གསར་འགོད་པས་ཚེས་༢༠ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱིས་ཉེ་ཆར་འོད་འཕྲོའི་ཞིབ་བཤེར་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་གཏན་འཁེལ་བྱེད་པའི་ཕྱོགས་སྟོན༼ཚོད་ལྟའི་ལག་བསྟར༽ཞེས་པ་པར་འགྲེམས་བྱས་ཏེ། ད་ལག་བསྟར་བྱེད་བཞིན་པའི་འོད་འཕྲོའི་ཞིབ་བཤེར་རྣམ་གྲངས་གཅིག་གྱུར་བསྡུ་སྒྲིལ་དང་ཚད་ལྡན་བཟོས་ནས། འོད་འཕྲོའི་ཞིབ་བཤེར་རིགས་་ཀྱི་རིན་གོང་ལུགས་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
ཕྱོགས་སྟོན་དེའི་ནང་ད་ལྟ་ལག་བསྟར་བྱེད་བཞིན་པའི་འོད་འཕྲོའི་ཞིབ་བཤེར་རིགས་ཀྱི་རིན་གོང་རྣམ་གྲངས་ཁག་༢༦ལ་བསྡུ་སྒྲིལ་བྱས་ཏེ། བརྙན་གྲུབ་ལག་རྩལ་ལྟར་Xགློག་པར་དང་། རྩིས་རྒྱག་འཕྲུལ་འཁོར་གྱི་གཟུགས་རིམ་CTགློག་པར་སོགས་སུ་རིགས་དབྱེ་ནས། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་ཡག་པོ་བྱ་དགོས་པ་དང་། ཞིང་ཆེན་ཡོངས་༼ལྗོངས་དང་གྲོང་ཁྱེར་༽ཀྱི་རིན་གོང་ཚད་གཞི་གཅིག་པ་བཟོས་ནས། རིན་གོང་དོ་དམ་དབང་ཆ་ཡོད་པའི་ས་ཁུལ་གྱིས་ཞིང་ཆེན་ཡོངས་༼ ལྗོངས་དང་གྲོང་ཁྱེར ༽ཀྱི་རིན་གོང་ཚད་གཞིར་དཔེ་བལྟས་ཏེ། དངོས་སུ་ལག་བསྟར་བྱེད་པའི་རིན་གོང་འཕར་ཆག་གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་རིན་བསྡུ་བར་ཞིབ་བཤེར་བྱས་འབྲས་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། CTགློག་པར་ལ་དཔེ་བཞག་ན། སྤྱིར་བཏང་གི་CTགློག་པར་རྒྱག་སྐབས། CTསྒྲིག་ཆས་ཀྱི་གྲངས་ཀ་མང་ཉུང་ལ་གཞིགས་ནས་རིན་པ་བསྡུ་བའི་ཚད་གཞི་གཏན་འཁེལ་མི་བྱེད་པར། བཤེར་འབེབས་མཐུག་ཚད་ཧའོ་སྨི་༢ལས་ཆུང་བར་རིན་པ་བསྡུ་བའི་རྣམ་གྲངས་མང་དུ་བཏང་ཡོད་པ་རེད།
མི་ཐབས་ལག་རྩལ་དང་གསོ་རིག་གཟུགས་བརྙན་ཟུང་འབྲེལ་བྱེད་པ་དེ་ཉེ་བའི་ལོ་ཤས་རིང་སྨན་བཅོས་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཕྱོགས་སྟོན་ནང་། འོད་འཕྲོའི་ཞིབ་བཤེར་རིགས་ཀྱི་རྣམ་གྲངས་གཙོ་བོའི་ནང་མི་ཐབས་ཀྱི་རམ་འདེགས་སྨན་བཅོས་ཀྱི་རྒྱ་སྐྱེད་རྣམ་གྲངས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ཡོད་པ་དང་། སྨན་ཁང་གིས་མི་ཐབས་རིག་ནུས་སྤྱད་དེ་བརྟག་དཔྱད་བྱས་པར། རྣམ་གྲངས་གཙོ་བོའི་རིན་པ་ལས་བསྡུ་གི་མེད།
དེ་མིན། ཉེ་བའི་ལོའི་རིང་། གསོག་ཉར་གྱི་བྱེད་ཐབས་ཇེ་བཟང་དུ་འགྲོ་བ་དང་བསྟུན་ནས། ཉར་ཚགས་དང་ལྟ་ཞིབ་བྱས་པའི་མཇུག་འབྲས་དེ་སྤྱིན་ཤོག་དངོས་ལ་བརྟེན་མི་དགོས་པས། ཕྱོགས་སྟོན་ནང་གྲངས་འཛིན་བརྙན་པར་ཐག་གཅོད་དང་། བརྒྱུད་སྤྲོད་བྱ་རྒྱུ་སོགས་འོད་འཕྲོའི་ཞིབ་བཤེར་རྣམ་གྲངས་ཀྱི་རིན་གོང་གྲུབ་ཆའི་ཁོངས་སུ་བཅུག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱིས་ཞིང་ཆེན་ཁག་གིས་ཞིང་ཆེན་རིམ་པའི་རིན་གོང་ཚད་གཞི་བཟོ་སྐབས། ཞིབ་བཤེར་སྒྲིག་ཆས་ཆེ་གྲས་ཉོ་སྒྲུབ་བྱེད་པའི་རིན་གོང་འཕར་ཆགས་ལ་དོ་ཁུར་བྱས་ཏེ། འོད་འཕྲོའི་ཞིབ་བཤེར་ཞབས་ཞུའི་རིན་གོང་ལུགས་མཐུན་ངང་དམའ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་རྒྱུ་རེད།
记者20日从国家医保局获悉,国家医保局近日印发《放射检查类医疗服务价格项目立项指南(试行)》,统一整合规范现行放射检查项目,推动放射检查价格趋于合理。
立项指南将现行放射检查类价格项目整合为26项,按成像技术分为X线成像、计算机体层(CT)成像、磁共振成像、单光子/正电子显像等类别,要求各省份结合实际做好对接落实,制定全省(区、市)统一的价格基准,由具有价格管理权限的统筹地区对照全省(区、市)价格基准,上下浮动确定实际执行的价格水平。
国家医保局有关负责人介绍,收费立项坚持以检查效果为导向。以CT平扫为例,普通CT检查不再按CT设备排数确定收费标准,而是对扫描层厚小于2毫米的“薄层扫描”设立加收项。
人工智能技术与医学影像的结合成为近年医疗领域的重要发展趋势。对此,立项指南在放射检查类主项目下统一安排“人工智能辅助诊断”的扩展项,医院利用人工智能进行辅助诊断的,执行与主项目相同的价格水平,但不与主项目重复收费,防止额外增加患者负担。
此外,近年来,随着存储手段进步,保存、查阅检查结果不再依赖实体胶片。立项指南将数字影像处理、上传与云存储纳入放射检查的价格构成。如医疗机构无法做到检查影像云存储的,就需要减收一定费用。
“这将促进医疗机构补齐云影像服务供给短板,助力跨地区跨医院的检查结果共享互认。”国家医保局有关负责人表示,立项指南还统一将实体胶片从项目价格构成中剥离,由患者按需选购,实体胶片实行零差价销售,不捆绑收费。
据悉,国家医保局将指导各省份在制定省级基准价格时,关注大型检查设备真实采购价格下降趋势,合理下调放射检查服务价格水平,促进检查结果互认,减轻群众看病就医负担。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན། བསོད་ནམས། མཚོ་མོ།
主编 | 吾见才让
副主编 | 平多 桑布
编辑 | 晋美 格丹 崇那 措姆
来源 | 新华社
译文 | 阳光西藏