ལྷོ་ཁ་རྒྱ་ཚྭ་རྫོང་གི་ཞིང་ཆེན་རིམ་པའི་ལམ་༥༠༨དང་རྒྱལ་ལམ་༥༦༠གི་ལམ་དུམ་ལ་རླངས་འཁོར་མྱུར་ཚད་ཚད་ལེན་དང་། སྒྲིག་འགལ་རླངས་འཁོར་པར་ལེན་སྒྲིག་ཆས་སོགས་གློག་མིག་སྤྱོད་འགོ་བཙུགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
关于启用加查县省道508线、国道560线区间、定点测速设备及城区实施监控设备、红绿灯电子警察、违停抓拍设备的公告
མང་ཚོགས་ཚོའི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་། རྒྱ་ཚྭ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རླངས་འཁོར་མྱུར་ཚད་འཇལ་ས་༦དང་། དམིགས་འཛུགས་མྱུར་ཚད་འཇལ་ས་༡། འགྲིམ་འགྲུལ་གློག་བརྡ་ནས་བརྒལ་མིན་བལྟ་ཆས་༨། སྒྲིག་འགལ་ཡིན་མིན་བལྟ་ཆས་གློག་མིག་༢༤། བདེ་སྲུང་ཐག་པ་མ་བཅིངས་པར་པར་རྒྱག་བའི་གློག་མིག་༤བཅས་སྤྱོད་འགོ་བཙུགས་ཡོད་པ་རེད། གཞུང་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་བྱེད་པའི་གོ་རིམ་གཏན་འབེབས་ཀྱི་དོན་ཚན་དྲུག་ཅུ་བའི་ནང་དོན་ལྟར། འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
为进一步地规范道路交通秩序,预防和减少道路交通事故,提升机动车驾驶人文明出行意识,保障广大人民群众生命财产安全,依据《中华人民共和国道路交通安全法》《中华人民共和国道路交通安全法实施条例》《道路交通违法行为处理程序规定》等法律法规,加查县公安局交警大队现启用6处区间测速,1处定点测速,8处交通红绿灯电子警察,24处违停抓拍设备,4处驾乘人员不系安全带抓拍设备。现根据《道路交通违法行为处理程序规定》第六十条之规定,将有关事宜公告如下:
༡ སྤྱོད་འགོ་བཙུགས་པའི་དུས་ཚོད།
༢༠༢༤ལོའི་ཟླ་༡༢ཚེས་༡༥ཉིན།
༢ གློག་མིག་ཁ་ཕྱེ་བའི་དུས་ཚོད།
ཆུ་ཚོད་༢༤རིང་།
༣ གློག་མིག་གིས་གཤམ་གསལ་སྒྲིག་འགལ་བྱ་སྤྱོད་དག་ལ་པར་ལེན་རྒྱུ།
༡ དམིགས་འཛུགས་མྱུར་ཚད་༧༠km/hལས་བརྒལ་ན་པར་ལེན་རྒྱུ།
༢ བདེ་སྲུང་ཐག་པ་མ་བཅིངས་མཁན་ལ་པར་ལེན་རྒྱུ།
༣ རླངས་འཁོར་འགྲིམ་འགྲུལ་བརྡ་རྟགས་ཀྱི་ཁ་ཕྱོགས་གཞིར་བཟུང་འཁོར་ལམ་ནང་མ་ཕྱིན་ན་པར་ལེན་རྒྱུ།
༤ རླངས་འཁོར་གང་བྱུང་དུ་བཞག་ན་པར་ལེན་རྒྱུ།
༥ རླངས་འཁོར་གཏོང་བའི་སྐབས་སུ་ལག་ཐོགས་ཁ་པར་རྒྱབ་མཁན་པར་ལེན་རྒྱུ།
༦ རླངས་འཁོར་ལྡོག་ཕྱོགས་སུ་བསྐྱོད་ན་པར་ལེན་རྒྱུ།
༧ རླངས་འཁོར་གློག་བརྡ་ལྟར་མ་བསྐྱོད་ན་པར་ལེན་རྒྱུ།
དེས་རྐྱེན་ཁ་ལོ་བ་དང་འགྲུལ་པ་ཚོས་རང་གཞན་གཉིས་ཀའི་བདེ་འཇགས་ཀྱི་ཆེད་དུ་འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་གནང་རོགས།
རྒྱ་ཚྭ་རྫོང་སྤྱི་བདེ་ཅུད།
༢༠༢༤ལོའི་ཟླ་༡༡ཚེས་༡༥
一、启用时间
2024年12月15日启用。
二、抓拍时间
全天候24小时自动抓拍。
三、电子抓拍设备功能
1.按照规定在区间及定点测速内大小车限速70km/h以上的超速违法行为;
2.驾乘人员不系安全带违法行为;
3.机动车通过交通信号灯控制路口时,不按所需方向驶入导向车道的;
4.机动车违法乱停;
5.驾车时拨打接听手持电话;
6.驾驶机动车逆向行驶的;
7.机动车不按交通信号指示灯通行的:
在此,请广大交通参与者相互转告,自觉遵守道路交通法律法规,安全文明出行,共创文明城市。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། ནོར་བུ།
主编 | 吾见才让
副主编 | 平多 桑布
编辑 | 旺姆 罗布
来源 | 山南交警
译文 | 阳光西藏