཔུང་ལ་གྱོང་གུན་བཟོས་པ་མངོན་ཡོད་མོད། འོན་ཀྱང་ དམག་ཤུགས་ཐད་ཧེ་བག་ཆེན་པོ་ཡོད་པའི་དབང་གིས་གཡུ་རེན་པའི་གཞོགས་ངོས་སུ་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དང་། འགོག་སྲུང་འཛིང་རགས་གཏོར་མ་ཐག་མཐའ་ནས་བསྐོར་བའི་ཉེན་ཁ་ཡོད་པ་རེད་ གནས་ཚུལ་ལྟར་ན་ བཙན་འཛུལ་བྱེད་མཁན་གྱི་རྒྱལ་དར་ཝོ་ཕུའུ་ཆིན་ཁ་ནས་བསྒྲེངས་བ་དེས་གཡུ་རེན་གྱི་མི་རྣམས་བློ་ཕམ་ཆེན་པོ་བྱུང་ཞེས་བཤད།
DeepStateཡིས་བཤད་པ་ལྟར་ན།་ཨུ་རུ་སུའི་དམག་དཔུང་གིས་ཟླ་༡༠ནང་ གཡུ་རེན་གྱི་མངའ་ཁོངས་ས་ཆ་སྤྱི་ལེ་གྲུ་བཞི་མ་490བཙན་བཟུང་བྱས་པ་རེད་ འདི་ནི་དམག་འཁྲུག་བརྒྱབ་པ་ནས་བཟུང་ས་ཞིང་གི་རྒྱ་ཁྱོན་ཆེས་ཆེ་བའི་ཐེངས་ཤིག་ཡིན་པ་རེད།
ཁུའུ་ཨར་སི་ཁིའི་ས་ཁོངས། ཁུའུ་ཨེར་སི་ཁེ་འཐབ་ཕྱོགས་ཧྲིལ་པོའི་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁ་གཏད་དུ་ལངས་པའི་རྣམ་པ་དང་། དབྱི་ཝན་ནོ་ཧྥུ་ཁ་དང་ ཕུའུ་ལེ་ཧོ་ཝོ་ས་ཁོངས་ཀྱི་ ཕྱོགས་གཉིས་པོས་རྒྱ་ཁྱོན་ཆུང་བའི་མེ་མདའ་རྒྱག་རེས་བྱས།
ཧར་ཁོ་ཧྥུའི་མཐའ་མཚམས་ས་ཁོངས་སུ། ཕྱོགས་གཉིས་པོས་ ཝོ་ཕུའུ་ཁྲང་སི་ཁེ་དང་ སི་ཐ་ལི་ཁྲ་ས་ཁོངས་སུ་ གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་6བྱས་པ་དང་ རྒྱལ་ཕམ་དབྱེ་བ་ཕྱེ་མེད་པ་རེད། ཐོ་ལེ་ཚི་ཁེ་དང་ ཆ་སོ་ཧྥུ་ཡར་གྱི་ཁ་ཕྱོགས་ ཨུ་ཟ་བྷེ་ཁི་སི་ཐན་གྱི་དམག་དཔུང་གིས་ ཆ་སོ་ཧྥུ་ཡར་དང་ ཁེ་ལེ་ཞེ་ཡེ་ཧྥུ་ཁ་ནས་ ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་2དེ་གཡུ་རེན་དགམ་ནས་ཕྱིར་ཟློག་བྱས། ཨུ་རུ་སུའི་དམག་དཔུང་གིས་ཐུའོ་ལེ་ཚི་ཁེ་གྲོང་ཁུལ་དུ་ ཅི་ཡེ་ཧྥུ་ཁ་དང་ཞེར་པི་ཉི་ཧྥུ་ཁ་གཉིས་ཀྱིས་ ཚུར་རྒོལ་ཐེངས་བཞིར་རྩ་འཛུགས་བྱས།
ཐུའོ་ལེ་ཚེ་ཁེ་གྲོང་ཁུལ་དུ། ཡུག་རེན་གྱི་དམག་དཔུང་གིས་ ཆ་སོ་ཧྥུ་ཡར་དང་ ཁེ་ལེ་ཞེ་ཡེ་ཧྥུ་ཁ་རུ་ ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་2ཕྱིར་བཟློགས་བྱས་པ་རེད། ཨུ་རུ་སུའི་དམག་གིས་ཐུའོ་ལེ་ཚི་ཁེ་གྲོང་ཁུལ་དང་། ཅི་ཡེ་ཧྥུ་ཁ་དང་ ཞེར་པི་ཉི་ཧྥུ་ཁ་ཡིས་ཚུར་རྒོལ་ཐེངས་4རྩ་འཛུགས་བྱས་པ།
ལི་མན་-ཁི་ལི་མི་ན་-ཧྲེར་སི་ཁིའི་ཁ་ཕྱོགས་སུ། གཡུ་རེན་དམག་གིས་ ཏེ་ལུའུ་རེ་ལིའུ་པི་ཧྥུ་ཁ་དང་། ཀེ་ལེ་ཁོ་ཧྥུ་ཁ། ཐུའོ་ཨེར་སི་ཅི། ཅེ་ཨེར་ཉི། ཏི་པུའུ་རོ་ཝ་བཅས་ཀྱི་ས་ཁུལ་སུ་་ ཨུ་རུ་སུའི་དམག་དཔུང་ནས་ཚུར་རྒོལ་ཐེངས་10བྱས་པ་དེ་ གཡུ་དམག་ནས་ཕྱིར་བཟློག་བྱས་ཅིང་། དེའི་ནང་ནས་ ཅེ་ཨེར་ཉིའི་ འཐབ་འཛིང་ནི་ཆེས་ཛ་དྲག་ཅན་ཞིག་དུ་གྱུར་ཡོད།
ཀྲ་པོ་ལོ་རེ་ནི་ ཏ་ནུའོ་ཝོ་ཞིར་ཁའི་ཕྱོགས་ལ། ཕྱོགས་གཉིས་པོའི་ ཏ་ཉི་ཕུའུ་ཁ་དང་། ཨན་ཏེ་ལེ་ཕུའུ་ཁ། མ་ལི་ཤེར་ཅེ་ཁུ། ཨའོ་ལི་ཀེ་ཕུའུ་བཅས་ས་ཁོངས་སུ་འཐབ་རེས་ཐེང6བྱས་ཡོད་པ་རེད།
ཧེར་ཝ་སུང་གཡོན་ངོགས་ས་ཁོངས་སུ། ཕྱོགས་གཉིས་པོས་ཏི་ནེ་པོ་གཙང་པོའི་འབབ་རྒྱུད་ཀྱི་ཟུར་གསུམ་གླིང་དུ་གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་3་བྱས་ཡོད།
ཟླ་11ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ནས་འགོ་བཙུགས་ཏེ་སྔ་དྲོའི་ཆུ་ཚོད་10པའི་བར་ཨུ་རུ་སུའི་དམག་དཔུང་གིས་ ཅི་ཕུའུ་གྲོང་ཁྱེར་ཁུལ་དུ་ གཞི་ཁྱོན་ཆེ་བའི་མི་མེད་གནམ་གྲུས་འཇབ་རྒོལ་ཐེངས་མང་བྱས་པ་དང་གྲོང་ཁུལ་གྱི་ས་ཆ་5ལ་མི་མེད་གནམ་གྲུའི་ཆག་རོ་ཕོག་ཡོད་ ཕེ་ཆུའར་སི་ཁེ་ཁུལ་དུ་ ཐོག་བརྩེགས33ཡོད་པའི་ཁང་པ་ཞིང་གི་སྟེང་དུ་མི་མེད་གནམ་གྲུས་མེ་བརྒྱབ་པ་དང་ སོ་ལོའོ་མི་ཡང་ཁུལ་གྱི་ སྡོད་ཁང་དང་ཉེ་འཁོར་གྱི་སྨན་བཅོས་ལས་ཁུངས་ལ་འབར་གས་ཐེབས་ཡོད་པ་རེད་ ཨའོ་པའོ་ལུང་ཆུས་ཀྱི་ཚོང་ལས་སྒྲིག་ཆས་ཤིག་མི་མེད་གནམ་གྲུའི་ཆག་གྲུམ་ཐེབས་པ་རེད། པོ་ཏུའོ་ལི་སི་ཅི་ས་ཁོངས་སུ་གྲོང་གསེབ་ཀྱི་སྤྲོ་ཁང་ཞིག་ལ་གཏོར་སྐྱོན་ཕོག་པ་དང་རླངས་འཁོར་ཡང་འཚིག་ཡོད་པ་རེད། ཁེ་ཝི་གྲོང་ཁྱེར་སྲིད་གཞུང་གིས་མི་སྣ་ཤི་རྨས་ཆེན་པོ་མེད།
་ ཝུའུ་ཁེ་ལན་མཁའ་ཟོན་སྟོབས་ཤུགས་ཀྱིས་དེ་རིང་ཁྱབ་བསྒྲགས་བྱས་པའི་དམག་འཐབ་ཚགས་པར་གཞིར་ན་། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་མི་མེད་གནམ་གྲུ་106འཕངས་པའི་ནང་གནམ་གྲུ་74གཏོར་བ་དང་གནམ་གྲུ་26གློག་རྡུལ་དམག་འཐབ་མ་ལག་གིས་བཙན་ཐབས་ངང་བབས་པ་རེད།
ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་27གྱི་གཞུང་ཚབ་ཆེ་མོ་བ་དང་ཡོ་རོབ་མནའ་འབྲེལ་གྱི་ཆབ་སྲིད་དང་བདེ་འཇགས་ཨུ་ལྷན་གྱི་ཁོངས་མི་ལས་གྲུབ་པའི་འཐུས་མི་ཚོགས་པས་ གཡུ་རེན་རྒྱལ་ས་ཅི་ཧྥུ་ལ་འཚམས་འདྲི་བྱས་པ་དང་འབྲེལ་ ཁོང་ཚོས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ནུས་ཤུགས་ཡོད་རྒུས་གཏོན་ནས་ ཡུག་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཅེས་བཤད་པ་རེད། ཡོ་རོབ་མནའ་འབྲེལ་གྱི་ཆབ་སྲིད་དང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞུང་ཚབ་ཆེ་མོ་བ་ ཕུའུ་ལང་ཁེས་ཡི་ ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་མ་ཟད། འཐུས་མི་ཚོགས་པའི་ཁོངས་མི་ད་དུང་ཡོ་རོབ་མནའ་འབྲེལ་གྱི་དམག་དོན་རོགས་སྐྱོར་འཐབ་ཇུས་ཀྱི་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་ཡོད་ཅེས་ནན་བཤད་གནང་བ་རེད། ཕུའུ་ལང་ཁེས་འཐུས་མི་ཚོགས་པས་ད་དུང་ཡོ་རོབ་མནའ་འབྲེལ་གྱི་གསོ་སྦྱོང་དང་ལེན་བྱེད་མཁན་ཡུག་རེན་གྱི་དམག་མིར་ཐུག་འཕྲད་བྱས་པ་དང་འབྲེལ་དགོས་ངེས་སྐབས་ཡུག་རེན་གྱི་དམག་དཔུང་ལ་མུ་མཐུད་གསོ་སྦྱོང་བྱ་རྒྱུ་དང་ ཡུག་རེན་གྱི་རྒྱལ་སྲུང་བཟོ་ལས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ནན་བཤད་ཀྱང་བྱས་པ་རེད།
ཨེ་སོ་ནི་ཡའི་ཙུང་ལི་སྨི་ཧའར་གྱིས་ བཅར་འདྲི་དང་ལེན་བྱེད་སྐབས་འབྱུང་འགྱུར་ཟླ་ཤས་ནང་ཡུག་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་དེས་ཡོ་རོབ་མནའ་འབྲེལ་གྱི་འབྱུང་འགྱུར་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། སྨི་ཧའར་གྱིས་ ཡོ་རོབ་མནའ་འབྲེལ་གྱི་རོགས་ཟླར་རྒྱལ་སྲུང་གི་གཏོང་སྒོ་མང་དུ་བཏང་ནས་ཡུག་རེན་ལ་རོགས་སྐྱོར་བྱེད་དགོས་པའི་རེ་འབོད་བྱས་ སྨི་ཧའར་གྱིས་ པུ་ཏ་ཕེ་སིར་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཚོགས་འདུར་ཞུགས་ནས་ ཨ་རིའི་འདེམས་བསྐོ་ཆེ་མོའི་གྲུབ་འབྲས་ཀྱིས་ཡུག་རེན་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གྲོས་བསྡུར་བྱེད་སྐབས། ཐེ་རོན་ཕུས་འདེམས་འགྲན་བྱེད་རིང་ ཡུག་རེན་དམག་འཁྲུག་མྱུར་དུ་མཇུག་འགྲིལ་རྒྱུའི་ཁས་ལེན་བྱས་ཡོད་མོད། འོན་ཀྱང་ཡུག་རེན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་རྣམ་འགྱུར་གསལ་པོ་ཤེས་ཀྱི་མེད་ཅེས་བཤད། ཨ་རིའི་ཙུང་ཐུང་གསར་པས་ཡུག་རེན་དང་ཨུ་རུ་སུར་འོས་མེད་འགྲིག་ཐབས་མི་བྱེད་ཐབས་མེད་བཟོས་ནས་ཞི་བདེ་དོན་གཉེར་བྱེད་དུ་འཇུག་སྲིད་པའི་སེམས་ཁྲལ་བྱེད་པ།
ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་2024ལོའི་ཟླ་11ཚེས་7ཉིན་ཧང་ག་རིའི་པུ་ཏ་ཕེ་སིར་ འཚམས་འདྲི་གནང་ནས་ ཡོ་རོབ་ཀྱི་ཆབ་སྲིད་གཅིག་མཐུན་འདུས་གྲུབ་ཀྱི་དབུ་ཚོགས་ལ་ཞུགས་པ་རེད། ད་ཐེངས་ཀྱི་དབུ་ཚོགས་ནི་སྟེགས་བུ་དེའི་ཚོགས་འདུ་ཐེངས་ལྔ་པ་ཡིན་པ་དང་ དེ་གོང་ཐེངས་བཞི་ཁག་སོ་སོར་ ཅེ་ཁེ་དང་། མོར་ཏུའོ་ཝ། སི་ཕེན། དབྱིན་ཇི་བཅས་སུ་འཚོགས་པ་རེད། ཙེ་ལན་སི་ཅི་ཡིས་གསུང་བཤད་གནང་སྐབས་ད་ཐེངས་ཀྱི་དབུ་ཚོགས་ཐོག་ཡོ་རོབ་ཀྱི་བདེ་འཇགས་འགྲན་སློང་དང་མཉམ་ལས་རོགས་ཟླའི་དབར་གྱི་གོ་སྐབས་གསར་པར་གྲོས་བསྡུར་བྱ་རྒྱུ་དང་འབྲེལ་ཡོ་རོབ་ཀྱི་འགོ་ཁྲིད་དང་གྲོས་མོལ་རབ་དང་རིམ་པ་བྱས་ནས་གྲོས་མཐུན་གལ་ཆེན་འཇོག་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་པ་རེད།
འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས། | ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས། |
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས། | པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར། |
སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས། | ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས། |
ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས། | པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར། |
མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།
多卫康电视台在线直播
01
དབུས་སྐད། 卫藏话
བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།
སང་རྒྱས་རྣམ་ཐར།
ནུབ་ཕྱོག་སྐྱོད་པའི།
ལྷ་བཀོས་རྡོ་རིང་།
ཆུ་ངོགས་གཏམ་རྒྱུད།
སྦྲུལ་དཀར་ལྷ་མའི།
བོད་ཀྱི་གསང་སྒྲུང་།
དམར་ཆུང་ཀྲང་ཀ།
ཆམ་ལ་ཕབ་པ།
ལིལུ་ལའོ་ཀེན
ཅིང་ཀུང་།
སེམས་ཀྱི་ཉི་ཟླ།
ཇ་རྟའི་གནའ་ལམ།
དར་མདོའི་མཛའ་གཞས།
ཏིའི་རན་ཅན།
དྲི་མེད་ཀུན་ལྡན།
དར་མདོའི་མཛའ་གཞས།
བོད་ལྗོངས་ཉེན་རྟོག
དྲི་མེད་ཀུན་ལྡན།
མི་དམང་ཉེན་རྟོག
སང་རྒྱས་རྣམ་ཐར།།
འཇང་ཕོ་བྲང་གོ་དོན་རྐྱེན།
བོད་སྐད་གློག་བརྙན1
བོད་སྐད་གློག་བརྙན2
举起手来
ཡི་ཤེས་སྒྲོན་མ།
བོད་སྐད་གློག་བརྙན
བོད་སྐད་གློག་བརྙན
ས་ཕུག་དམག་འཐབ
སད་ལས་དཀར་པོ།
གངས་ལྷ་མེ་ཏོག
ཕོད་སྒོད་ཀོན་ཡུན།
| 藏族歌曲 | 藏族文化 | 藏传佛教 | 品牌推广 |
投稿邮箱:2579943337@qq.com
zx13618951033
阿拉耶工作室
长按二维码 关注我们