ལྷ་ཀླུ་འདམ་ར་སྒོ་ཕྱེ་བའི་དུས་ཚོད་འགྱུར་བ་བཏང་འདུག

时事   2024-11-16 12:14   海南  

གསར་འགོད་པས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དགུན་དུས་ལྷ་ཀླུ་འདམ་རར་ཞོགས་པ་ལམ་ངོས་སུ་འཁྱགས་པ་ཆགས་ནས་འདྲེད་སླ་བའི་ཉེན་ཁ་ཡོད་སྟབས། ལྷ་ཀླུ་འདམ་ར་དགུན་དུས་སྒོ་ཕྱེ་བའི་དུས་ཚོད་དེ་གཟའ་འཁོར་རེའི་གཟའ་མིག་དམར་ནས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་༡༠པ་ནས་ཕྱི་དྲོའི་ཆུ་ཚོད་༦པའི་བར་འགྱུར་བ་བཏང་ཡོད་པ་དང་། གཟའ་ཟླ་བའི་ཉིན་སྒོ་རྒྱག་རྒྱུ་ཡིན་པ་རེད།

近日,记者从拉鲁湿地国家级自然保护区管理局获悉,冬季的拉鲁湿地早晨路面结霜易滑,存在安全隐患。为此,拉鲁湿地冬季开放时间调整为每周二至周日上午10:00至下午18:00免费参观,周一为维护日进行关闭。

资料图。记者 贡曲罗杰 摄

འཛུལ་སྒོ།

参观入口


ཁྱོན་འཛུལ་སྒོ་བདུན་ཡོད་དེ།

ལྷོ་ངོས་ཀྱི་འཛུལ་སྒོ་ནི་བདེ་སྐྱིད་ལམ་དང་འདམ་ར་ནུབ་ལམ་གྱི་ལམ་མདོའི་གསེར་གཡག་སྣུམ་སྣོན་ས་ཚིགས་ཀྱི་ཁ་སྤྲོད་དུ་ཡིན་པ་དང་།

ཤར་གྱི་འཛུལ་སྒོ་ནི་ཆུ་མིག་ལམ་དབུས་ཀྱི་སྒྲོལ་མ་སྨན་ཁང་གི་སྲང་ལམ་ནང་ཡིན།

བྱང་གི་འཛུལ་སྒོ་ནི་ལྷ་སའི་བྱང་སྐོར་ལམ་གྱི་རྨ་བྱ་ཆུ་འཐུང་ལམ་བྲག་རི་ཁུག་རྡོ་ཧྲུག་བཙག་སའི་སར་ཡིན།

ལྷོ་ནུབ་རྒྱུད་ཀྱི་འཛུལ་སྒོ་ནི་འདམ་ར་ནུབ་ལམ་དང་ཀླུ་སྡིངས་བྱང་ལམ་གྱི་ལམ་མདོའི་སར་ཡིན།

དེ་མིན་ད་དུང་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ལྷོ་ངོས་དང་། བྱང་སྐོར་སྤྱི་གླིང་ནུབ་ངོས་ཀྱི་འཛུལ་སྒོ་གཉིས་པ། ཆུ་མིག་ལམ་སྤྱི་གླིང་ནུབ་ངོས་ཀྱི་འཛུལ་སྒོ་བཅས་ནས་འཛུལ་ཆོག

目前入口有七处☟

南入口位于德吉北路与当热西路交叉口处金牛加油站对面;

东入口位于曲米路中段卓玛医院巷内;

北大门入口位于拉萨市北外环麻迦曲童路巴尔库沉砂池处;

南西入口位于当热西路和鲁定北路交叉口处;

自治区党校南侧入口;

北环公园西侧第二入口;

曲米路公园西侧入口。



དྲན་སྐུལ་ཞུ་རྒྱུར།

温馨提醒

འདམ་རར་སྲུང་སྐྱོབ་བྱེད་པར་ཚང་མས་མམ་དུ་འབད་བརྩོན་བྱ་དགོས་པས། གྲོང་མི་དང་ཡུལ་སྐོར་བ་ཚོ་འདམ་རར་འཆམ་འཆམ་དུ་ཕེབས་སྐབས། ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། ཁོར་ཡུག་གཏོར་བཤིག་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ། གད་སྙིགས་གང་སར་གཡུགས་པ་སོགས་བྱེད་མི་རུང་ལ། གཅེས་ཉར་སྲོག་ཆགས་ཀྱང་ནང་དུ་འཁྲིད་མི་ཆོག དེ་མིན་རང་ཉིད་ཀྱི་ཕྲུ་གུར་ཡག་པོ་ལྟས་ནས་ཆུའི་ནང་མི་ལྷུང་བ་བྱ་དགོས། དགུན་དུས་རྩི་ཤིང་སྐམ་ཤས་ཆེ་བས་མི་སྐྱོན་ལ་དོགས་ཟོན་བྱ་དགོས་ལ། ཚང་མས་ནང་དུ་འཛུལ་སྐབས་བདེ་བཤེར་ལ་གཞོགས་འདེགས་བྱས་ཏེ། མེའི་རིགས་འདམ་རའི་ནང་མི་འཁྱེར་རོགས་ཞུ་རྒྱུ་ཡིན།

湿地的保护,需要大家的共同努力。希望广大市民和游客进入湿地后与候鸟保持安全距离,严格遵守指示牌指示,不要随意破坏环境、伤害野生动物,不要乱扔垃圾,也不要带宠物入内,照顾好小孩,谨防落水。由于现在冬季草木干枯容易引发火灾,也希望大家积极配合入口安检,不要携带火源入内。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། དབང་མོ།

主编 | 吾见才让

副主编 | 平多 桑布

编辑 | 格丹 旺姆

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章