ཚེས་5ཉིན་གྱི་ཨུ་ཡུག་དམག་འཕྲུག་དང་ ཨ་རི་འདེམས་བསྐོའི་སྐོར།

文摘   2024-11-05 11:20   西藏  

མཉེན་ཆས།

རྩོམ་ཡིག

གསར་འགྱུར།

འཆད་ཁྲིད།

གློག་བརྙན།

རྒྱ་ཆེའི་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་རིགས་གཅིག་སྤུན་རྣམས་པ་ལགས་ ངེད་ཨ་ལ་ཡེ་འཕྲིན་སྟེགས་འདིའི་ནང་དུ་བཀའ་ཆོས་དང་སློབ་གསོ་ལོ་རྒྱུས་གླུ་གཞས་གསར་རྙིང་ཁ་པར་དང་མཉེན་ཆས་བརྙན་འཕྲིན་གསར་རྙིང་སོགས་ངོ་སྤྲོད་གང་མང་ཞིག་ཉིན་རེ་བཞིན་སྤེལ་གཞིན་ཡོད་པས་ཚང་མས་དོ་ཁུར་དང་བརྒྱུད་སྐུར་གང་མང་གནང་རོགས་མི།།

   

ཕྱོགས་གཉིས་པོའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་ཚགས་པར་གསར་ཤོས་དང་ གཡུལ་སའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། ཨུ་རུ་སུ་དང་ཡུག་རེན་གྱི་གཡུལ་སའི་འཐབ་ཁུལ་ཁག་ལ་ཆུ་ཚོད་24ཡི་དམག་འཐབ་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར་ཡིན་པ་སྟེ

2024ལོའི་ཟླ་11ཚེས་5ཉིན་ཨུ་རུ་སུའི་དང་ཡུག་རན་གཉིས་དམག་འཁྲུག་ལངས་ནས་ཉིན་984ཟིན་ཡོད། ཝུའུ་ཁི་ལན་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཁྱོན་བསྡོམས་དམག་མི་ཤི་ཚད་མི་ཁྲི་70ལས་བརྒལ་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་གི་ནང་ཨུ་རུ་སུའི་དམག་མི་1300་ཤི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།

 དེ་ལས་གཞན། ཝུའུ་ཁེ་ལན་གྱི་མིས་ད་དུང་དགྲ་ཕྱོགས་ཀྱི་ཐན་ཁེ11དང་ ཁྲབ་ལྡན་འཁོར་ལོ15དང་། མེ་སྒྱོགས35 མེ་ཤུགས་འཕུར་མདའ་འཕེན་གཏོང་རླངས་འཁོར་1  མི་མེད་གནམ་གྲུ་93 སྐྱེལ་འདྲེན་རླངས་འཁོར77དང་ དམིགས་བསལ་སྒྲིག་ཆས3བཅས་གཏོར་ཡོད་པ་རེད།


ཁུའུ་ཨར་སི་ཁིའི་ས་ཁོངས།  ཁུའུ་སི་ཁེའི་འཐབ་ཕྱོགས་ཧྲིལ་པོར་ཕྱོགས་གཉིས་པོ་གཞི་རྩའི་ཆ་ནས་ཁ་གཏད་དུ་ལངས་པ་ལས་གཞི་ཁྱོན་ཆེ་བའི་ཕར་རྒོལ་དང་འགོག་སྲུང་གི་དམག་འཐབ་མེད་པ་དང་།ཨུ་རུ་སུའི་དམག་དཔུང་གིས་མཁའ་སྐྱོད་འབར་མདེལ་དང་མེ་སྒྱོགས་སྤྱད་དེ་ཡུག་རེན་དམག་དཔུང་གི་གཡུལ་སར་རྡུང་རྡེག་བྱེད་པ།ཡུག་རེན་གྱི་དམག་དཔུང་གིས་མི་མེད་གནམ་གྲུ་སྤྱད་དེ་ཨུ་རུ་སུའི་དམག་དཔུང་རུབ་འཛོམས་བྱ་ཡུལ་ལ་འཇབ་རྒོལ་བྱེད་པ་བཅས་རེད།

ཧར་ཁོ་ཧྥུའི་མཐའ་མཚམས་ས་ཁོངས་སུ། ཕྱོགས་གཉིས་པོས་ ཝོ་ཕུའུ་ཁྲང་སི་ཁེ་ས་ཁོངས་སུ་ གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་4དང་རྒྱལ་ཕམ་དབྱེ་བ་མིད།


ཐུའོ་ལེ་ཚེ་ཁེ་གྲོང་ཁུལ་དུ།  ཕྱོགས་གཉིས་ཀྱི་ས་ཁོངས་འདི་གཉིས་ལ་གཞི་ཁྱོན་ཆེ་བའི་འཐབ་འཛིང་མེད་པ་དང་།་མང་ཆེ་བ་ནི་མི་མེད་གནམ་གྲུས་གཏོར་བའི་འཐབ་རྩལ་སྤྱད་པ་རེད།

ལི་མན་-ཁི་ལི་མི་ན་-ཧྲེར་སི་ཁིའི་ཁ་ཕྱོགས་སུ། ཀེ་ལེ་ཁོ་ཧྥུ་ཁ་དང་ ཐེར་ཉི་ ཏི་པི་ལོ་ཝ་བཅས་སུ ་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་9གཡུ་རན་དམག་ནས་ཕྱིར་ཟློག་བྱས།


ཀྲ་པོ་ལོ་རེ་ནི་ ཏ་ནུའོ་ཝོ་ཞིར་ཁའི་ཕྱོགས་ལ། ཕྱོགས་གཉིས་པོས་ཤིན་ཏ་ཉི་ཕུའུ་ཁ་ས་ཁོངས་སུ་ དམག་འཐབ་ཐེམ་གཅིག་བྱས་པས་རྒྱལ་ཕམ་དབྱེ་བ་མེད།


ཧེར་ཝ་སུང་གཡོན་ངོགས་ས་ཁོངས་སུ། ཕྱོགས་གཉིས་པོས་ཏི་ནེ་པོ་གཙང་པོའི་འབབ་རྒྱུད་ཀྱི་ཟུར་གསུམ་གླིང་དུ་ གཞི་ཁྱོན་ཆུང་བའི་དམག་འཐབ་ཐེངས་3བྱས་ཡོད།


འདས་ཟིན་པའི་ཆུ་ཚོད་24ཡི་ནང་མི་ཁྲི་ཡོད་པའི་ཨུ་རུ་སུའི་མོ་ཐུའོ་ཅན་གྱི་རྐང་དམག་ཧྲི་ཨང་20པ་ཝུའུ་ཧོ་ལའེ་ཏའར་གྱི་ཞིག་རོའི་ཁྲོད་ནས་བྱང་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད་པ་དང་ ཨུ་རུ་སུའི་དམག་དཔུང་གི་དམིགས་ཡུལ་ནི་ཡུག་རེན་གྱི་དམག་དཔུང་དབྱི་གླིང་ག་གྲོང་ཚོ་ནས་ཕྱིར་འབུད་བྱ་རྒྱུ་དེ་ཡིན་པ་དང་། གྲོང་ཚོ་དེ་ཏུན་ཉེ་ཚེ་ཁེའི་ནུབ་ཕྱོགས་ཀྱི་སྤྱི་ལེ་20ཡི་མཚམས་སུ་ཡོད་པ་དང་ ཏུན་ཉེ་ཚེ་ཁེ་ཀྲོའུ་ཡི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད། གལ་སྲིད་དབྱི་གླིང་ཁ་དང་དེའི་ཉེ་འཁོར་གྱི་གཞིས་ཆགས་ས་ཤོར་ཚེ་ ཨུ་རུ་སུའི་དམག་དཔུང་བྱང་ཕྱོགས་སུ་བསྐྱོད་དེ་ཁུ་ལ་ཧོ་ཕུའུ་ཡི་ཡུག་རེན་དུ་བཅའ་སྡོད་དམག་དཔུང་མཐའ་ནས་བསྐོར་ཆོག་པ་རེད་ དེ་ནི་ཡུག་རེན་ལྷོ་རྒྱུད་ཀྱི་ཏུན་ཉེ་ཚེ་ཁེ་ཀྲོའུ་སྲུང་སྐྱོབ་བྱེད་པའི་གཡུལ་ས་གཙོ་བོ་ཞིག་ཡིན་པ་རེད། ཡུག་རེན་གྱི་བར་སྣང་འཕྲལ་རྒོལ་ལུའི་79པར་དམག་མི་2000ལས་མེད་པ་དང་ ཨུ་རུ་སུའི་དམག་དཔུང་གི་དམག་ཤུགས་དེ་ཡུག་རེན་ལས་ཉུང་ཤོས་ལྡབ་5ལས་མང་བ་རེད།

བརྟག་དཔྱད་བྱས་པར་གཞིགས་ན།2024ལོའི་ཟླ་9པ་ནས་10པའི་བར་ཡུག་རེན་གྱི་མི་དམངས་བརྒྱ་ཆ་63%གྱིས་མུ་མཐུད་དམག་འཁྲུག་བཟོད་བསྲན་བྱེད་འདོད་ཡོད་ཅེས་བཤད་པ་རེད་ བསྡུར་གྲངས་དེ་སྔོན་མ་ལསཅུང་མར་་ཆག་ཡོད་པ་རེད། བཅར་འདྲི་དང་ལེན་བྱེད་མཁན་མི་དམངས་15%ཡིས་ཟླ་བ་ཁ་ཤས་ལ་བཟོད་ཐུབ་པའི་རྣམ་འགྱུར་བསྟན་ཡོད་  ཟླ་2པ་དང་བསྡུར་ན། ལོ་གཅིག་ལ་བཟོད་ཐུབ་པའི་བསྡུར་ཚད་དེ་3%ནས་6%ལ་འཕར་བ་མཚོན་ཡོད།  དམག་འཁྲུག་ལས་བྱུང་བའི་ངལ་དུབ་དང་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་ཕྱིན་རུང་ཡུག་རེན་བ་མང་ཆེ་བས་མུ་མཐུད་དམག་རྒྱག་རྒྱུའི་སེམས་ཐག་བཅད་པ་རེད། ལ་ཙུའུ་མུའུ་ཁོའོ་ཕུའུ་ལྟེ་གནས་ཀྱི་བརྟག་དཔྱད་ལས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན་མི་དམངས་བརྒྱ་ཆ་83%གྱིས་ཡུག་རེན་གྱིས་ཨུ་རུ་སུ་དང་དམག་འཁྲུག་རྒྱག་པའི་ཁྲོད་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་ཡོད་པ་དང་དེའི་ནང་ནས་39%ཡིས་རྒྱལ་ཁ་ལོ་1ནས་2བར་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།



ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་གཡུ་རེན་དང་གྲོས་མོལ་བྱེད་མི་སྲིད། ཐོན་ལ་ཉེ་བའི་ཨ་རིའི་འདེམས་བསྐོ་ཆེན་མོའི་མཇུག་འབྲས་ཀྱིས་ཀྱང་ཨུ་དཡུ་གིས་རྣམ་པ་འདི་བསྒྱུར་དཀའ།  གལ་ཏེ་ དམངས་གཙོ་ཏང་གི་བདམ་བྱའི་འོས་མི་ཧ་ལེ་སི་བདམས་ཐོན་བྱུང་ན། སྔོན་དཔག་བྱས་ན་ད་ལྟའི་ཙུང་ཐུང་པའེ་ཏིན་གྱི་གཡུ་རེན་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་ནམ་བཞིན་བྱེད་རྒྱུ་རེད། ཐུའུ་ལང་ཕའི་ཡིས་བཞད་པ་ ཅི་ཧྥུ་ལ་དམག་དོན་རྒྱབ་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་པ་མ་ཟད་མྱུར་དུ་དམག་འཁྲུག་ཐག་གཅོད་བྱེད་ཐུབ་ཟེར། ཐུའུ་ལོང་ཕའོ་ཡི་ཙུང་ཐུང་གཞོན་པའི་བདམ་བྱའི་འོས་མི་ ཝན་སི་ཡིས་བཏོན་པའི་ཞི་བདེའི་འཆར་གཞི་དང་ ཕུའུ་ཅིན་གྱི་འཆར་གཞི་འདྲ་པོ་རེད། ཨ་རིའི་ཆབ་སྲིད་བཞི་མདོ་ན་ཡོད་ནའང་།་མའོ་སི་ཁུ་ཡིས་གྲོས་མོལ་ལ་གྲ་སྒྲིག་བྱེད་པའི་རྣམ་པ་མངོན་མེད།


ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཨུ་རུ་སུའི་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་ལྷོ་རྒྱུད་དམག་ཁུལ་གྱི་སི་ལིང་གཞོན་པའི་འགན་འཁུར་མཁན་ ཧྲའོ་ཅང་སྨིའར་ཀྲ·སྨིའར་ཀྲ་ཡེ་ཕུའུ་ འཛིན་བཟུང་བྱས་པ་རེད། བརྟག་དཔྱད་མི་སྣས་བཤད་པ་ལྟར་ན། ཁོས་སྔོན་བཟོས་འཛུགས་སྐྲུན་དཔེ་དུམ་མཁོ་འདོན་ཚོང་པ་ཞིག་གི་ལག་ནས་སྒོར་དུང་ཕྱུར་1.4ཡི་ལྐོག་རྔན་བླངས་ནས་ ལུའུ་པུའུ་དུང་ཕྱུར་5ཅན་གྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་གན་རྒྱ་ཞིག་ལེན་རྒྱུ་ཡིན་ཟེར། མིག་སྔར་མིའར་ཀྲ་ཡེ་ཕུའུ་འདྲི་གཅོད་གོང་གི་བཀག་ཉར་ལྟེ་གནས་སུ་ཟླ་བ་གཉིས་བཙོན་འཇུག་བྱ་རྒྱུར་བསྐྱལ་ནས་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད། 

འཇར་མན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ པེ་འར་པོ་ཁེ་ གཟའ་ཟླ་གིས་སྔ་དྲོ་ཡུག་རེན་གྱི་རྒྱལ་ས་ཅི་ཕུའུ་་འབྱོར་ནས་ ཡུག་རེན་གྱིས་དམག་འཁྲུག་གི་དགུན་དུས་ཐེངས་གསུམ་པར་བྲེལ་འཚུབ་ངང་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། པེའར་པོ་ཁེས་་དམག་འཁྲུག་གིས་གཡུ་རན་གྱི་་མིའི་འཚོ་བ་རྩ་གཏོར་བཏང་ཡང་ཁོང་ཚོས་རང་དབང་དང་འཚོ་བར་བཅངས་པའི་བློ་སྟོབས་དང་རེ་བ་སྔར་བཞིན་བརྟན་པོ་ཡོད་ཅེས་བཤད་པ་རེད། ཁོང་གིས་ཁྲའོ་ཞན་ནས་ཨུ་རུ་སུའི་ལ་རོགས་སྐྱོར་བྱས་པ་དང་ཨུ་རུ་སུས་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་ལ་མཁའ་རྒོལ་བྱས་པ་དེས་ཡུག་རེན་གྱི་དཀའ་ངལ་ཆེ་རུ་ཕྱིན་ཡོད། སྲིད་གཞུང་གིས་གནས་སྐབས་མ་དངུལ་གྱི་རོགས་སྐྱོར་འདུན་ཞུ་གསར་པར་ཆོག་མཆན་སྤྲད་མེད་མོད། འོན་ཀྱང་འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་གིས་སྲིད་གཞུང་གིས་མུ་མཐུད་ཐོན་ཁུངས་བཙལ་ནས་ཡུག་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 


ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ པོ་ལེ་ལིས་ཧན་གོར་འཚམས་འདྲི་བྱེད་རིང་ ཡུག་རེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད། པོ་ལེ་ལིས་ རི་པིན་ལ་འཚམས་འདྲི་བྱས་རྗེས་ཧན་གོར་འབྱོར་བ་དང་འབྲེལ་དམག་དོན་མིན་པའི་ཁུལ་དུ་བསྐྱོད་ཏེ་ ཧན་གོའི་རྒྱལ་སྲུང་པུའུ་ཀྲང་དང་གྲོས་མོལ་བྱས་ནས་ཐུན་མོང་གི་བདེ་འཇགས་འགྲན་སློང་ལ་གྲོས་བསྡུར་བྱས་པ་རེད།  ཁོང་གིས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་དེས་ འཚོ་གནས་ལ་ཉེན་ཁ་བཟོས་ཡོད། ཧན་གོས་དོན་དེར་གོ་བ་གཏིང་ཟབ་ལེན་ཐུབ་པའི་ངོས་འཛིན་བྱེད་པ་དང་འབྲེལ་ ཧན་གོ་ཕྱོགས་ཀྱིས་ཡུག་རེན་གྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་ཀྱང་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།


ཨ་རིའི་འདེམས་བསྐོའི་སྐོར།

ཨ་རིའི་འདེམས་བསྐོ་ཆེན་པོའི་དུས་ཚོད་ཟླ་11ཚེས་5ཉིན་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་0ནས་འགོ་ཚུགས་པ་དང་པེ་ཅིང་གི་དུས་ཚོད་13 འདེམས་བསྐོ་ཆེན་པོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ནི་ཟླ་11པའི་ཚེས་5ཉིན་ཡིན་ལ། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་23རྗེས་སུ། པེ་ཅིན་གྱི་དུས་ཚོད་ནི་ཟླ་11པའི་ཚེས་6ཉིན་གྱི་དུས་ཚོད་12རྗེས་ཡིན། པེ་ཅིང་གི་དུས་ཚོད་ཟླ་11ཚེས་6ཉིན་གྱི་ཆུ་ཚོད་8དང་སྐར་མ་00ནས་11:00བར་(་ཨ་མེ་རི་ཁའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་11ཚེས་5ཉིན་གྱི་ཆུ་ཚོད་19དང་སྐར་མ་00ནས་22:00བར་)་ཁུལ་ཁག་གི་འདེམས་ཤོག་འཕེན་སའི་ས་ཚིགས་རིམ་བཞིན་སྒོ་རྒྱག་འགོ་ཚུགས་པ་དང་འདེམས་ཤོག་བསྡོམས་རྩིས་ཀྱི་གོ་རིམ་དེ་འགོ་ཚུགས་པ་རེད། འདེམས་བསྐོ་ཆེན་པོའི་འདེམས་ཤོག་འཕེན་པའི་དུས་རིམ་མཇུག་རྫོགས་པ་དང་བསྟུན་ནས།་ཨ་རིའི་འདེམས་བསྐོ་ཆེན་པོ་འགྲན་རྩོད་གཞན་ཞིག་ལ་ཞུགས་པ་རེད།་འདེམས་ཤོག་འཕངས་པའི་མཇུག་འབྲས། ཟླ་11ཚེས་6ཉིན་ནས་ཟླ་12ཚེས་11ཉིན་བར་ས་ཁུལ་ཁག་གིས་འདེམས་བསྐོ་བྱས་འབྲས་བདེན་དཔང་ར་སྤྲོད་བྱ་དགོས་དགོས་པ་རེད། 

ཟླ་12ཚེས་17ཉིན་ འདེམས་བསྐོའི་ཚོགས་པས་ཚོགས་འདུ་འཚོགས་ནས་དངོས་གཞིའི་འདེམས་ཤོག་འཕངས་དགོས་པ་རེད།

2025ལོའི་ཟླ་1ཚེས་6ཉིན་ ཨ་རིའི་རྒྱལ་ཚོགས་ཀྱིས་ཚོགས་འདུ་འཚོགས་ནས་འདེམས་བསྐོའི་འདེམས་ཤོག་གི་གྲངས་ཀ་བསྡོམས་རྩིས་དང་ཁས་ལེན་བྱེད་དགོས་པ་རེད།

2025ལོའི་ཟླ་1་པའི་ཚེས་20ཉིན་ ཨ་རིའི་ཙུང་ཐུང་བདམས་ཐོན་བྱུང་ནས་ལས་འགན་བཞེས་པའི་དམ་བཅའ་བཞག་དགོས་པ་རེད།

མིག་སྔར་ ཨ་རིའི་རྒྱལ་ནང་གི་སྒྲིག་གཞི་ཆེ་གྲས་ཁག་གི་དམངས་འདོད་བརྟག་དཔྱད་ལས་གསལ་བ་ལྟར་ན། ཏང་གཉིས་ཀྱི་ཙུང་ཐུང་འོས་མི་ ཐེ་རོན་ཕུ་དང་ ཧ་ལི་སི་ཡིས་རྒྱབ་སྐྱོར་བྱེད་ཚད་ཧ་ལམ་གཅིག་པ་ཡིན་པ་མངོན་གྱི་ཡོད་པ་རེད། གཙོ་བོ་གནད་འགག་གཡོ་འགུལ་ཁུལ་འགའི་ནང་ གདམ་བྱའི་འོས་མི་གཉིས་ལ་ཡང་རང་རང་ལ་དགེ་མཚན་རེ་ཡོད་པས། ཆེས་མཐའ་མཇུག་ཏུ་མ་སླེབས་ན་མ་གཏོངས་ སུས་ཀྱང་འདེམས་བསྐོ་འདི་སུ་ལ་ཐོབ་གཏན་འཁེལ་བྱེད་མི་ཐུབ།






འཕྲིན་སྟེགས་ནང་གི་སྒྲ་ཁ་པར་ནང་དུ་ཕབ་ལེན་བཟོ་སྟངས།
ཁ་པར་ནང་ནས་འཕྲུལ་དེབ་བཟོ་སྟངས།
འཕྲུལ་དེབ་གྱི་མདུན་ཤོག་པར་བཟོ་སྟངས།
པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


སྨོན་ལམ་ཚིག་མཛོད་ཕབ་ལེན་བཟོ་སྟངས

ཁ་པར་ནང་ལ་ཡིག་གཟུཊ་འདྲ་མིན་སྒྲིག་འཇུག་བཟོ་སྟངས།

ཡིག་གཟུཊ་དང་འཕྲུལ་དེབ་ཕབ་ལེན་བཟོ་སྟངས།

པར་དང་སྒྲ་ཡི་གེ་སྒྲིག་བྱེད་མཉེན་ཆས་འོསསྦྱོར།


མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཐད་གཏོང་།

多卫康电视台在线直播





01


དབུས་སྐད། 卫藏话


བོད་སྐད་ཀྱི་གློག་བརྙན་སྣ་ཚོགས་ལ་གཟིགས་འདོད་ན་འོག་ལ་གཟིགས་རོགས།


སང་རྒྱས་རྣམ་ཐར།



ནུབ་ཕྱོག་སྐྱོད་པའི།



ལྷ་བཀོས་རྡོ་རིང་།



ཆུ་ངོགས་གཏམ་རྒྱུད།



སྦྲུལ་དཀར་ལྷ་མའི།



བོད་ཀྱི་གསང་སྒྲུང་།



དམར་ཆུང་ཀྲང་ཀ།



ཆམ་ལ་ཕབ་པ།



ལིལུ་ལའོ་ཀེན



ཅིང་ཀུང་།



སེམས་ཀྱི་ཉི་ཟླ།



ཇ་རྟའི་གནའ་ལམ།



དར་མདོའི་མཛའ་གཞས།



ཏིའི་རན་ཅན།



དྲི་མེད་ཀུན་ལྡན།



དར་མདོའི་མཛའ་གཞས།



བོད་ལྗོངས་ཉེན་རྟོག



དྲི་མེད་ཀུན་ལྡན།



མི་དམང་ཉེན་རྟོག



སང་རྒྱས་རྣམ་ཐར།།



འཇང་ཕོ་བྲང་གོ་དོན་རྐྱེན།







བོད་སྐད་གློག་བརྙན1





བོད་སྐད་གློག་བརྙན2







举起手来





ཡི་ཤེས་སྒྲོན་མ།







བོད་སྐད་གློག་བརྙན





བོ་སྐད་གློག་བརྙན







ས་ཕུག་དམག་འཐབ





སད་ལས་དཀར་པོ།









གངས་ལྷ་མེ་ཏོག




ཕོད་སྒོད་ཀོན་ཡུན།







ཨ་ལ་ཡེ།
 

阿拉耶工作室

  

དུས་ཚོད་ཡོད་ན་གཟིཊ་ཙམ་གྱིས། །ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། །

གཞན་ཕན་བྱེད་པའི་ནུས་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་འཆང་། །

您看此文用  · 秒,转发只需1秒呦

  藏族歌曲 |  藏族文化  |  藏传佛教 |  品牌推广 |

投稿邮箱:2579943337@qq.com

zx13618951033

阿拉耶工作室


长按二维码 关注我们





གལ་སྲིད་སྐུ་ཉིད་ནས་ངེད་ཨ་ལ་ཡེ་གི་འཕྲིན་སྟེགས་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་དང་སྐུ་ཉིད་ཀྱི་ཁེ་དབང་ལ་གནོད་པའི་ནང་དོན་ཐོན་ཚེ་མྱུར་དུ་དོ་དམ་པ་ལ་འབྲེལ་བ་གནོངས་དང་། གུས་པས་མྱུར་དུ་བསུབ་ངེས། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་





阿拉耶工作室
གནའ་དེང་གི་ལོ་རྒྱུས་དང་གཞས་བརྙན་དེང་རབས་ཀྱི་རིགས་གནས་རྩིས་འཕྲུལ་ཁ་པར་མཉེན་ཆས་བེད་སྐྱོད་བྱེད་སྟངས་བཅས་སྤེལ་བཞིན་ཡོད།
 最新文章