ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་༼ སྨན་པའི་ཐོབ་ཐང་ལག་ཁྱེར ༽དང་༼ སྨན་པའི་ལས་གཉེར་ལག་ཁྱེར ༽མ་ཐོབ་པར་རང་དགར་རྣམ་པ་མཛེས་བཟོ་དང་སྨན་བཅོས་བྱས་པའི་གྱོད་གཞི་ཞིག་དམར་བཏོན་བྱས་པ་རེད།
གྱོད་དོན་གནས་ཚུལ་ངོ་སྤྲོད། 【案情介绍】
༢༠༢༤ལོའི་སྤྱི་ཟླ་༡༠པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་ལྟ་སྐུལ་པར་བོད་རང་སྐྱོང་ལྗོངས་ཀྱི་༡༢༣༢༠འཕྲོད་བསྟེན་ཐད་སྦྲེལ་ཁ་པར་བརྒྱུད་དེ་ཝུའུ་ཆེ་གེ་མོས་གྲོང་མིའི་ཐོག་ཁང་ཞིག་ཏུ་ཁྲིམས་འགལ་ངང་སྨན་བཅོས་དང་རྣམ་པ་མཛེས་བཟོ་བྱེད་པའི་དོགས་པ་འདུག་ཅེས་པའི་ཁ་པར་འབྱོར་བ་རེད། ཁྲིམས་འཛིན་མི་སྣས་བརྟག་དཔྱད་མུ་མཐུད་བྱས་པ་བརྒྱུད། ཝུའུ་ཆེ་གེ་མོས་༼ སྨན་པའི་ཐོབ་ཐང་ལག་ཁྱེར ༽དང་༼ སྨན་པའི་ལས་གཉེར་ལག་ཁྱེར ༽མ་ཐོབ་པར་སྡེ་ཁུལ་གྱི་གྲོང་མིའི་ཐོག་ཁང་དུ་སྨན་བཅོས་དང་མཛེས་བཟོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
2024年10月,拉萨市城关区卫生健康委员会卫生监督员接到西藏自治区12320卫生热线工单,称吴某某涉嫌在辖区某居民楼内非法开展医疗美容。经执法人员进一步调查发现,吴某某未取得《医师资格证书》《医师执业证书》在小区居民楼内擅自开展医疗美容(注射玻尿酸、除皱针)诊疗活动。
གྱོད་གཞི་ཐག་གཅོད་བྱས་འབྲས།【案件处理】
ཝུའུ་ཆེ་གེ་མོའི་གོང་གསལ་བྱ་སྤྱོད་དེ་༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་པའི་བཅའ་ཁྲིམས ༽ཀྱི་དོན་ཚན་བཅུ་གསུམ་པའི་ནང་གསེས་དོན་ཚན་བཞི་པའི་གཏན་འབེབས་ལས་འགལ་བས། ༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་པའི་བཅའ་ཁྲིམས ༽ཀྱི་དོན་ཚན་ང་དགུ་པའི་གཏན་འབེབས་གཞིར་བཟུང་སྟེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱས་པ་གཤམ་གསལ།
༡. ཁྲིམས་དང་མི་མཐུན་པའི་ལས་ཀ་འདི་རིགས་འཕྲལ་མར་མཚམས་འཇོག་བྱ་རྒྱུའི་བཀའ་བཏང་བ་དང་།
༢. ཚུལ་མིན་ཁྲིམས་འགལ་ངང་བྱུང་བའི་སྒོར་༣༠༠༠གཞུང་བཞེས་གཏོང་རྒྱུ།
༣. སྲིད་འཛིན་གྱི་ཆད་པ་མི་དམངས་ཤོག་སྒོར་༢༠༠༠༠ བཅད་ཡོད་པ་རེད།
吴某某的上述行为违反了《中华人民共和国医师法》第十三条第四款的规定,依据《中华人民共和国医师法》第五十九条的规定,拉萨市城关区卫生健康委对其作出如下处理:
1.责令停止非法执业活动;
2.没收违法所得3000元;
3.行政处罚人民币20000元。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། དབང་མོ།
主编:吾见才让
副主编:平多 桑布
编辑:晋美 旺姆
来源:西藏日报 城关健康人生
译文:阳光西藏