བོད་ནས་ཡང་སྲོག་ཆགས་རིགས་གཉིས་གསར་དུ་རྙེད་འདུག

时事   2024-11-16 17:21   海南  

ཉེ་དུས། སི་ཁྲོན་དགེ་འོས་སློབ་ཆེན་སྲོག་ཆགས་ཀྱི་སྣོད་བཅུད་ཞིབ་འཇུག་ཚོགས་པའི་དགེ་རྒན་ཆེ་མོ་བ་ཁྲེན་ཧྲུན་ཏེས་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་ཁབ་ནགས་ལས་ཅུཌ་ཀྲུང་ནན་སློབ་གླིང་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ནས་འོ་འཐུང་སྲོག་ཆགས་གསར་པ་གཉིས་རྙེད་པ་དང་དེའི་མིང་ལ་རྩྭ་མདའ་བྱི་བ་(Crocidura zhadaensis)དང་། མེ་ཏོག་གི་བྱི་བ་(Crocidura medogensis)ཞེས་བཏགས་ཡོད་ཅིང་། གནས་ཚུལ་དེ་གཅན་གཟན་རིག་པའི་ཚགས་པར་གྱི་དུས་དེབ་༥པའི་ཐོག་སྤེལ་ཡོད་པ་རེད།

近日,四川师范大学动物生态研究团队陈顺德教授联合四川省林业科学研究院、国家林业局中南院,西藏自治区发现2个哺乳动物新种分别命名为札达麝鼩 (Crocidura zhadaensis墨脱麝鼩 (Crocidura medogensis)。该成果已发表在《兽类学报》第44卷第5期。

འདི་ནི་རྩྭ་མདའི་བྱི་བའི་པར་ཡིན།

札达麝鼩野外生态照片

འདི་ནི་མེ་ཏོག་གི་བྱི་བའི་པར་ཡིན།

墨脱麝鼩野外生态照片

གོ་ལ་ཡོངས་སུ་བྱི་བའི་ཁོངས་སུ་གཏོགས་པའི་བྱི་བའི་རིགས་ཧ་ཅང་མང་པོ་ཡོད་པ་དང་། དེ་ནི་འོ་འཐུང་སྲོག་ཆགས་ཁོངས་རིགས་མང་ཤོས་ཤིག་ཡིན་ཞིང་། དེའི་ནང་སྐྱེ་དངོས་རིགས་༡༩༨ཚུད་ཡོད། ཀྲུང་གོར་བྱི་བའི་ཁོངས་སུ་གཏོགས་པའི་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ད་ལྟ་བྱི་བ་ཐལ་མདོག་དང་། བྱི་བ་མཇུག་དཀར་སོགས་ཁྱོན་རིགས་༡༤ཡོད་པ་དེ་དག་རང་རྒྱལ་གྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་༡༥༠ཡོད་པའི་ས་དམའ་ས་ནས་སྨི་༤༠༠༠ཡོད་པའི་རི་ཁུལ་ནགས་ཚལ་དང་། རྩྭ་ར། ཞིང་ས། གྲོང་མིའི་ཁུལ་སོགས་སྣ་ཚོགས་སུ་རྒྱ་ཁྱབ་ཏུ་གནས་ཡོད་པ་དང་། མང་ཆེ་བ་ས་བབ་ཅུང་དམའ་སར་འཚོ་སྡོད་བྱེད་བཞིན་ཡོད་པ་རེད།

ཁྲེན་ཧྲུན་ཏེའི་ཚོགས་པས་གཟུགས་གཞི་རིག་པ་དང་འདུས་རྡུལ་སྐྱེ་དངོས་རིག་པ་སོགས་ཀྱི་གྲངས་གཞི་དང་ཟུང་འབྲེལ་བྱས་ནས། བོད་རང་སྐྱོང་ལྗོངས་རྩ་མདའི་དྲུ་རིའི་ལུང་གཞུང་དང་། མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་པའི་བྱི་བ་གཉིས་ནི་རང་ཚུགས་ཀྱི་སྐྱེ་དངོས་རིགས་གསར་པ་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་། དེར་ས་མིང་བཞིན་མིང་བཏགས་པ་རེད། ད་ལྟ་སྲོག་ཆགས་དེ་གཉིས་རྩྭ་མདའ་རྫོང་དང་མེ་ཏོག་རྫོང་དུ་མ་གཏོགས་མེད་པ་དང་། དེའི་དཔེ་དབྱིབས་སི་ཁྲོན་དགེ་འོས་སློབ་ཆེན་གྱི་སྲོག་ཆགས་དངོས་དཔེ་ཁང་དུ་ཉར་ཚགས་བྱས་ཡོད་པ་རེད།    


全球麝鼩属物种丰富,是哺乳动物中最大的1个属,包括198个物种。中国麝鼩属物种多样性丰富,横跨古北界和东洋界,目前包括灰麝鼩、白尾梢大麝鼩、东阳江麝鼩、华南中麝鼩等14个物种。它们广泛分布于我国海拔150米低地到4000米的山地森林、草地、农田、居民区等各种生境,大多生活在较低海拔。


陈顺德团队结合形态学和分子生物学等数据证明了分布在西藏自治区札达土林河谷和墨脱县雅鲁藏布江中下游的麝鼩是两个独立的新物种,分别以其地名命名。目前这两个物种仅分布在札达县和墨脱县,其模式标本保存于四川师范大学动物标本馆。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། སྐལ་བསྟན། དབང་མོ།

主编 | 吾见才让

副主编 | 平多 桑布

编辑 | 格丹 旺姆

来源 | 西藏卫视+

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章