སྒོ་རྩིས་ཚོང་ཁང་འདིར་ཉེས་ཆད་བཏང་འདུག

时事   2024-11-17 10:47   西藏  


      མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཆེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པས་དམངས་འཚོའི་ཁྱབ་ཁོངས་སུ་བློ་ཐག་ཆོད་པོའི་བྱ་སྤྱོད་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཚོང་ཟོག་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ལས་རིགས་བཅས་ལ་དམིགས་ཏེ་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་དཔེ་མཚོན་གྱོད་དཔེ་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ནས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་པས་གྱོད་དཔེ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ། 

      འཕྱོངས་རྒྱས་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་འཕྱོངས་རྒྱས་པའེ་ཧྲུན་སྔོ་ཚལ་དང་ཞོར་ཟས་ཕྱོགས་བསྡུས་སྡེབ་ཚོང་སྒོ་རྩིས་ཚོང་ཁང་གི་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་བཟའ་བཅའ་དང་མཛེས་འཆོས་བྱུག་རྫས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་པ། 

     ༢༠༢༤ལོའི་སྤྱི་ཟླ་༡༠ཚེས་༡༠ཉིན་ཁྲིམས་འཛིན་མི་སྣས་འཕྱོངས་རྒྱས་པའེ་ཧྲུན་སྔོ་ཚལ་དང་ཞོར་ཟས་ཕྱོགས་བསྡུས་སྡེབ་ཚོང་སྒོ་རྩིས་ཚོང་ཁང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། སྒོ་རྩིས་ཚོང་ཁང་དེས་དུས་ཚོད་ཡོལ་བའི་བཟའ་བཅའ་དང་སྤྱོད་ཡུན་ལས་བརྒལ་བའི་བྱུག་རྫས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཚོང་ཁང་ནས་ཁྱོན་དུས་ཚོད་ཡོལ་བའི་བཟའ་བཅའ་སྣ་ཁ་༡དང་། བྱུག་རྫས་སྣ་ཁ་༤ཡོད་པ་ཤེས་རྟོགས་བྱུང་བ་དང་རིན་ཐང་སྒོར་༣༣༧ཟིན་གྱི་ཡོད་པ་རེད། དོ་བདག་གིས་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་བའི་བཟའ་ཆས་དང་མཛེས་འཆོས་བྱུག་རྫས་གཉེར་སྐྱོང་བྱས་པའི་བྱ་སྤྱོད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་སོ་བཞི་པ་དང་མཛེས་འཆོས་བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག་གི་དོན་ཚན་སོ་དགུ་པའི་གཏན་འབེབས་དང་འགལ་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་ཉེར་བཞི་པར་གཞིགས་ན། འཕྱོངས་རྒྱས་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་དོ་བདག་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱ་དགོས་པའི་བཀའ་བཏང་བ་མ་ཟད། སྤུས་ཚད་འགན་ལེན་གྱི་དུས་ཚོད་ལས་བརྒལ་བའི་བཟའ་བཅའ་དང་བྱུག་རྫས་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་༣༣༧གཞུང་བཞེས་གཏོང་རྒྱུ་མ་ཟད། དངུལ་ཆད་སྒོར་༢༥༠༠སྲིད་འཛིན་གྱི་ཆད་པ་ཡང་བཅད་ཡོད་པ་རེད།


为深入推动群众身边不正之风和腐败问题集中整治工作走深走实,山南市琼结县市场监管部门以开展民生领域“铁拳”行动为抓手,紧紧围绕“保安全”“反欺诈”两个主题,聚焦关系人民群众生命健康安全的重点商品、重点领域和重点行业,充分发挥市场监管综合行政执法优势,集中力量查办了典型案例,有力维护了消费者的权益,现将案例公布如下:

琼结县市场监管局查处琼结百顺蔬菜副食综合批发超市超过保质期食品及化妆品案

2024年10月10日,执法人员对琼结百顺蔬菜副食综合批发超市进行监督检查时,发现该超市销售过期食品和超过使用期限的化妆品。经检查,在店内共发现过期食品1个品种、过期化妆品4个品种,货值共337元当事人经营超过保质期食品、化妆品的行为,违反了《中华人民共和国食品安全法》第三十四条、《化妆品监督管理条例》第三十九条的规定。依据《中华人民共和国食品安全法》第一百二十四条,琼结县市场监管局责令当事人改正违法行为,并作出没收超过保质期的食品、化妆品,没收违法所得337.00元,罚款2500.00元整的行政处罚。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། དབང་མོ།


主编:吾见才让

副主编:平多  桑布  

编辑:晋美  旺姆

 来源:网信琼结

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章