ལྷ་སའི་ཀུན་བདེ་གླིང་མངགས་གཏོང་ཁང་ལ་ཟླ་༡༡ཚེས་༧ཉིན་གྱི་མཚན་མོའི་ཆུ་ཚོད་༡༠དང་སྐར་མ་༣༠ཙམ་ལ་ཁ་པར་ཚོང་ཁང་ཞིག་གི་སྦྱིན་བདག་ནས་སྐྱེས་པ་ཞིག་གིས་ཁ་པར་ཉོ་ཁུལ་བྱས་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གཉིས་བརྐུ་མ་ལག་ཞོར་བཏང་སོང་ཟེར་བའི་སྙན་ཞུ་ཞིག་འབྱོར་བ་རེད། དེ་རྗེས་ཉེན་རྟོག་པས་ཚོང་ཁང་དང་དེའི་ཉེ་འཁོར་དུ་བསྐྱོད་ནས་བརྟག་དཔྱད་དཔང་ལེན་བྱས་པ་རེད།
11月7日晚22时30分许,功德林派出所案件办理队接辖区一手机店业主报警称,一青年男子在其手机店内以购买手机为由,乘其不备,抢夺2部苹果手机后逃跑。
ཉེན་རྟོག་པས་ཉེ་འཁོར་གྱི་གློག་མིག་སོགས་ལ་བརྟག་དཔྱད་བྱས་པ་བརྒྱུད། རྐུན་མ་དེ་ད་དུང་ཡང་དེའི་ཉེ་འཁོར་དུ་ཡོད་པ་ལས་ཐག་རིང་དུ་བྲོས་མེད་པ་གཏན་འཁེལ་བྱས་ནས་གྲལ་བཤེར་དང་བཙལ་འཚོལ་གྱི་ལས་དོན་སྤེལ་བས་ཆུ་ཚོད་གཅིག་ཙམ་བཙལ་འཚོལ་བྱས་རྗེས་ཉིན་དེའི་དགོང་མོའི་ཆུ་ཚོད་༡༡དང་ཕྱེད་ཀ་ཙམ་ལ་རྐུན་མ་དེ་འཛིན་བཟུང་བྱས་པ་དང་འབྲེལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གཉིས་ཀྱང་མཉམ་དུ་ཁོའི་ལུས་ཐོག་ནས་རྙེད་པ་དང་། རྐུན་མ་དེས་ཁ་པར་བརྐུས་པའི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
期间,民警通过走访周边群众、调取视频监控,判定嫌疑人还在附近区域内未逃离。针对此情况,民警立即组织周边物业保安等群防群治力量开展排查搜寻工作,搜寻一小时左右后,于当晚23时30分左右在附近一隐蔽角落处,将嫌疑人成功抓获,并第一时间将被抢的2部苹果手机寻回。当晚,民警经过连夜讯问,该嫌疑人对自己抢夺2部苹果手机的犯罪事实供认不讳。
རྐུན་མ་དེས་བརྐུས་པའི་ཁ་པར་གཉིས་ཀྱི་རིན་གོང་སྒོར་ཁྲི་༡ལྷག་ཙམ་ཟིན་པ་དེ་ཉེས་དོན་གྱི་ཚད་གཞིར་སླེབས་ཡོད་པས་། མངགས་གཏོང་ཁང་གིས་རྐུན་མ་དེ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་རྩིས་སྤྲད་ཡོད་པ་དང་ད་ལྟ་གྱོད་གཞི་དེ་སྒྲུབ་བཞིན་ཡོད་པ་རེད།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། ནོར་བུ།
主编:吾见才让
副主编:平多 桑布
编辑:旺姆 罗布
来源 | 拉萨融媒
译文 | 阳光西藏