ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྟེ་གེ་སར་སྒྲུང་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
近日,那曲市组织召开了人类非遗格萨尔艺人交流座谈会。
རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གེ་སར་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ལྟེ་གནས། བོད་རང་སྐྱོང་ལྗོངས་དམངས་ཁྲོད་སྒྱུ་རྩལ་རྩོམ་རིག་མཐུན་ཚོགས། དེ་བཞིན་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་། ནག་ཆུ་གྲོང་ཁྱེར་སྲིད་གྲོས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་། ཆིག་སྒྲིལ་རྫོང་། བོད་ལྗོངས་མངའ་རིས་སྒར་རྫོང་བཅས་ཀྱི་གེ་སར་ཆེད་ལས་མཁས་པ་བཅུ་གཉིས་དང་། སློབ་གཉེར་པ། སྒྱུ་རྩལ་པ། ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི། རྫོང་དང་ཆུད་སོ་སོའི་རིག་གནས་ཡུལ་སྐོར་ཅུད་ཀྱི་འགན་ཁུར་བ་སོགས་མི་གྲངས་ལྔ་བཅུ་ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
སྒྱུ་རྩལ་པ་ཚོས་བཞུགས་མོལ་ཚོགས་འདུའི་ཐོག་ ༼ འཇང་གླིང་གཡུལ་འགྱེད ༽དང་། ༼ ཧོར་གླིང་གཡུལ་འགྱེད ༽ ༼ རྟ་རྒྱུག་རྒྱལ་འཇོག ༽སོགས་གླིང་སྒྲུང་གི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
全国《格萨(斯)尔》工作领导小组、中国社科院格研中心、中国社科院民族文学研究所、青海省格研中心、西藏自治区民间文艺家协会以及来自西藏自治区文旅厅、西藏大学、西藏社科院、昌都市高级中学、那曲市政协、青海省玉树州、青海省久治县、西藏阿里噶尔县的12名格萨尔专家、学者、艺人和那曲市格萨尔艺人协会会员、各县(区)文旅局负责人等共计50余人参加会议。
座谈会为与会嘉宾献上《姜岭之战》《霍尔岭大战》《赛马称王》等格萨尔说唱节目,充分展现了格萨尔文化的深厚底蕴和独特魅力。
གེ་སར་སྒྲུང་པས་སྒྲུང་ཤོད་བཞིན་པ།
格萨尔艺人说唱表演
བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་གེ་སར་རིགས་གཅིག་མཁས་དབང་རྣམ་པས་གེ་སར་རིག་གནས་ཀྱི་སྲུང་སྐྱོབ་གནས་སྟངས་དང་། རྒྱུན་འཛིན་གསར་གཏོད། གྲངས་གཞི་ཅན་གྱི་བརྒྱུད་སྤེལ་ཐབས་ཇུས་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་གཏིང་ཟབ་གནང་སྟེ་གེ་སར་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། རིག་གནས་ནང་དོན། རིན་ཐང་དང་དོན་སྙིང་བཅས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་སྒོ་ནས་གེ་སར་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱ་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་ཅིང་། གེ་སར་རིག་གནས་དང་དེང་རབས་རིག་གནས་ཐོན་ལས་ཟུང་འབྲེལ་བྱས་ཐོག་རིག་གནས་གསར་གཏོད་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བྱ་ཐབས་ཐད་གྲོས་བསྡུར་གནང་བ་རེད།
座谈会期间,与会格萨尔专家、学者就格萨尔文化的保护现状、传承创新、数字化传播策略等方面进行了深入交流,阐述了格萨尔文化的历史渊源、文化内涵和价值意义,提出了规范化制度化科学化建设格萨尔文化生态保护区的意见建议,探讨了如何将格萨尔文化与现代文化产业相结合实现文化创新发展的具体举措。
བཞུགས་མོལ་ཚོགས་འདུའི་རིང་། བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་ནག་ཆུ་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་སྒོ་བྱང་སྤྲད་གནང་བ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ནག་ཆུ་གྲོང་ཁྱེར་ལ་གེ་སར་གྱི་དེབ་༡༠༠ལྷག་ཙམ་གནང་བ་རེད། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱིས་རིགས་གཅིག་མཁས་དབང་ཚོར་ནག་ཆུ་གྲོང་ཁྱེར་གེ་སར་རིག་གནས་ཀྱི་བློ་འདོན་པར་ཆེད་མངགས་གདན་ཞུས་གནང་སྟེ་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།
下一步,那曲市文旅局将以此次交流座谈会为契机,持续加大对格萨尔文化的保护传承开发力度,深入开展格萨尔文化挖掘整理、宣传教育、培训培养和创新转化工作,为格萨尔文化传承发展注入新的活力,让传统文化在保护中实现高水平传承,在传承中实现高质量发展,推进国家级格萨尔文化生态保护区建设,为奋力建设西藏最高海拔长治久安和高质量发展示范市作出文旅贡献。
ཚོགས་ཞུགས་ཆེད་ལས་མཁས་པ་དང་སྒྲུང་པ། རིག་གནས་ཡུལ་སྐོར་ཅུད་ཀྱི་འགོ་ཁྲིད་བཅས་ནག་ཆུའི་གེ་སར་རྟ་རྒྱུག་ཐང་དུ་མཉམ་པར་བླངས་པ།
与会专家、学者、格萨尔艺人与市文旅局相关领导在格萨尔赛马场合影
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། དབང་མོ།
主编:吾见才让
副主编:平多 桑布
编辑:晋美 旺姆
来源:那曲市文化和旅游局
译文:阳光西藏