ཉེ་དུས། ལྷ་ས་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་དྲ་མིང་ལ་ལྷ་སའི་ཇ་ཁང་གི་གཏམ་རྒྱུད་ཅེས་པ་ཞིག་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་འཇལ་ཚན་པ་ལྷ་ས་གྲོང་ཁྱེར་ཡིན་པའི་ལས་བཟོ་ཡིན་ཕྱིན། ཁྱེད་རང་གི་མིང་འོག་ཏུ་ཁང་པ་ཡོད་མེད་དང་། ལས་ཁུངས་ལ་ལས་ཤག་ཡོད་མེད་ལ་མ་བལྟོས་པར། དྲ་ཐོག་ནས་རེ་ཞུའི་ཡིག་ཆ་བསྐྱལ་ན། ཁང་གླ་གཡར་བའི་མིང་ཐོག་ནས་ཉིན་གཅིག་གི་ནང་སྒོར་བཞི་ཁྲི་ལྔ་སྟོང་འདོན་ཐུབ་ཅེས་པའི་ཆ་འཕྲིན་རྫུན་མ་ཞིག་བསྐུར་འདུག
དེར་བརྟེན། ལྷ་ས་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་གོང་གི་གནས་ཚུལ་ནི་རྫུན་མ་ཡིན་པའི་གསལ་བསྒྲགས་བྱས་འདུག
近日,拉萨市住房公积金管理中心发现ID名为“拉萨茶馆房产信息总部”的账号在某平台发布不实信息,内容为:只要缴存单位是拉萨市的职工,不管您名下有没有房子或者单位有没有周转房,都可以在线上提交申请资料,以租房名义在一天内提取到四万五千元,用于江湖救急!
在此,拉萨市住房资金管理中心郑重声明:以上内容为不实信息。
བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་གཞིར་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་ལས་སྒོ་སྒྲུབ་པའི་ཆ་རྐྱེན་ནི་ལས་བཟོ་རང་ཉིད་དང་བཟའ་ཟླར་ལས་ཀ་བྱ་ཡུལ་དུ་རང་གི་སྡོད་ཁང་མེད་པ་དང་། ལས་ཁུངས་ཀྱི་ལས་ཤག་མེད་པར། ཁང་པ་གླས་ནས་སྡོད་མཁན་གྱིས་རེ་ཞུ་ཕུལ་ཆོག ཁང་གླའི་དངུལ་གྲངས་ཀྱི་ཚད་གཞི་དེ་ལོ་གཅིག་ལ་མང་ཤོས་སུ་སྒོར་༤༤༤༠༠རེ་ཞུ་བྱེད་ཆོག་པ་དང་། ཁང་པ་མང་པོ་ཁང་གླ་བླངས་ཡོད་ན། ཁང་པ་གཅིག་གི་ཁང་གླའི་དངུལ་གྲངས་ལས་རེ་ཞུ་བྱེད་མི་ཆོག སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་རེ་ཞུ་འབུལ་བར་རང་ཉིད་དང་བཟའ་ཟླ་གཉིས་ཀ་ལས་ཀ་བྱ་ཡུལ་དུ་སྒེར་ཁང་མེད་པའི་དཔང་ཡིག་༼ འགུལ་མེད་རྒྱུ་ནོར་ཐོ་འགོད་ཚན་པས་སྤྲད་པ ༽ མཁོ་འདོན་བྱ་དགོས་པ་དང་། ལས་ཁུངས་ནས་ལས་ཤག་དང་། བོགས་གཏོང་གཞུང་ཁང་། ཁང་གླ་ཁེ་བའི་སྡོད་ཁང་བཅས་མེད་པའི་ཡིག་ཆ་མཁོ་འདོན་བྱ་དགོས།
གྲོང་མི་ཚོས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་ཞབས་ཞུའི་ཕྱོགས་སྟོན་གཞིར་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་ལས་སྒོ་གཉེར་དགོས་པ་ལས། དཀྲོག་གཏམ་ལ་ཡིད་ཆེས་བྱ་མི་རུང་ལ། བརྒྱུད་བསྒྲགས་སོགས་བྱ་མི་རུང་།
根据《西藏自治区住房公积金提取管理暂行办法》,租房提取业务办理条件为职工本人及配偶在工作地无自住房且未租住单位周转房,自己租房居住的可以申请租房提取。租房提取额度按年可提取最高额度为44400元,承租多套住房的,只能就一套租赁住房申请提取住房公积金支付房屋租赁费用。申请人需提供本人(或配偶)工作地无私房证明(不动产登记部门出具);工作单位出具无周转房、公租房、廉租房资料方可提取。
请广大市民依据《关于租房提取业务服务指南》办理住房公积金提取业务,不信谣、不传谣、不造谣,谨防上当受骗。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན།
主编 | 吾见才让
副主编 | 平多 桑布
编辑 | 晋美 格丹
来源 | 拉萨发布
译文 | 阳光西藏