ཁྱོན་མ་དངུལ་སྒོར་དུང་ཕྱུར་༡.༣བཏང་བའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟོག་འདྲེན་བསྡུ་འགྲེམ་ལྟེ་གནས་ལ་ཞིབ་བཤེར་རྩིས་ལེན་ཐོག་མ་དེ་བྱས་ནས་ཟླ་༡༢པའི་ནང་དངོས་སུ་སྤྱོད་འགོ་བཙུགས་རྒྱུ་ཡིན་པས་སླད་མར་དེ་གར་དངོས་ཟོག་གསོག་ཉར་བྱེད་ཚད་ཀྲོན་ཁྲི་༢༠ཟིན་རྒྱུ་ཡིན་པ་རེད།
最新消息
总投资1.3亿元的
堆龙德庆区物流集散中心项目
已完成初步验收
预计12月初投入使用
项目投运后
预计年存储量可达20万吨
གསར་འགོད་པ་ཡུལ་དངོས་སུ་སླེབས་དུས་ལས་མི་ཚོས་དེ་གར་ཚ་ཚ་འུར་འུར་ངང་མཇུག་བསྡུའི་ལས་དོན་སྤེལ་བཞིན་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་ཟོག་འདྲེན་བསྡུ་འགྲེམ་ལྟེ་གནས་དེ་སྟོད་ལུང་བདེ་ཆེན་ཆུས་སྣེའུ་ཤར་ལམ་གྱི་ནུབ་ངོས་དང་སྟག་བྲག་དགོན་གྱི་ནུབ་ངོས་སུ་ཡོད། རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་༧༣༡༦༦.༥༡ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་༡.༣བཏང་ཡོད་པས་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དང་དོས་འཇུག་བྱེད་པ་སོགས་ཀྱི་དགོས་མཁོ་ཅི་རིགས་སྐོང་ཐུབ།
近日,记者来到堆龙德庆区物流集散中心项目现场,这里一片热火朝天的景象,工人们正井然有序地推进项目最后的收尾工作。
堆龙德庆区物流集散中心项目位于堆龙德庆区柳东路以西、达扎寺西侧;项目总用地面积约73166.51㎡,总投资为1.3亿元,是一座集有色金属仓储、采销、建材储存以及物流运输需求的仓储物流园区。
རྣམ་གྲངས་དེའི་འགན་འཁུར་བ་ཧུའུ་ཅན་གྱིས་ཟོག་འདྲེན་བསྡུ་འགྲེམ་ལྟེ་གནས་དེ་ད་ལོའི་ཟླ་༤པར་ལས་འགོ་བཙུགས་པ་དང་། ད་ལྟ་ལས་གྲྭར་སྤྱིར་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་རེད། འཆར་གཞི་བྱས་ན་ཟླ་བཅུ་གཉིས་པའི་ཟླ་སྟོད་དུ་སྤྱོད་འགོ་འཛུགས་རྒྱུ་རེད། རྣམ་གྲངས་དེ་ཁྱོན་ཡོངས་ནས་གཉེར་སྐྱོང་བྱས་རྗེས་ལོ་གཅིག་ལ་དངོས་ཟོག་གསོག་ཉར་བྱེད་ཚད་ཀྲོན་ཁྲི་༢༩ཟིན་རྒྱུ་དང་། ལོ་གཅིག་ལ་དངོས་ཟོག་འདོན་འཇུག་བྱེད་ཚད་ཀྲོན་ཁྲི་༢༠༠ནས་༣༠༠ཡན་ཟིན་རྒྱུ། ཐོན་སྐྱེད་རིན་ཐང་ལོ་རེར་སྒོར་དུང་ཕྱུར་༢ནས་དུང་ཕྱུར་༨བར་ཟིན་རྒྱུ་ཡིན་ལ། ས་གནས་དེ་གའི་ནོར་སྲིད་ལ་ལོ་རེར་སྒོར་ཁྲི་༣༠༠༠ཙམ་གྱི་ཡོང་འབབ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད་ཡོད་པ་རེད།
项目负责人胡建介绍该项目于今年4月份开工建设,现工程已完成初步验收,待竣工验收后,预计12月初投入使用。项目建成投入全面运营后,预计年存储量可达20万吨,年进出货物吞吐量约200万—300万吨以上,产值将达到约2亿—8亿元/年,预计可为当地财政提供3000万元/年左右收入。
ཟོག་འདྲེན་བསྡུ་འགྲེམ་ལྟེ་གནས་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་འགུགས་མ་འདྲེན་དང་ཟོག་འགྲེམས་ལས་རིགས་ལ་ཕན་ཐོགས་ཆེན་པོ་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་དེ་གར་དངོས་ཟོག་ཉོ་ཚོང་དང་བསྡུ་འགྲེམས་བཅས་ལྟེ་བར་བྱས་ནས་ཐོན་ཁུངས་འཁོར་རྒྱུག་གི་ལྟེ་གནས་གལ་ཆེན་ཤིག་ཏུ་འགྱུར་རྒྱུ་རེད།
据了解,该项目建设采取绿色公益,环保设施考虑周全,不存在安全隐患和环境污染风险。
此次项目的建设不仅是堆龙德庆区招商引资招大引强的又一大丰硕成果,更是为物流行业注入了强大动力,项目建成后,这里将以矿产现货仓储、交易、物流集散为中心,成为资源流通的关键枢纽。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 旺姆 罗布
来源 | 堆龙融媒
实习编辑:米玛罗宗 崇那 巴桑吉巴 措姆
译文 | 阳光西藏