ལས་འཁྱུར་རྒན་ཡོལ་ཞུས་པའི་མི་སྣར་ཞུ་རྒྱུར།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་སྐོར་གྱི་བཅའ་ཁྲིམས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་ལས་ཐིང་གིས་སྤེལ་བའི་སྤྱི་ཚོགས་འགན་བཅོལ་གྱི་གླ་ཕོགས་འཕར་མ་ལེན་པའི་ཐོབ་ཐང་བདེན་དཔང་བྱས་མེད་པ་རྣམས་གཅིག་བསྡུས་ཀྱིས་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུའི་སྐོར་གྱི་བརྡ་ཐོའི་དགོངས་དོན་དོན་འཁྱོལ་ཐུབ་པ་དང་། མི་སྤྱི་ཐིང་གི་༢༠༡༨ལོའི་ཡིག་ཨང་༥༤པ་སྟེ། སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩ་མགོ་སྐོར་གཡོ་ལེན་དང་། ལྐོག་ལེན་བྱེད་པའི་སྣང་ཚུལ་སོགས་གཏན་འགོག་བྱ་ཆེད། ༢༠༢༤ལོའི་ཟླ་༡༠པའི་བར། ལྗོངས་རིམ་པའི་སྤྱི་ཚོགས་འགན་བཅོལ་གྱི་གླ་ཕོགས་འཕར་མ་མ་བླངས་བར་དུས་ཚོད་ལས་བརྒལ་བའི་མི་སྣའི་མིང་ཐོ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གཞུང་ཕྱོགས་དྲ་ཚིགས། བོད་ཀྱི་སྤྱི་ཚོགས་འགན་སྲུང་དང་བོད་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཐོག་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། རྒན་གསོའི་འགན་བཅོལ་གླ་ཕོགས་འཕར་མ་གནས་སྐབས་སྤྲོད་མཚམས་འཇོག་རྒྱུ་ཡིན། ༢༠༢༤ལོའི་ཟླ་༡༡པའི་ཚེས་༡༡ཉིན་བར། ལྗོངས་རིམ་པའི་དུས་ཚོད་ལས་བརྒལ་ནས་སྤྱི་ཚོགས་འགན་བཅོལ་གླ་ཕོགས་འཕར་མ་མ་བླངས་པའི་མི་སྣ་ཁྱོན་༣༧༨ཡོད་པ་དང་། དེའི་ནང་ཁེ་ལས་ཚན་པའི་རྒན་གསོའི་འགན་བཅོལ་མི་༢༡༥ཡོད་པ་དང་། ལས་ཁུངས་ཀྱི་རྒན་གསོའི་འགན་བཅོལ་མི་སྣ་༡༦༣ཡོད། དེའི་རྐྱེན་གྱིས་བདེན་དཔང་ར་སྤྲོད་བྱས་མེད་པའི་མི་སྣས་དུས་ཐོག་ཏུ་བདེན་དཔང་བྱ་རྒྱུ་དང་། བདེན་དཔང་བྱས་རྗེས་། ཟླ་རྗེས་མ་ནས་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་སླར་གསོ་བྱ་རྒྱུ་མ་ཟད། གནས་སྐབས་སྤྲོད་མཚམས་བཞག་པའི་རིང་གི་གླ་ཕོགས་འཕར་མ་ཡང་གསབ་སྤྲོད་བྱ་རྒྱུ། གལ་ཏེ་དོགས་པ་ཡོད་ཚེ་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་ཅུད་བཀོད་སྒྲིག་ཞབས་ཞུ་ཁོའོ་དང་འབྲེལ་བ་བྱེད་རོགས། འབྲེལ་གཏུག་ཁ་པར་ཨང་གྲངས་༠༨༩༡—༦༨༦༨༡༠༧
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུད་ནས།
༢༠༢༤ལོའི་ཟླ་༡༡པའི་ཚེས་༡༢ཉིན།
为贯彻落实《中华人民共和国社会保险法》《人力资源社会保障部办公厅关于全面取消社会保险待遇领取资格集中认证的通知》(人社厅〔2018〕54号)要求,防范欺诈、冒领社会保险基金现象发生,保障社会保险待遇领取人员权益,现将截至2024年10月区本级超期未进行待遇领取资格认证人员名单在自治区人力资源和社会保障厅官网,“西藏社保”和“西藏社保卡”公众号同步进行公告,并暂停发放养老保险待遇。截至2024年11月11日,区本级超期未进行待遇领取资格认证人员共计 378 人,其中企业职工基本养老保险215人,机关事业单位养老保险163人。请未进行认证人员及时认证,认证后我局将在次月恢复发放养老保险待遇,并补发暂停期间的待遇。如有疑问,请联系自治区社保局安置服务科,联系电话:0891-6868107。
西藏自治区社会保险管理局
2024年11月12日
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། པ་སངས་སྐྱིད་པ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠 巴桑吉巴
来源 | 西藏社保卡
译文 | 阳光西藏