ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གིས་གཤགས་བཅོས་འདི་འདྲ་ཞིག་བྱས་འདུག

时事   2024-11-20 17:04   西藏  

ཉེ་ཆར།  ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གིས་གསུས་ཤེལ་བརྒྱབ་ནས་མཁྲིས་པ་བཀོག་པའི་གཤགས་བཅོས་ཤིག་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད་པ་རེད། ནད་པ་དེ་ནི་ལོ་༣༢ལ་སླེབས་པའི་བུད་མེད་ཅིག་ཡིན་པ་དང་། ཉིན་༡༤སྔོན་ལ་རྐང་ལག་གི་རུས་ཚིགས་ལ་ཟུག་གཟེར་ལངས་རྐྱེན་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་ཕྱི་བཅོས་ཚན་ཁག་ཏུ་ཡོང་ནས་ཞག་སྡོད་སྨན་བཅོས་བྱས་པ་རེད། དེ་རྗེས་བརྟག་དཔྱད་བྱས་པ་བརྒྱུད། བུད་མེད་འདིར་མཁྲིས་རྡོ་ཡོད་པ་བརྟག་དཔྱད་ཐུབ་པ་དང་། ཁོ་མོས་ནམ་རྒྱུན་གྲོད་པ་གཡས་པའི་སྟོད་ཕྱོགས་དང་དེ་བཞིན་ཕྲག་རྒྱབ་ལ་ན་ཟུག་ལངས་ཀྱི་འདུག་ཅེས་བཤད་པས། ནད་རྟགས་འདིར་དམིགས་ནས་བརྟག་དཔྱད་བྱས་པ་བརྒྱུད། ཕྱི་ནད་ཚན་ཁག་གི་སྨན་པ་དང་སྦྲིད་སྨན་ཚན་ཁག་གི་སྨན་པ་ཕྱི་བཅོས་ཚན་ཁག་ཏུ་བསྐྱོད་དེ་ནད་པའི་ནད་གཞིར་རྒྱུས་ལོན་ཡང་དག་བྱས་རྗེས། ནད་པར་གཤགས་བཅོས་བྱས་ནས་མཁྲིས་པ་བཀོག་རྒྱུའི་ཐག་བཅད་པ་རེད། 

ཐེངས་འདིའི་གཤགས་བཅོས་ལེགས་འགྲུབ་བྱུང་བ་དང་ནད་པའི་གཟུགས་པོ་ཡང་སླར་གསོ་ཡག་པོ་བྱུང་ཡོད་པས། དེ་ནི་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་གསུས་ཤེལ་གྱི་ཆུ་ཚད་མཐོ་རུ་སླེབས་ཡོད་པ་མཚོན་གྱི་ཡོད་ཅིང་། མ་འོངས་བར་ནད་པར་ནད་བརྟག་སྨན་བཅོས་ཞབས་ཞུ་སྤུས་ལེགས་དང་རིམ་པ་མཐོ་བའི་ལག་རྩལ་བེད་སྤྱད་ནས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། 


近日,那曲市藏医院成功开展一例腹腔镜下胆囊切除术。
患者是一名32岁的女性,14天前因关节疼痛在那曲市藏医院外治科住院,通过检查发现胆囊结石,患者平常有右上腹以及肩背部反复疼痛等症状,经会诊,外科医生及麻醉医生前往外治科仔细询问患者病情,向患者耐心介绍病情及手术方案,决定收治外科进行腹腔镜下胆囊切除术治疗。此次手术的成功完成和患者术后的良好恢复,标志着那曲市藏医院在腹腔显微水平迈入了新台阶,能够为广大患者提供优质的诊疗服务和高层次的技术保障。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། མིག་དམར་ནོར་འཛོམས། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠 米玛罗宗

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章