རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི་ཀྲུང་གོའི་བསྡོམས་རྩིས་ལོ་འཁོར་མེ་ལོང་༢༠༢༤ཞེས་པའི་ནང་༢༠༢༣ལོའི་ཞིང་ཆེན་༣༡གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པ་དང་སྒེར་གཉེར་ཚན་པར་ལས་ཞུགས་བྱས་པའི་མི་སྣའི་ཆ་སྙོམས་གླ་ཕོགས་ཀྱི་གྲངས་གཞི་ཡོངས་བསྒྲགས་བྱས་འདུག
国家统计局编著出版的《中国统计年鉴2024》公布了2023年31个省份城镇非私营单位和私营单位的就业人员平均工资数据。
2023年31省份城镇非私营单位、城镇私营单位就业人员平均工资
(来源:《中国统计年鉴2024》)
ཆ་སྙོམས་གླ་ཕོགས་ནས་བལྟས་ན། སྒེར་གཉེར་མིན་པའི་ཚན་པའི་ཁྲོད་སྒོར་ཁྲི་༡༠ལས་བརྒལ་བའི་ཞིང་ཆེན་༢༡ཡོད་པའི་ནང་ཧྲང་ཧའེ་དང་། པེ་ཅིང་། བོད་ལྗོངས། ཐེན་ཅིན། ཀྲེ་ཅང་། ཀོང་ཏུང་། ཅང་སུའུ། མཚོ་སྔོན། ཉིང་ཞ། ཧའེ་ནན་བཅས་མདུན་གྲལ་བཅུའི་ནང་སླེབས་ཡོད་པ་དང་། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཨང་གསུམ་པར་སླེབས་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཐད་མདུན་གྲལ་ལྔའི་གྲས་སུ་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཏུང་། ཅང་སུའུ། ཀྲེ་ཅང་བཅས་ཡིན་པ་དང་། ཚང་མ་ཤར་རྒྱུད་མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་ཡིན་པ་རེད།
ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ༢༠༢༣ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་༡༢༠༦༩༨ཟིན་པ་དེ་ལོ་གོང་མ་ལས་སྒོར་༦༦༦༩འཕར་ཡོད་པ་དང་། མིང་ཐོག་ནས་རྩིས་ན་བརྒྱ་ཆའི་༥.༨འཕར་ཞིང་། རིན་གོང་གི་རྒྱུ་རྐྱེན་ཕུད་ན་དངོས་སུ་བརྒྱ་ཆའི་༥.༥འའཕར་ཡོད་པ་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་༦༨༣༤༠ཟིན་པ་དེ་ལོ་གོང་མ་ལས་སྒོར་༣༡༠༣འཕར་བ་དང་། མིང་ཐོག་ནས་རྩིས་ན་བརྒྱ་ཆའི་༤.༨འཕར་ཞིང་། རིན་གོང་གི་རྒྱུ་རྐྱེན་ཕུད་ན་དངོས་སུ་བརྒྱ་ཆའི་༤.༥འཕར་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཚན་པར་ལས་ཞུགས་བྱས་པའི་མི་སྣའི་ཆ་སྙོམས་གླ་ཕོགས་ལོ་རེ་བཞིན་འཕར་བཞིན་ཡོད་པ་རེད།
从平均工资来看,非私营单位中,共有21个省份超过10万元,其中,上海、北京、西藏、天津、浙江、广东、江苏、青海、宁夏和海南位居前十。西藏城镇非私营单位就业人员平均工资排第三。
在城镇私营单位就业人员平均工资方面,位居前五的分别是上海、北京、广东、江苏、浙江,全部来自东部沿海发达地区。
发布的数据显示,2023年,全国城镇非私营单位就业人员年平均工资为120698元,比上年增加6669元,名义增长5.8%,扣除价格因素实际增长5.5%。全国城镇私营单位就业人员年平均工资为68340元,比上年增加3103元,名义增长4.8%,扣除价格因素实际增长4.5%。
近年来,全国城镇单位就业人员平均工资保持逐年增长态势。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 格丹 旺姆
来源 | 拉萨发布
译文 | 阳光西藏